ཧི་གཟུགས་ཟིན་བྲིས་དང་ང་།

           དུས་ཀྱི་དཀྱོགས་མཚམས་འདི་ནས་ཁོ་བོས་ཀྱང་མཁས་བརྒྱ་འགྲན་གླེང་དང་མེ་ཏོག་མཉམ་བཞད་ཀྱི་ལད་མོ་ཙམ་བྱས་ནས།  ད་སྔའི་བར་སྙན་ངག་མང་དག་ཅིག་བྲིས་པའི་ཁྲོད་འདི་ཀོ་བཟང་ངམ་སྙམ་པ་ཞིག་ཡེ་ནས་མ་བྱུང་བས་རང་ལ་སྙན་ངག་པ་ཟེར་བའི་བརྡ་དེ་མི་འབྱོར་བ་ཤེས་འཕྲལ།  ཧི་གཟུགས་ཟིན་བྲིས་ལ་བརྟེན་ནས་ཉི་མ་རེ་རེར་སྙན་ངག་གི་ལས་བྱ་གཅིག་རེ་འབྲི་གིན་ཡོད། ཟིན་ཐོ་འདི་ལ་ལྟ་མི་སྤྲོ་བ་དག་གིས་སྤྱན་ལ་འོ་བརྒྱལ་མི་འོང་བར་ཞུ།      གཞན་སེམས་ཁུར་ཡོད་འདོག་གི་སྐྱེ་བོ་རེ་འགས་ཁྱོད་ཀྱིས་དུས་ཚོད་ཡོད་ཚད་གློག་ཀླད་ཀྱི་སྔོན་ན་འདོར་གྱིན་ཡོད་དམ་ཞེས་ཞར་དང་ཞོར་ནས་གསུངས་མོད།  ཐུགས་དགོངས་ནི་དག་ཀྱང་རུང་དེ་ནི་མི་སྒེར་གྱི་འཚོ་བར་གཏོགས་པའི་དོག་བློ་དེ་འདྲ་འཆིང་དགོས་མི་འདུག  ང་ལ་ནམ་རྒྱུན་ངའི་འཚོ་བའི་ཁ་ཕྱོགས་ཤིག་ཡོད་ཙ་ན་དེ་ལ་གཞན་གྱིས་སྙོན་འཛུགས་དང་ཕན་སེམས་འཆིང་དགོས་པ་མ་རེད། དེ་ལས་གཞན་དེང་གི་དུས་སུ་མི་སྒེར་ལ་གཏོགས་པའི་བྱ་བྱེད་མང་དག་ཅིག་སྤྱི་ཚོགས་ཀྱི་ཁེ་ཕན་ཞིག་དང་འབྲེལ་ནས་གླེང་ཁུལ་བྱེད་པ་འགའ་རེ་འདུག་པས་དེ་ནི་འགོགས་དགོས་ཟེར་བ་མིན་མོད་བྱ་བ་མི་བཟང་བ་ཞིག་རེད་སྙམ་ཡོད། ངས་ནི་དུས་རྒྱུན་བཤད་མི་ཚར་བའི་ལེགས་འདེམས་དཔྱད་སྟངས་དང་དོར་སྣང་མ་ལས་ཕབ་མིན་ལ་ལྟ་གིན་མེད།  དེ་ནི་རང་ལ་དོར་སྣང་མ་ཡོད་དྲག་པ་དང་མི་གཞན་ལྟར་དྲ་དཔོན་གྱིས་བར་གེགས་མ་བཟོས་པའི་ཞེན་ཕྱོགས།  རང་ཉིད་ཟིན་བྲིས་མཁན་པོའི་མིང་བསྐམ་ལ་དགའ་དྲག་པས་ཡིན་ཡང་སྲིད།  གང་ལྟར་ང་རང་ཉིད་ནི་དྲ་གྲོགས་རེ་འགའི་སྐབས་ཀྱིས་ངོ་བསྟོད་ཁ་གཡང་།  དེ་མིན་བསྟོད་པ་གང་མང་ཞིག་གི་ཁྲོད་ན་འགྲོ་གྱིན་པའི་མི་བུ་ཞིག་ཡིན་ཙང་ཟིན་ཐོ་འབྲི་རྒྱུར་ཤིན་ཏུ་དགའ་བོ་ཅུང་ཡོད།        