“9.10”
___________དགེ་རྒན་དུས་ཆེན་ལ་ཕུལ་བ།
༡
མེ་ཏོག་གཅིག་རྙིད་ནས་སྐམ་སོང
མེ་ཏོག་གཅིག་སྐམ་ནས་འཐོར་སོང
ཆུ་སྣོད་འཆང་བའི་མི་ཆེན་ཚོས
མེ་ཏོག་གི་མཛེས་སྡུག་ཁོ་ན་གླེང་ནས་སྡོད་དམ
༢
ཞག་སྒྲོན་ཞིག་འབར་ནས་རྩ་བར་ཐུག་ཐེངས་རེརེ
མི་གཤིས་ཤིག་འཕགས་ནས་རྩེ་མོར་བསྙེགས་ཐེངས་རེར
ཚ་གདུང་གིས་ཟགས་པའི་རྔུལ་ཆུ་ནམ་ཡང་སྐེམ་མི་སྲིད
༣
ས་སྨྱུག་དེ་ནག་པང་དང་བརྡར་དྲགས་པས
ཤ་ཁྲག་དང་རུངས་པའི་རྡུལ་ཟེགས་དག
ཉི་ཐིག་གི་ལམ་ཆེན་དེད་ནས
རེ་སྙེག་གི་མིག་ཟུང་རེ་རེར་འཐིམ་སོང
༢༠༠༥.༩.༡༠
རྩོམ་ཁུངས། ༢༠༠༥ལོའི་གངས་རྒྱན་མེ་ཏོག་གསུམ་པ།