འབྲོག་ཁྱི་ལས་འཕྲོས་པའི་གཏམ་ཨ་ཙ་མ།

      འགྲོ་བ་མིས་རྟག་ཏུ་གཞན་ལ་སྡིག་དམོད་དམ་གཤེ་གཤེ་གཏོང་དུས།  སྐྱེས་པ་རྒན་པ་ལ་ཁྱི་རྒན་དང༌།  སྐྱེས་མ་ཁྲེལ་མེད་ལ་ཁྱི་མོ།  གཞོན་ནུ་
སྟོབས་ཆུང་ལ་ཁྱི་གུ།  རྐུན་མ་ལ་ཁྱི་རྐུན།  རྫིག་རྫིག་བྱེད་མཁན་དག་ལ་ཁྱི་སྨྱོན་སོགས་གང་ལ་གང་བསྟུན་ལྟ་བུའི་ངང་ཁྱི་དང་འབྲེལ་བའི་ཐོབ་ཐང་ཞིག་
གིས་ཕ་རོལ་ཡུལ་དེ་ལ་ཧ་ཅང་དམན་པར་བརྗོད་ཀྱིན་ཡོད་པ་རེད།
        ཡིན་ན་ཡང་འབྲོག་ཁུལ་གྱི་མི་སེར་ཚོའི་འཚོ་བའི་ཁྲོད་དུ་ཁྱི་ནི་གལ་ཆེན་པོར་འཛིན་ཅིང་མེད་དུ་མི་རུང་བ་ཞིག་ཏུ་བརྩི་བཞིན་ཡོད་ལ།  སྒོ་ཁྱིས་
འབྲོག་ཁྱིམ་རེ་རེའི་རྒྱུ་ནོར་དང་ཕྱུགས་ཟོག་རྣམས་ཉིན་མཚན་ཀུན་ཏུ་སྲུང་སྐྱོབ་བྱེད་ཀྱིན་ཡོད་པས། ཁྱི་ཡི་མིང་གཞན་ཞིག་ལ་ནོར་སྐྱོང་ཞེས་ཀྱང་འབོད་
ཀྱིན་ཡོད་པ་རེད།  དེ་ལྟར་ཁྱིམ་མི་དང་སྒོ་ཁྱིའི་བར་ལའང་འདང་བརྩེ་ཆེན་པོ་ཆགས་ཡོད་ལ་སྒོ་ཁྱི་དེར་ནང་མི་ཞིག་གི་འདུ་ཤེས་འཛིན་མཁན་ཡང་
དགའ་རབ་ཡོད་རེད།
        འབྲོག་པ་ལ་མི་ཡིས་ལོ་སར་གཏོང་བ་བཞིན་ཁྱི་ལ་ཡང་ལོ་སར་གྱི་ཉིན་མོ་ཞིག་གཏན་འཁེལ་བྱས་ཡོད་པ་ནི།   ཕལ་ཆེར་དེང་གི་སྐྱེས་པ་ཚོས་
གསུམ་བརྒྱད་བུད་མེད་དུས་ཆེན་ལྔ་གཅིག་ངལ་རྩོལ་པའི་དུས་ཆེན་ཟེར་བ་དང་འདྲ་སྟེ།   ཁྱི་ཡི་ལོ་སར་ནི་མི་ཡི་ལོ་གསར་གྱི་ཕྱི་ཉིན་ཏེ་ཚེས་པ་གཉིས་
ཉིན་ལ་ངོས་འཛིན་བྱེད་ཀྱིན་ཡོད།  ཉིན་དེར་ཉི་རྩེ་ཤར་མ་ཐག་ནང་མིས་ཐོག་མར་ཁྱི་ལ་ཟས་རིགས་སྣ་ཚོགས་ཀྱི་ལོ་སྐལ་ཟེར་བ་ཞིག་བསྐྱལ་ནས་ལོ་སར་
ལ་བཀྲ་ཤིས་བདེ་ལེགས་ཞུ་བཞིན་ཡོད་ལ། དེ་ནི་ཁྱི་རྣམས་ཀྱིས་འདས་པའི་ལོ་གཅིག་རིང་ནང་མི་རྣམས་དང་དགའ་སྡུག་མཉམ་མྱོང་བྱས་པར་ཐུགས་རྗེ་
ཆེ་ཞུ་བ་ལྟ་བུའི་ལུགས་སྲོལ་ཞིག་ཡིན་འདུག
        ཁྱི་ཡི་ལོ་གསར་བཏང་རྗེས་ཉིན་དེའི་དགོང་མོ་ནི་ཁྱི་ཡི་སྟོན་མོ་བྱེད་པའི་དུས་ལ་ངོས་འཛིན་གྱིན་ཡོད་དེ། དུས་དེ་ལ་གལ་སྲིད་མི་གང་རུང་ཞིག་