མི་གཞན་ལྟར་རང་ཉིད་ཐེད་ལ་བོར་ནས་སྤྱི་དོན་རྐྱང་བའི་ངོས་ན་ཟིན་བྲིས་གླེང་གི་ཡོད་པ་དེ་ལྟ་མིན། ཧི་གཟུགས་ཟིན་བྲིས་བྱུང་བ་ནས་སྔོན་དང་བལྟས་ན་སྙན་ངག་གི་ལས་བྱ་ཡང་ཅེ་བཟང་ལ་སོང་ཡོད།དེ་མིན་དཔེ་ཀློག་གི་དུས་ཚོད་རན་ཙམ་ཡིན་པས་བར་ཆད་འདྲ་ཅང་ཐེབས་མེད།  གྲོག་མ་ཕྱེ་མ་ཚ་བོའི་ནང་དུ་བགྲོད་པ་ལྟ་བུའི་འདུར་རྒྱུག་བྱེད་ཀྱིན་སྙན་གྲགས་རེམ་པར་འཐོབ་འདོད་པའི་ཟིན་བྲིས་པ་ཞིག་ཡིན་ན་ཧི་ཟིན་འདི་ཅུང་སྟེགས་བུ་མཐོན་པོ་ཞིག་ཡིན་སྙམ་སྐྱེས་གིན་མེད། རྒྱུ་མཚན་ནི་མདོ་དབུས་ཁམས་གསུམ་དང་ཕྱི་ནང་གཉིས་ཀྱི་ཀློག་པ་པོ་འདི་ལྟའི་མང་པོ་ཞིག་གིས་ཁྱོད་ཁོ་ནར་རྒྱལ་ཁ་སྟེར་མི་སྲིད། ངོམ་དུ་རུང་བའི་བརྩམ་ཆོས་མདུན་དུ་སྤུངས་མྱོང་བའི་དགེ་ཆོས་ལྟ་བུ་ཡང་ཅི་ལྟ་བུའི་འཚོ་བ་ཞིག་གི་ཁྲོད་ནས་སོང་མྱོང་བ་དེ་ཤེས་ན་སེམས་འདི་བདེ་ལ་ཅུང་འབབ་ཐུབ་པར་སྙམ་མོ།། ད་ནས་བཟུང་མཚམས་རེར་གཞན་གྱི་སྐྱོན་ཆ་འཚོལ་བ་མང་དྲག་པས་རང་ཉིད་བོར་བ་ཡང་སྲིད་པས།  རང་གི་ཞན་ཆ་དེ་ཡང་ངོ་ཤེས་ནས་གཞན་ལ་བཤད་མི་ཐུབ་རུང་ཁོག་ནས་བརྩིས་བཏབ་ཅིང་།  དེ་ཡི་ཚད་ཐིག་ཅིག་ཏུ་བསྡད་ན་ཟིན་བྲིས་གཙོས་གྱུར་བའི་རིག་གཞུང་ལ་གནོད་པ་མེད་པ་ཡང་ཡོད་སྲིད་ཀི་སྙམ།    དེ་མིན་གྲོང་སྐད་དམ་ཕ་སྐད་རྐྱང་བ་ཞིག་གིས་བོད་མིའི་བརྡ་སྤྲོད་ལ་བསླད་བརྒྱབས་པ་མང་དྲག་ན་འང་མི་མཛེས་པར་སྙམ། ངའི་རྩོམ་ལ་ཡང་དེ་ཡི་སྐྱོན་གནས་འདུག དེ་ལས་གཞན་ཅང་བཤད་དུ་མེད། དམིགས་པའི་ཕུགས་གསལ་བ།  སྐབས་ཀྱི་དགེ་བ་དང་ཕུགས་ཀྱི་འབྲས་བུ་ལ་དཔྱོད་པ།  འདི་སྐོར་གཅིག་རེད་དམ་སྡེ་གཅིག་གི་རེད་ཅེས་གཞན་ལ་བཤད་ཞོར་རང་ཉིད་ཀྱིས་དཔུང་མ་བསྒྲིགས་པའི་ངོས་ནས་ཟིན་ཐོ་རེ་སྤེལ་ན་འོས་པར་མཐོང་།

རྩོམ་ཁུངས། ཧི་གཟུགས་ཟིན་བྲིས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཧི་གཟུགས་ཟིན་བྲིས་དང་ང་།

2009-09-24 ལྷམ་ཀོག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།