གླག་ཕྲུག་གི་ལྷུག་བརྗོད།

གནམ་སྔོན་པོ་འདི་སྔོ་ཞིང་དྭངས་ལ
ས་དོག་མོ་འདི་ལྗང་ཞིང་ནེམ་ཨང

ཐོངས་ཤིག            ང་ནི་བྲག་ཐེམ་གྱི་གླག་ཕྲུག་གོ
ངའི་གཤོག་ཟུང་གི་ཕ་ཡུལ་ནམ་མཁའ་དང
ངའི་གྲིབ་གཟུགས་ཀྱི་འཁོར་ས་སྤང་ལྗོངས་ཡིན
རྩྭ་ཕྲན་དེ་བྲག་ངོས་ནས་སྐྱེས་ཤིང་སྐམ་ནའང
རྒོད་པོ་ནི་ནམ་མཁའི་སྐུ་སྲས་མིན་ནམ
སྤྲིན་དཀར་ནི་བདག་གི་ལ་ཐོད་ལགས

རླུང་ཇི་ལྟར་ལྡང་ནའང

ནམ་མཁའ་ལ་ཕ་མཐའ་ཡོད་མི་སྲིད
སྤོབས་པ་དང་གདེང་ཚོད་ཡོད་ན
ཉི་ཟླ་ཡང་བར་སྣང་ན་གནས་ཤིང
མཛེས་པའི་རི་ལུང་ཡང་རི་མོ་བཞིན་སྙིང་དུ་སྡུག

ཐོངས་ཤིག    རུས་ཀོག་གི་དཀར་མདངས་ཙམ་གྱིས
གཤོག་འགྱུར་ལ་ངར་ཁ་ཅི་ཞིག་སྩོལ་ནུས
སྲ་མཁྲེགས་ཀྱི་བྲག་སྐྱིབས་ཁོ་ནས་ཀྱང་དྲོད་ཁོལ་ཅི་ཙམ་སྦྱིན་ནུས
འཇའ་ཚོན་གྱི་ཁྲབ་རྨོག་གྱོན་ཐུབ་ན
རང་བྱུང་ཁམས་ཆེན་པོ་ནི་བྱ་ཚོགས་ཀྱི་བཞུགས་ཁྲི་ཡིན་ཆོག

ངས་ཤེས་ཏེ   ཁྱོས་ཀྱང་འཕག་རྡེབ་བྱས་མྱོང་ལ
ཁྱོས་ཀྱང་ནམ་མཁའ་ནས་སྤྲིན་པ་ཁ་ཤས་བརྟོལ་མྱོང
གང་ལྟར་ང་ཐོངས་ཤིག
གློག་དམར་དེ་ནི་ཉམས་སད་ཅིག་ཡིན་ལ
མཚམས་སྤྲིན་དེ་ཡང་བསླུ་བྲིད་ཅིག་ཡིན་ངེས
ཆར་རླུང་ཁོ་ནས་དེད་ན
ང་ཚོའི་གཤོག་རླབས་དང་ཉི་འོད་གང་ན་ཡོད

ཁུག་རྟ་རླབས་རྩེ་ན་འཕྱོ་བ་འཇོན་ཐང་ཡིན་ལ
ཁུ་བྱུག་མོན་ཡུལ་དུ་ལོག་པ་དུས་ཀྱི་འཕོ་འགྱུར་ཡིན
གླག་མོ་བྲག་ཐེམ་ནས་རྒས་ཤིང་འཁོགས་པ
ཅི་ཞིག་ཡིན
ལོ་མ་ས་རུ་ཟགས་པའི་ཉམ་ང་ཡིན་ནམ

ཉི་མ་ནུབ་འགྲོ་བའི་བརྒལ་བརྟག་གིས
སྐྱ་རེངས་ཤར་ཟིན་པའི་མཚར་སྡུག་ཀྱང་མ་མཐོང་ན
གླག་མོ་འཕུར་ཆོག་པའི་དུས་ཚིགས་ནམ་ཡིན
ཐོངས་ཤིག    ནམ་མཁའ་ནི་བྱེ་བ་ཕྲག་བརྒྱའི་ནམ་མཁའོ