གིས་ཁ་ལག་བཀྲུས་པ་དང་མཛེས་བཟོ་བཏོད་པ་ཡིན་ན་གཞན་རྣམས་ཀྱིས་བཀྲུ་པ་པོ་དེ་ནི་ཁྱི་ཡི་སྟོན་མོར་འགྲོ་བའི་སྟ་གོན་བྱེད་ཀྱིན་འདུག་ཅེས་པའི་
བཤད་སྲོལ་ཞིག་ཡོད་རེད།
       འབྲོག་ཁྱི་དེ་འཛམ་གླིང་ལ་སྐད་གྲགས་ཆེ་བའི་ཁྱི་ཡི་རིགས་བཞིའི་ཡ་གྱལ་དུའང་བགྲང་སྲོལ་ཡོད་ལ།   དེ་ནི་ཁྱི་ཡི་ཚན་ཁག་ལས་རིཊ་རྒྱུད་གཙང་
ཤོས་ཤིག་དང་དེའི་བདག་པོའི་རང་གཤིས་དང་ཉེ་བར་རང་ལ་འཆམ་ཞིང་དགྲ་ལ་བཙན་པ་ཞིག་ཀྱང་ཡོད་པས་འཛམ་གླིང་ག་ས་ག་ལ་དོ་སྣང་བྱེད་
མཁན་ཅུང་མང་བའི་གནས་སུ་ཡོད་རེད།
       འབྲོག་པ་ཚོས་འབྲོག་ཁྱི་ལ་མིང་འདོགས་སྟངས་ཀྱི་ཆ་ནས་བཤད་ན་ཡང་ལོ་ཚད་ལྟར་ན་ཚོད་མཐོ་བ་དེ་ལ་ཁྱི་རྒན་དང༌།   ན་ཚོད་སྨིན་ཙམ་པ་
དག་ལ་ཁྱི་ལག   ཆུང་ངུ་ན་ཚོད་མ་སྨིན་པ་དག་ལ་ཁྱི་གུ་སོགས་འབོད་སྲོལ་ཡོད་ལ། ཁྱིའི་སྤུ་ཡི་ཁ་དོག་ལྟར་ན་རྒྱ་བོ་ཞེས་པ་དེ་ལས་རྒྱ་དཀར་དང་རྒྱ་
ནག  རྒྱ་དམར་སོགས་དང༌།  ཁྱད་ཆོས་དང་བདག་པོའི་སྨོན་འདུན་གྱི་ཆ་ནས་རྒྱ་སྟག་དང་སེང་གེ།  དྲེད་པོ།  དོམ་ནག  སྟག་ཕྲུག་སོགས་འབོད་སྲོལ་
ཡོད་ལ།   ཨ་མདོའི་ཡུལ་ལུང་ལ་ལར་ཕྱིའི་རྣམ་པ་ལ་བལྟས་ནས་ནག་པོ་བྲང་ན་དཀར་ཐིག་ཡོད་པ་ལ་དང་དཀར་དང་ལུས་སྟོབས་མི་ཆེ་བ་རྣམས་ལ་
རྒྱ་ལུ་དང་ནག་ལུ་སོགས་སུ་འབོད་པ།   ཁྱི་མོ་ཡིན་ན་སེང་མོ་དང་སྟག་མོ་སོགས་སུ་འབོད་པ། ད་དུང་འབྲོག་པ་ཚོས་ཁྱི་དེ་རང་གི་ནང་མི་ལྟ་བུར་བརྩི་
བའི་ཆ་ནས་གཅེས་མིང་ཡང་སེང་གེ་ལ་སེང་རིལ་དང་རྒྱ་བོ་ལ་རྒྱ་ལེ།  དྲེད་པོ་ལ་དྲེད་ལོ།  དང་དཀར་ལ་དང་ལ་སོགས་ཀྱང་འབོད་སྲོལ་ཡོད་རེད།
         ཡོངས་གྲགས་སུ་མི་ཚེ་ལོ་བརྒྱ་དང་ཁྱི་ཚེ་ལོ་དགུ་ཟེར་སྲོལ་ཡོད་མོད།  ཁྱིམ་བདག་ལ་ལས་སྒོ་ཁྱི་ལ་བདག་སྐྱོང་ཡག་པོ་བྱེད་ཀྱིན་ཡོད་སྟབས། ཁྱི་
