དེང་རབས་ཀྱི་དོགས་དཔྱོད་དགག་སྒྲུབ་པ་ཚོར་གླེང་བའི་སྐད་ཆ་ཚིག་འགའ།

                                                                                                  ༡ གླེང་གཞིའི་ཀུན་སློང་།

       སྤྱིར་ན་ཤེས་བྱའི་རྣམ་གྲངས་མཐའ་ཡས་པ་དེའི་ཕྱིར་ང་རང་ཉིད་ལ་མཚོན་ན་མང་པོ་ཞིག་ཤེས་ཡོད་བསམ་པའི་ཀུན་སློང་དང་འདོད་བློ་ནམ་ཡང་ཚིམ་མྱོང་མེད་ལ། རང་རྒྱུས་རང་གིས་ལོན་པའི་གསང་བ་ཁོག་ལ་ཉར་ནས་མི་ཤེས་ཤེས་ཁུལ་གྱིས་སྐད་ཆ་ཆེན་པོ་དང་རྫིག་པོའི་འུད་ཤོབ་རྒྱག་རྒྱུར་དེ་བས་དགའ་བོ་མེད། མ་ཟད་མི་སེམས་དཔྱད་སྟོབས་ཀྱིས་གཞོལ་ཞིང་ཡོད་ཚད་བློ་ངོར་སྣང་བའི་བསམ་བློ་པ་ཞིག་ཡིན་ཟེར་བའི་སྟོང་བསམ་ཡང་ནམ་ཡང་སྐྱེས་མྱོང་མེད། འུ་ཚོའི་མི་རབས་འདིར་འགའ་རེ་ནས་(རོ་ཚད་ལ་མི་བལྟ་རོ་མདུང་)ཞེས་པའི་དཔེ་ལྟར་གཏིང་ཟབ་ས་དང་རྒྱ་ཆེ་ས་ཞིག་ལ་འཇུས་ནས་ཁོ་རང་ལས་བསམ་བློ་བ་དང་། རིག་གནས་པ། གསར་གཏོད་པ། དཔྱོད་ཤེས་པ་ཞིག་མེད་པའི་འུར་འདྲོགས་ལངས་ཀྱིན་ཡོད་པ་དེ་ཚོ་ཇི་འདྲའི་གླེན་པ་རྐྱང་རེད་སེམས། དེ་ནི་གནའ་བོའི་དུས་རབས་ཀྱི་ལོ་པཎ་མཁས་གྲུབ་ཚོས་རིག་གཞུང་སྦྱངས་གཉེར་རྩོལ་བསྒྲུབ་ཀྱི་དཀའ་སྤྱོད་སྡུག་རུས་བྱེད་ཕྱོགས་དང་བསྡུར་ན། ད་ལྟའི་དུས་རབས་དང་སྤྱི་ཚོགས་འཕེལ་ཤུགས་ཆེ་བའི་འཚོ་བའི་གནས་སྟངས་འོག་འུ་ཚོས་གང་ལ་སློབ་གཉེར་དང་སྦྱངས་བརྩོན་བགྱིས་པའི་དུས་ཡུན་ཐུང་ཐུང་འདིའི་ནང་། དགའ་དགའ་སྐྱིད་ཚོར་ངང་རིག་གནས་རྩོལ་གཉེར་བྱེད་ཕྱོགས་དེ་ཙམ་གྱིས་འུ་ཚོའི་མི་རབས་འདིར་སྤྱིའི་ཆ་ནས་ཤེས་ཡོན་གྱི་རྨང་གཞི་རྐང་ཚུགས་མེད་ཅེས་ཐག་བཅད་ནས་བཤད་ཆོག ང་རང་ལ་མཚོན་ནའང་དེ་དང་གཅིག་མཚུངས་ཡིན།