ཆར་སྤྲིན་རླུང་གསུམ    ང་ཚོའི་བསུ་ཆང་དང་ཁྱོགས་ཤིང་ཡིན་ལ
རི་ཆུ་ལུང་གསུམ་ཡང་ང་ཚོའི་རྒྱབ་དཔུང་དང་སེམས་གསོ་ཡིན
གཤོག་པ་ཐོགས་ཉིན་ནས
འཕུར་ཆོག་པའི་ཁེ་དབང་ཨ་སྔོན་གྱིས་གནང་ཡོད
ཁ་བ་དང་རླུང་འཚུབ་ཀྱི་སྡང་སྡིགས་ཀྱང
དུས་ཚིསག་ཀྱིས་བཀོད་པའི་སྦྱོང་བརྡར་ལགས

ཐོངས་ཤིག  
བྱང་ལྟའི་བྲག་ཕུག་ལ་ཉི་འོད་འཁོར་མི་སྲིད
ལྷ་ལམ་འཕྲུལ་གྱིས་བསྐོར་ན
ཉི་འོད་བཞུར་ཞིང་གླུ་སྒྲ་འགུལ་བ་ཡང་མཐོང་སྲིད

ཁྱུང་ཆེན་གྱིས་རི་རབ་མནན་ཞིང
ནམ་མཁའ་བསྒྲིབས་མྱངཨ་བའི་གཏམ་རྒྱུད་ཀྱི་ཤུལ་ན
རང་ལུས་སྲོ་ཤིག་རྒུམ་འབུ་རུ་འཐུ་བའི་འདབ་ཆགས་ཅི་ཙམ་བཞུགས
རྩྭ་ཐང་ན་སྡིག་སྲིན་ཁྱུ་རུབ་རྒྱག་ནའང
སྡེར་མོ་བརྐུམས་ནས    ལྕགས་མཆུ་རང་ལ་སྐོར་བ་འདི
ཉམ་ང་རང་ཚང་དུ་འཁོར་བའི་དགུན་ཟླ་ལགས
དེའི་རྗེས་ལ་ད་དུང་ཁངས་ཆེན་ཡང་འབབ་སྲིད

ཐོངས་ཤིག      ཚོད་ཚོད་ལ་གཤོག་ཟུང་བརྐུམས་ན
 སྤྲིན་པའི་འཁྲེང་ཞེན་ལ་སྡུག་ཡུས་འཁོར་ཞིང
ནམ་མཁའི་རེ་ལྟོས་ལ་མུན་ནག་འཐིབས་སྲིད
དུས་དེར   སྐྱོབ་པའི་ལྷ་ཆེན་ཞིག་གནམ་ས་གང་ན་ཡོད

བྲག་རིའི་བརླིང་ཚུལ་དེ
ས་གཞིའི་ཁོག་ན་གསལ་ཞིང
རྩེ་མོ་མཐོ་ཚུལ་ཡང་སྨུག་པའི་བང་གིས་སྒྲོག་ནའང
བྲག་ཐེམ་ལ་འཁོདར་བའི་སྐྱུར་དྲི་དེ
དུས་རབས་གང་གི     སེམས་ཅན་སུ་ཞིག་གི་གསོལ་སྟོན་ལ་འོས

ཐོངས་ཤིག
བསེར་བུའི་རྒྱུ་ལམ་ནི་ང་ཚོའི་འཕུར་ལམ་ཡིན་ལ
ས་གཞིའི་སྒལ་ཚིགས་ནི་ང་ཚོའི་འབབ་ཚིགས་ཡིན
གཤོག་རྩལ་རང་ལ་ཡོད་ན
ཉི་འོད་དང་འཇའ་ཚོན     རྫ་ཆུ་དང་ནགས་ཚལ
མེ་ཏོག་གི་དྲི་ཞིམ་རེ་རེ་ང་ཚོས་ཀྱང་མྱངས་ཆོག་ལ
ང་ཚོ་ལའང་རང་ཁྱིམ་ལྟར་དབང་ཆོག
            ༢༠༠༢ལོའི་ཟླ༧པའི་ཚེས༢༧ཉིན།

རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག་དེབ་དང་པོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གླག་ཕྲུག་གི་ལྷུག་བརྗོད།

2010-08-06 ཁྱུང་བཟང༌། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།