ཁ་ཤས་ཀྱིས་མི་ལོ་སུམ་ཅུ་ཐུབ་པ་ཡང་འབྱུང་སྲིད་པ་ཞིག་ཡིན། ཁྱིམ་ཚང་ཁ་ཤས་ལ་ནང་མི་ཚང་མས་རང་གིས་བཟའ་བཏུང་གང་བྱེད་པ་དེ་བཞིན་སྒོ་ཁྱི་
ལ་ཡང་ལོངས་སྤྱོད་ཀྱི་སྐལ་བ་ཐོབ་པར་བྱེད་ལ།  ཁྱིམ་བདག་མ་ལ་ལས་ཉིན་གཅིག་ལྟོ་ཐུན་གསུམ་ལ་ཆེད་མངགས་ངང་སྒོ་ཁྱིའི་ཟས་རིགས་གཡོ་སྐོལ་
བྱེད་པ་ཡང་ཁོ་བོའི་གོ་ཐོས་མཐོང་གསུམ་གྱི་ཡུལ་དུ་གྱུར་མྱོང༌། ང་ཚོའི་ཕ་ཡུལ་ལ་འདི་འདྲའི་གཏམ་རྒྱུད་ཅིག་ཡོད་དེ།  ཐེངས་ཤིག་ཁྱིམ་ཚང་ཞིག་གིས་
སྒོ་ཟོག་བོར་བརླག་ཐེབས་ནས་ཁྱིམ་བདག་རྒད་པོ་ག་ས་ག་ལ་འཚོལ་དུ་ཕྱིན་པར། ཉིན་གང་ཡར་རྒྱུག་མར་འདུར་གྱིས་མི་ཆད་རྟ་ངལ་གྱི་ངང་ལ་ཕོ་བ་
ཡང་ལྟོཊ་ཀྱིན་པས་རྒན་པོས་ད་ནི་ངལ་གསོ་བརྒྱབ་ཅིང་བཀྲེས་སྐོམ་ཡང་སེལ་དགོས་སྙམ་ནས་ཐག་རིང་གི་འབྲོག་ཁྱིམ་གཞན་ཞིག་ཏུ་སླེབས་པར་ཁྱིམ་
བདག་མས་ཁོང་ལ་ཇ་དཀར་ཡོལ་གང་བླུགས་ཤིང་རྩམ་པ་ཞིག་བཟའ་བར་བཅུག་རྗེས།  ལུག་ཤ་ཞིག་གཏུབ་ཅིང་གྲོ་ཕྱེ་བརྫིས་ནས་ཐུག་པ་ཞིག་སྐོལ་བའི་
གྲ་སྒྲིག་ལྟ་བུ་ཞིག་བྱས་པར།   རྒད་པོའི་སེམས་ལ་ད་ནི་ཁྱིམ་བདག་ཡ་རབས་ཞིག་དང་འཕྲད་སོང༌། ཐུག་པ་ཞིམ་ཐག་ཆོད་ཅིག་ཀྱང་རེག་གི་རེད་བསམ་
ནས་དགའ་བ་དང་བཅས་བསྒུག་བསྡད་པ་རེད། ཡུད་ཙམ་ནས་ཐུག་པ་ཁོལ་བྱུང་བར་ཁྱིམ་བདག་མས་རང་གི་བུ་ཕྲུག་ལ་ཁྱི་རྐོ་ཁྱེར་ཤོག་དང་ཅེས་མངག་
བཅོལ་བཏང་བ་རེད། མ་གཞིར་ཐུག་པ་དེ་ནི་རང་གི་སྒོ་ཁྱིར་བཟོས་པའི་ཉིན་གུང་གི་ལྟོ་ཐུན་དེ་ཡིན་འདུག
        འབྲོག་པས་ལོ་གཅིག་དུས་བཞི་ལ་རྩྭ་ཆུ་དང་བསྟུན་ནས་འཚེར་ས་སྤོ་དགོས་ཡོད་པར། དེ་ནི་དཀའ་ལས་ཆེན་པོ་ཡོད་པའི་དུས་ཚོད་ཅིག་ཡིན།
ལྷག་པར་དུ་དཔྱིད་ཀར་མཚེར་ས་སྤོར་བ་དེ་ནི་དུས་གཞན་ལས་ཀྱང་དཀའ་ངལ་ཆེན་པོ་ཡོད་པ་ཞིག་ཡིན།  དགུན་དུས་བརྒྱུད་མ་ཐག་གི་ཕྱུགས་ཟོག་
རྣམས་སྐྱ་ཟད་སྔོ་སྡུག་གི་ཁྲོད་ལ་ད་དུང་མུག་ཁ་ནས་ཐར་ཐག་ཆོད་ཐུབ་མེད་ལ་ལུག་ཟོག་ཆུང་རིགས་ཀྱི་ལུས་གཞི་ཧ་ཅང་སྐྱོ་ནས་འགྲོ་མ་ཐུབ་ན་ཁལ་
