བྱུ་རུ་དམར་པོ།
དྲན་ཕྱོགས་ཤིག་གིས་ངས་རྒྱུན་དུ་སྒེའུ་ཁུང་ཕྱི་རོལ་ལ་བལྟས་ཡོད
ལོབ་སྟངས་ཤིག་གིས་ངས་རྒྱུན་དུ་རྐང་སྒྲ་འཇམ་པོ་ཞིག་ལ་ཉན་ཡོད
བྱུ་རུ་དམར་པོ ངའི་ལས་དབང་གི་དར་སྐུད་ཕྲ་མོ
འཇམ་ཐིང་ཐིང་གི་ཁྱོད་ཀྱི་མཚོ་མོའི་ངོགས་སུ
ཁེར་རྐྱང་དུ་འདུར་བའི་རྔོན་པ་བོའུ་ཁུར་ག་ཙམ་ཡོད
དྲན་གདུང་གིས་སྐྱོམས་པའི་ཡུ་མོ་དམར་ཆུང་ཅི་ཙམ་མཆིས
ནམ་སྟོད་ཀྱི་ཆར་བ་ཟིམ་ཟིམ་དེས
ཁྱོད་ཀྱི་མཁུར་ཚོས་ངོས་ལ་ཟིལ་བ་ཆགས་སོང
བྱུ་རུ་དམར་པོ ལི་ཤི་ལྟ་བུའི་ ་བ་འཁུར་མཁན་གྱི་ཁྱོད
ཆར་གདུགས་ཁྲ་ཁྲ་དེའི་འོག་རོལ་ན
སྙིང་རྗེ་བའི་སེམས་པ་བརླན་གྱིས་གཤེར་ཨེ་ཡོད
གཙང་གཞུང་ན་ཀོ་གྲུ་ཆ་གཅིག་གི་རྣམ་ཤེས་གཡོ
རྒྱང་རིང་གི་སྐར་ཕྲན་ཞིག་ལྷོ་མཐའི་དགུ་ཚིགས་ལ་ཐིམ་སོང
བྱུ་རུ་དམར་པོ སྟོན་ལྗོངས་ཀྱི་ཉམ་ང་དེས
ང་རང་ལོ་ཟླའི་ཕ་མཐའ་ལ་བསྐྱུར་མི་སྲིད
༢༠༠༣.1.15ཉིན།
རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག་དེབ་དང་པོ།