      འོན་ཀྱང་གནའ་ནས་ད་ལྟའི་བར་འུ་ཅག་ལ་དབང་བའི་ས་མཐོའི་ཁོར་ཡུག་དེ་དང་དེའི་སྒང་གི་འུ་ཚོའི་ཤ་ཁྲག་རུས་གསུམ་གྱི་གཏིང་རིམ་དང་འདྲེས་པའི་རིག་གནས་ཀྱི་ཟ་ཟུར་ལ་འཇུས་ནས་འཚར་ལོངས་བྱུང་བའི་བརྒྱུད་རིམ་ཁྲོད། སྐབས་སྐབས་ལ་རང་ཉིད་ཀྱི་ཀུན་སློང་དང་འབྲེལ་ལྟ་ཚུལ་འགའ་རེ་སེམས་ངོར་འཆར་མོད། ཅི་ཞིག་གི་རྐྱེན་པས་འུ་ཚོའི་གནས་མལ་དང་ཁོར་ཡུག་གི་བར་ཐག་དབང་གིས་གཞན་ལ་བཤད་སའི་གོ་སྐབས་མ་རེག་པའམ་བཤད་བློ་མ་བདེ་བར་ཡུན་རིང་ལུས་མཐར། ད་ལྟ་འུ་ཅག་ཐུན་མོང་ལ་དབང་བའི་དྲོད་སོབ་སོབ་ཀྱི་ཁྱིམ་གཞི་ལྟ་བུའི་ཟིན་བྲིས་འདི་དག་གི་དྲིན་གྱིས་ང་ཚོ་གཅིག་སེམས་གཅིག་ཏུ་འཛོམས་ཐུབ་བྱུང་བ་འདི་ཧ་ཅང་གི་དགའ་འོས་པ་ཞིག་རེད། འོན་ཀྱང་ང་རང་ངོས་ནས་གནས་  འདི་དག་ཏུ་རིགས་མཐུན་གྱི་སྤུན་ཟླ་ཚོར་ལྟ་ཉན་སྤྲོ་འཕེལ་གྱི་ལེགས་སྐྱེས་ཡག་པོ་ཞིག་ཕུལ་རྒྱུ་མེད་པ་ངས་ཁས་ལེན་བྱས་ཆོག

     ཡིན་ནའང་རང་ཉིད་ལ་བདོག་པའི་ཀུན་གཤིས་དེ་དང་དེས་བསྐྱེད་པའི་རང་གི་ཕ་ཡུལ་ལ་བཅངས་པའི་བརྩེ་སེམས་ལྷད་མེད་ཀྱིས། རང་གིས་ཅི་བསམ་གྱི་ལྟ་ཚུལ་རེ་སྤུན་ཟླ་ཚོར་དམའ་འབེབས་ཕོག་ཐུག་གཏོང་བ་དང་ཟུར་ཟ་འཕྱ་སྨོད་ཀྱི་ངན་སེམས་ཀུན་སློང་ཅི་ཡང་མེད་པར་ཁ་གསལ་གཏིང་གསལ་དུ་བཤད་འདོད་པ་དེ་ཡིན་སྟབས།

      ད་རེས་འུ་ཅག་དབང་བའི་གླེང་སྟེགས་འདི་བརྒྱུད་ཕྲན་གྱིས་བཤད་འདོད་པ་ནི་ཟིན་བྲིས་དྲ་ངོས་ཁག་ལ་བློ་སེམས་ཕྱོགས་ཤིང་ངག་སྒོ་ཕྱེས་པའི་མཐོ་སྒང་བ་འུ་ཚོའི་གཞོན་སྐྱེས་ཤེས་ཡོན་པ་ཟེར་ནའང་འདྲ། གང་ལྟར་ད་ལྟའི་མགོ་ཐོག་གི་དུས་རབས་འདིར་གསར་གཏོད་ཀྱི་གླེང་སློང་བའི་སྨྱུག་འཛིན་པ་ཚོའི་ཀུན་གཤིས་བསམ་བློ་དང་སྤྱི་ཚོགས་འགན་བབ་ཀྱི་ངོས་ནས་སྐད་ཆ་ཚིག་འགའ་ཁ་ཞེ་གཉིས་མེད་ཀྱི་སྙིང་གཏམ་ཞིག་གི་ཚུལ་དུ་གླེང་རྒྱུ།

                                                     ༢ འུ་ཚོས་དུས་རབས་ལ་བསྟུན་ནས་གནད་དོན་འཚོལ་ཞིབ་བྱ་ཤེས་དགོས།

       དུས་རབས་ཉེར་གཅིག་པ་འདིར་འུ་ཅག་མཐོ་སྒང་བའི་ཆོས་དང་རིག་གཞུང་གི་ཁྱབ་ཚད་སྔོན་རབས་དང་བསྡུར་ན་ཐོལ་བརྒལ་གྱི་ཚུལ་དུ་བྱུང་ཡོད་ཅེས་བརྗོད་ན་མི་ཆོག་པ་ཆེར་མེད་ལ། དེར་བསྟུན་གྱིས་ད་ལྟའི་འུ་ཚོའི་མི་རབས་འདིར་མཚོན་ན་རང་མི་རིགས་འདི་དང་རིག་གཞུང་འདི་ལ་བཅངས་པའི་བསམ་བློ་གཏོང་སྟངས་དང་ཀུན་གཤིས་འཁྱེར་སྟངས་ཀྱི་ཆ་ནས་ཆེས་དོ་སྣང་བྱ་དགོས་པའི་དུས་མཚམས་ཤིག་ཏུ་འཁེལ་ཡོད་པས། ང་ཚོས་ངེས་པར་དུ་རང་རང་སོ་སོའི་ངོས་ནས་འགན་དུ་བླངས་ཏེ་གཟབ་དགོས་པ་ཞིག་རེད་སེམས།

