འཆར་སྒོ་ཞིག་གི་སྣེ་ན།
ཐོག་མ་དེ ཆེས་ཐོག་མར
ངས་ཁྱོད་ལ་རྒྱུས་ལོན་མ་བྱས་པའི་ཐོག་མར
སོ་དཀར་པགས་པའི་འཛུམ་ཙམ་ཡིན་པར་བསམ
ཁ་རོག་གེར འཇམ་ཐིང་ངེར
གཞི་ཁྱོན་ཆེ་བའི་སྙིང་གི་ལྟེང་ཀ་དེ་ནས
ང་བོས་བྱུང འབོད་མཁན་དེ་ཁྱོད་རང་ཡིན་ནམ
བརྟགས་ཤིང་དཔྱད་པ་མེད་པའི་གློ་བུར་དུ
དྲན་དབང་བསམ་དབང་མེད་པའི་འཆར་སྒོ་ལས
ངའི་མེ་ཐབ་ལས མེ་ལྕེ་གཞན་ཞིག
མེ་རབས་ནས་ཚེ་རབས་ལ་བཏབ་པའི་ས་སོན་ཞིག
སྨོན་ལམ་འདེབས་ཚུལ་བརྒྱ་དང་བརྒྱད་ཀྱི་ལོ་ལེགས་ཁྱོད
དོ་ནུབ་ང་དྲན་མཁན་ཡིན་པ་རྟོག་བཟོ་བྱས་ཡོད
ངང་ཚུལ་ཞིག་གི་འོད་ཟེར་ཡིན་པར་གོ་འོང
༢༠༠༢ལོའི་ཟླ༨པའི་ཚེས༢༠ལ་སྐྱེས་ཁྱིམ་ནས།
རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག་དེབ་དང་པོ།