སྐྱུར་ཆང་གི་རོ་མ།
སྐད་ཆ་དེའི་ཕ་རོལ་ན ས་སྲོད་ཅིག་ཡོད་དམ
མཚན་མོ་འདི སྐྱུར་ཆང་གི་ཁྲོད་པ་རེད
དུས་ཚོད་དང་རྔུལ་ཆུས་བཀྲུ་བཞི་པའི་ང་ཚོ
གཉོམ་དུང་དུང་གིས རྣ་གཤོག་རིང་བོ་རེ་དྲུད་དེ
ཁྲོན་ཁ་ན སྐྱུར་ཆང་ལེན
སློང་མ་ཚོ མནོ་བསམ་གྱི་གཏིང་རུམ་ལ་བཅུག་ནས
ཐེ་ཚོམ་གྱི་ཉེས་དམིགས་ག་ཚོད་བསགས
སྐྱུར་ཆང བདུད་རྩི་ཡིན་པའི་ངེས་པ་མེད་མོད
འདི་ལྟ་བུའི་མཚན་མོར སུས་ཀྱང
སེམས་གསོ་མི་ཐུབ་པའི་ཨམ་གཙིགས་བསྡམས་མ་མྱོང་སྐད
ཆང་ལེན་ཚོ “ཕོ་རོག་ཆུ་འཐུང་བྱི་བཞིན ”
བྱང་ཐང་གི་འཆི་བདག་ཚོ ད་ལྟ
གལ་སྒྱིང་དང་བཅས སྔར་མེད་ཀྱི
སུན་སྣང་གི་མགོ་བོ་འཕྲེད་དུ་གཡུག་བཞིན
བཟི་སླ་བའི་སྐྱུར་ཆང་གི་ཁྲོན་ཁ་ན འདར་སིག་སིག
འདར་སིག་སིག་གི་ཉམས་ང་འདིའང སྐྱུར་ཆང་གི་རོ་མ་ཡིན
སྐྱུར་ཆང སྐྱུར་དྲགས་པའི་རྐྱེན་ནམ
དོན་དངོས་སུ
སྐད་ཆ་དེའི་ཕ་རོལ་ན ས་སྲོད་ཅིག་ཡོད་དམ
༢༠༠༢ལོའི་ཟླ༣པའི་ཚེས་༢༨ཉིན་ཟི་ལིང་དུ།
རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག་དེབ་དང་པོ།