        ད་ལྟ་འུ་ཚོའི་མགོ་ཐོག་ན་བརྒྱུད་པའི་དུས་རབས་འདིར་མཚོན་ན་བོད་པ་ཚང་གི་ཁྱད་འཕགས་ཀྱི་ཁོར་ཡུག་ན་གཞན་གྱི་མགོ་འཕངས་མཐོ་ཞིང་དབང་ཤུགས་བཙན་པ་དང་། ཁྱད་འཕགས་ཀྱི་རིག་གཞུང་རིམ་བཞིན་ཉམས་ཉེས་སུ་འགྲོ་བ། ཁྱད་འཕགས་ཀྱི་མཁས་པ་རྒན་པ་ཚོ་རེ་རེ་བཞིན་མེད་འགྲོ་བའི་དུས་མཚམས་ཐབས་རྡུགས་ཤིག་ཏུ་འཁེལ་ནས། གདོད་མ་ནས་མཐོ་སྒང་ན་འཚོ་བའི་མི་རིགས་འདིའི་ཁ་ཕྱོགས་གཞན་ཞིག་ཏུ་བསྒྱུར་ཅིང་། བཙན་པོ་ནས་དཔའ་ངར་སྙིང་སྟོབས་དང་གཞུང་དྲང་གཤིས་སྤྱོད་ཀྱིས་བརྒྱུད་པའི་མི་རིགས་འདིའི་མི་གཤིས་གཞན་ཞིག་ཏུ་འགྱུར་ཉེན་འདུག་པས། དེས་ན་ཚན་རྩལ་རིག་གནས་ཐོལ་བརྒལ་གྱིས་དར་ཤུགས་ཆེ་བའི་དུས་རབས་འདིར་ང་ཚོ་སྟེ་མི་རབས་གསར་པ་ཚོས་ཁ་བདེ་མོའི་ནང་ནས་ཚིག་ཤོམ་སྙན་མོ་རེ་ལབ་ནས་ལྷོད་ལྷོད་དུ་རང་མགོ་རང་གིས་གཡོགས་ནས་འདུག་རན་མ་རེད། འོ་ན་འདུག་རན་མ་རེད་ཟེར་ནས་འུ་ཚོས་མདའ་གྲི་མཚོན་ཆ་བཟུང་ནས་དམག་ལ་འགྲོ་དགོས་པ་མ་རེད་ལ། ཤ་རྩམ་གྱི་རྒྱགས་བྲོ་བཟུང་ནས་ཇག་ལ་འགྲོ་དགོས་པ་དེ་བས་མ་རེད། འུ་ཚོས་འུ་ཚོ་སྐྱེ་ས་དང་གནས་སའི་མཐོ་སྒང་འདི་དང་འདིའི་སྟེང་གི་ཡོད་ཚད་གཞིས་ཁྱིམ་གཅིག་གི་ཚུལ་དུ་དྲང་བདེན་དང་ལྷག་བསམ་ཀྱིས་རྒྱུན་འཛིན་སྲུང་སྐྱོབ་བྱེད་དགོས་པའི་འགན་འཁྲི་འཁུར་དགོས་ལ། འགན་འཁྲི་དེ་ཇི་ལྟར་འཁུར་དགོས་བའི་ངོས་ནས་འུ་ཚོའི་མི་རིགས་འདི་མདུན་བསྐྱོད་མི་ཐུབ་པའི་བཀག་རྡོ་གང་ཅི་དེ། རིག་གཞུང་གི་ངོས་ནས་རེད་དམ། གོམས་སྲོལ་གྱི་ངོས་ནས་རེད་དམ། མི་གཤིས་ཀྱི་ངོས་ནས་རེད་དམ། ཁོར་ཡུག་གི་ངོས་ནས་རེད་དམ། ཡང་ན། གཞན་ཞིག་གི་ངོས་ནས་རེད་དམ། གང་ལྟར་འུ་ཚོས་རྒྱུ་རྐྱེན་གང་དེ་དཔྱད་ཞིབ་ཤེས་པའི་སྒོ་ནས་གནད་ཀྱི་འགག་རྩ་འཚོལ་རྟོགས་རྒྱུས་ལོན་གྱིས། གང་སྔོགས་འདོན་བྱས་པ་དེར་ཇི་ལྟར་ཕར་རྒོལ་གྱི་ཐབས་ལམ་འཚོལ་བ་དང་བཅོས་བསྒྱུར་གྱི་འཐབ་འཛིང་བྱ་དགོས་པ་ལས། གནས་ལུགས་ཀྱི་ཟབ་ས་མ་རྟོགས་ཤིང་དགོས་ངེས་ཀྱི་རིན་ཐང་མ་ངེས་པར་གཏོར་བཅོམ་གྱི་འུད་ཤོབ་དང་དགག་རྒྱག་གི་ཁ་ཤོམ་འཐེན་པ་ནི་ངལ་བ་འབྲས་མེད་ཡིན་ལ། དེ་འབྲེལ་གྱིས་མི་ཤེས་ཤེས་ཁུལ་དང་མི་འཇོན་འཇོན་ཁུལ་གྱིས་བྱ་བརྒྱ་རྡོ་གཅིག་གི་དཀྲོགས་པ་བཞིན་འུར་ལངས་པ་ནི་རི་བོང་ཅལ་འདྲོགས་ཀྱི་ཚུལ་ལས་མ་འདས་སོ།།

