དཔའ་རྒོད་རྗེས་སུ་དྲན་པའི་གླུ །

                                                                    ____ཐང་སྟོང་རྒྱལ་བོར་ཕུལ་བ།
ཆུ་ཀླུང་ལ་ཟམ་པ་མེད་པར་བསྐལ་བ་ཞིག་ངང་གིས་ཟད་སོང
སེམས་ཅན་གྱིས་ཕར་ངོགས་བསམ་ནས་ཀྱང་བསྐལ་བ་ཞིག་ཡུན་གྱིས་ཟད་སོང

བློ་རིག་གི་སྐྱེན་རྩལ་ལས  ཀོ་གྲུ་ཞེས་པའི་དངོས་པོ་ཞིག་ཆུ་ངོས་ནས་གསར་དུ་བྱུང་ཞིང་
དེ་རྣམས   ཡམ་ཡོམ     ཡམ་ཡོམ་གྱིས་བསྐྱོད་པར་བྱེད
ཡིན་ནའང     དབུལ་ཕོངས་ཀྱི་་ཕྱི་ནང་གསང་གསུམ
ནམ་ཡང་གྲམ་གཞུང་ནས་ལུས་ཤིང
མེད་མུག་གིས   ཁྱེད་ཀྱི་དབུ་ལའང་སྙིང་རྗེ་མེད་པའི་གྲུ་ཁེམ་དེ་བབ་སོང
དོང་ཙེ་མེད་ས་ན    གཙང་པོའི་ཕར་ཚུར་ནི་གནམ་སའི་ཕར་ཚུར་ཡིན་པ

ཁྱེད་ཀྱིས     དུས་དེ་ཉིད་དུ་རྟོགས་ཤིང
རྔུལ་ནག་གི་ཐིགས་པས་ཡ་ཐོད་བརྒྱན་ཏེ
ཁྱེད་ཉིད་རྣོ་ལྕགས་ཀྱི་ཁུང་སྒེ་རེ་རེར་སྒྱུ་རྩལ་གྱིས་མྱུལ་ཞིང
གཙང་པོ་རེ་ལ     མི་སེམས་ཀྱིས་བརྒྱུས་པའི་ལྕགས་ཐག་གི་སྐ་རགས་རེ་བཅིངས་སོང

གཙང་པོ་སྔར་བཞིན་ང་རྒྱལ་གྱིས་འབབ་ཅིང
ཀོ་གྲུ་སྔར་བཞིན་ཁེངས་རློམ་གྱིས་བསྐྱོད་ནའང
ཉམ་ཐག་རྣམས་ལྕགས་ཐག་ལས་བག་ཡངས་སུ་ཕེབས་ཤིང
ལྕགས་ཐག་རྣམས¡°ལྷ་མོའི¡±སྟངས་སྟབས་ཀྱི་ཁུགས་ནས
གནམ་སའི་མཐའ་ལ་འཐེན་སོང
དབུལ་ཕོངས་ཀྱི་སྙིང་ལ་འཐེན་སོང
ཟམ་འབུམ་དང་ཟམ་རྔུར་ཡོད་ཚད་ལས
མེ་ཏོག་སྣ་ཚོགས་ཁྲ་ལམ་མེར་བཞད་ཅིང
སྐྱེལ་འདྲེན་དང་བརྗེ་སྤོར་གྱི་གོམ་ཁ་རེ་རེ་ཡང
བྱང་རྒྱུད་ནས་ཤར་ལྷོ་ནུབ་གསུམ་དུ་བརྐྱངས་སོང

ཟམ་པ་ནི་མི་སེམས་ཀྱི་སྦྲེལ་ཐག་རེད
ལྕགས་ཟམ་ནི་མཉམ་འབྲེལ་གྱི་རྣོ་ངར་རེད

གཙང་པོ་ལ་ཟམ་པ་ཡོད་པས
མི་ཚོགས་ལ་རྒྱང་བསྐྱོད་ཀྱི་གོམ་ཁ་ཡོད་པར་གྱུར་ཅིང
གཙང་པོ་ལ་ཟམ་པ་ཡོད་པས
དབང་བོ་ལ་གཤོག་པ་ཡོད་པར་གྱུར་སོང

ཨ     ཁྱེད་ཡོད་པས     ང་ཚོའི་ལོ་རྒྱུས་ལ་ཤོག་ལེབ་གསར་བ་ཞིག་བྱུང་ཞིང
ཁྱེད་བྱོན་པས      ང་ཚོ་ལ་དངོས་གནས་ཟམ་པ་ཡོད་པར་གྱུར

མི་ཚོགས་ཀྱིས་དངུལ་ལོར་གྱི་ངོ་སོ་སྙེག་པའི་དུས་འདིར་ཡང
ཁྱེད་ནི་རྟག་བརྟན་གྱི་ཟམ་ཆེན་ཞིག་སྟེ
ཐུགས་རྗེའི་ཨ་ལོང་གི་ཁུག་པ་རེ་རེ་གནམ་འོག་ན་གསོན་ཅིང
 “ལྷ་མོའི་ཚོགས”ཀྱང་ལྕགས་ཐག་གི་རྣོ་ངར་ལས་འཕྲོས་ཏེ
ད་ནི      འཇིག་རྟེན་གྱི་གར་སྟེགས་མཐོ་ཤེས་སུ་འཕུར་སོང
ཡིད་འོང་གི་སྟངས་སྟབས་རེ་རེས
མི་སེམས       མུ་ནས་མུ་རུ་སྦྲེལ
         2003.11.6
 
རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔའ་རྒོད་རྗེས་སུ་དྲན་པའི་གླུ །

2010-07-28 ཁྱུང་བཟང༌། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།