མར་འགེལ་དགོས་པ་དང༌།   བྱིས་པ་ཆུང་ངུ་དང་རྒན་རྒོན་ལོ་ཧ་ཅང་བགྲེས་པ་རྣམས་ཀྱང་སླེ་བོར་བཅུག་ནས་ཁལ་གཡག་དང་ཁལ་མཛོ་ལ་འགེལ་
དགོས་བྱུང་གི་ཡོད་རེད་ལ།  དེ་དུས་ཁྱི་རྒན་བགྲེས་པོ་དག་ལ་ཡང་མི་ཡི་ཐོབ་ཐང་དེ་དང་འདྲ་མཉམ་ཞིག་རེག་གི་ཡོད་པ་རེད།
         ད་ལྟ་འབྲོག་ཁྱི་དེ་རིགས་ནི་རྐུན་མ་ཕར་འགོག་པ་ལས་རང་ཉིད་རྐུན་མ་དང་གསོད་མཁན་གྱི་ལག་ལ་ཞ་བཞིན་ཡོད་ལ།  རང་གི་རིགས་དེ་ཡང་
འཆོལ་ནས་ཕྱི་ནང་གཉིས་ཀྱི་ཡག་འཇོན་དེ་ཉམས་ཏེ་ཁྱི་རིཊ་གསར་བ་མང་པོ་ཞིག་བྱུང་དང་འབྱུང་བཞིན་པ་འདི་ཡིན་ལ།   སྤུས་དག་པ་དེ་ཚོ་རང་གི་
ཐོག་མའི་ཕ་ས་སྟེ་འབྲོག་ཡུལ་བསྐྱུར་ནས་རྒྱལ་ཁབ་ཕྱི་ནང་གི་གྲོང་དང་གྲོང་གསེབ་ཀྱི་མི་འབྱོར་བ་ཅན་དེ་ཚོའི་གྲོགས་པོ་ཆགས་ནས་བདེ་སྐྱིད་འཚོ་བ་
རོལ་གྱིན་པའི་གཏམ་མང་པོ་གོ་རྒྱུ་ཡོད་པ་དང༌།  མི་ཁ་ཤས་ཀྱིས། དེང་སང་འབྲོག་ཁྱི་རྒྱུད་གཙང་ཞིག་བཙལ་དགོས་ན་བོད་ཡུལ་ལ་འཚོལ་བ་ལས་ཁྱི་
ཚོང་རྒྱག་མཁན་གྱི་ཚོང་པ་དེ་ཚོ་བཙལ་ན་རྙེད་སླ་བར་འདུག་ཟེར་བ་དེ་ཡང་བརྟག་མི་བཟོད་པའི་གཏམ་ཞིག་མ་ཡིན་སྙམ། ཉེ་ཆར་ཀྲུང་དབྱང་བརྙན་
འཕྲིན་ལས་ཁུང་ནས་གསར་འགྱུར་ཞིག་བསྒྲགས་པ་ལྟར་ན།  ལར་ལོ་བཅུའི་སྔོན་ཡིན་ན།  ཀྲེ་ཅང་གི་ཝུན་ཀྲིའུ་ཞེས་པའི་ས་ཁུལ་དེ་ལ་དཔེ་གསར་ཅན་
གྱི་རླངས་འཁོར་ཉོ་རྒྱུ་དེ་རྒྱུགས་ཆེ་ལ། ད་ལྟར་རང་གི་ཁྱིམ་ལ་འབྲོག་ཁྱི་ཞིག་ཉར་ཡོད་པ་དེ་མི་ཚང་གི་ཐོབ་ཐང་ལྟ་བུ་ཞིག་ཡིན་ཟེར་འདུག
          གོ་ཐོས་གཞན་ཞིག་ནི་གལ་སྲིད་འབྲོག་ཁྱི་རྣལ་མ་ཞིག་ཡིན་ན་རྒྱ་ནང་གི་ཁྲོམ་རའི་གོང་ཚད་ནི་སྒོར་འབུམ་གཅིག་མ་ཟིན་ཙམ་ལ་སླེབས་ཀྱིན་
འདུག་ཟེར།
 
རྩོམ་ཁུངས། དམངས་ཁྲོད་ཚགས་པར

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འབྲོག་ཁྱི་ལས་འཕྲོས་པའི་གཏམ་ཨ་ཙ་མ།

2008-10-29 དཔལ་མོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།