                                                                 ༣ འུ་ཚོས་གྲུབ་འབྲས་ལ་བལྟས་ཏེ་བཟང་ངན་སྤང་བླང་བྱ་ཤེས་དགོས།

       ད་ནས་ཡར་རྩིས་པའི་ལོ་ངོ་ཉི་ཤུ་དང་སུམ་ཅུ་ཙམ་ཚད་བཟུང་གིས་བལྟས་ན་དུས་ཡུན་དེའི་ནང་གླེང་སློང་ཆེ་བའི་འུ་ཚོའི་མི་རབས་འདིའི་ཤེས་ཡོན་པ་(ང་ཚོའི་རིག་གཞུང་གི་ཟབ་ས་ནས་གླེང་མཁན་ཡང་འགའ་རེ་ཡོད་)དང་། བསམ་བློ་བ་ཡིན་ཟེར་བ་ཚོ་མཛུབ་མོ་ནང་གུག་གིས་རྩིས་ན་བགྲང་ཆོག་ཆོག་ཏུ་ཡོད་པས། དེ་ལ་དེང་སྐབས་ཀྱི་དོགས་སློང་དང་དཔྱོད་ཤེས་པའི་ཐ་སྙད་ཁ་ལ་འཁྱེར་མཁན་ཚོས་ནི་རྙིང་དོར་གསར་སྤེལ་གྱི་བསམ་བློ་དང་ལྟ་བ་གླེང་མཁན་འགའ་ཞིག་འཇོག་རྒྱུ་ཡིན་པ་ཐག་གིས་ཆོད། དེ་ལ་འུ་ཚོའི་མི་རབས་འདིའི་རང་གཤིས་ལ་གྲུབ་པའི་ཧ་ལས་ཆོག་ཆོག་གི་བག་ཆགས་དེས་ཁོ་ཚོ་ལ་ཆེ་མཐོང་དང་བསྟོད་བསྔགས་ཀྱི་ཆོ་ལོ་གང་མང་ཕུལ་ཡོད་པ་དེ་བཞིན་གྱིས་ཁོ་ཚོའི་ངོས་ནས་མིག་མཐོང་ལག་སོན་གྱི་བསམ་བློ་གསར་པ་དང་། ལྟ་བ་གསར་པ། ལམ་ལུགས་གསར་པ། སྙིང་སྟོབས་གསར་པ་གང་དང་གང་ཕུལ་ཅིང་། ལྟ་བ་དེ་བཞིན་རྒྱུན་འཛིན་གྱིས་ང་ཚོ་འཚོ་བའི་ཁོར་ཡུག་འདི་དང་འདིའི་ཁྱབ་ཚད་ཀྱི་རིག་གཞུང་ཉམས་རྒུད་ཐད་བཞག་པའི་གྲུབ་འབྲས་གང་དང་གང་ཐོན་ཡོད་དམ། ཞེས་དྲི་བ་འདི་སོ་སོའི་ངོ་གདོང་ལ་མཛུབ་མོ་བཙུགས་ནས་འདྲི་དགོས་པའི་གནད་འགག་གི་དྲི་གཞི་ཞིག་ཡིན་ལ།  དྲི་གཞི་འདི་བཞིན་ཁ་གསལ་གཏིང་གསལ་གྱི་ལན་ཞིག་སུ་ལའང་འཇོག་ཏུ་མེད་པར་མཛུབ་མོ་ཁ་ལ་བཅུག་ནས་འདུག་རