རེ་འབྲས་མ་སྨིན་པའི་ལོ་མ།
འཛུམ་བཞིན་པའི་ལོ་མ་མང་པོ
བཞུར་གྱིན་པའི་ཆུ་མོའི་གཞུང་ན
རེ་འབྲས་གང་མང་གི་བསམ་བློ་ཁྱེར་ནས
རླུང་བུ་དང་མཉམ་དུ་ལྡང་ལ
གཙང་བོ་དང་མཉམ་དུ་བཞུར
སྟོན་རླུང་གི་རོལ་དབྱངས་གྲགས་མགོ་རྩོམ་དུས
སྨིན་ཟིན་པིའེ་ལོ་མ་དག
རྒྱང་རིང་གི་མ་ཡུམ་དྲན་པ་ནང་བཞིན
དུས་ཚིགས་འདིའི་ལྗོན་པ་ཡོད་ཚད་དང་གྱེས་ཏེ
ཕྱིར་དྲན་གྱི་བྲང་ཁོག་བརྟོལ་ནས
གཅིག་འཕྲོར་གཅིག་གིས་འཕུར་སོང
དེ་དུས ས་ཆེན་གྱི་སྒལ་ཚིགས་ན ཁྱེད་རང
སླར་ཡང་འཁྲེང་ཞེན་མག་མོག་ཅིག་གི་བར་གསེང་བརྒྱུད་དེ
ཟླ་དྲུག་པའི་གླུ་སྐད་ལ་རེ་ཡང
ཚོར་མེད་འགུལ་མེད་ཀྱི་ལྗང་མདོག་གི་ལྟེངས་ཀ་དེ་ལ
ཆེས་མང་པོའི་མནོ་བསམ་གྱི་ཉིང་ཁུ་ཅི་ལྟར་ཤོང
ཆེས་ཟབ་པའི་རྨི་ལམ་གྱི་ཁ་དོག་ཅི་ལྟར་བསྐྲུན
༢༠༠༥.༦.༡༥
རྩོམ་ཁུངས། ༢༠༠༥ལོའི་གངས་རྒྱན་མེ་ཏོག་གསུམ་པ།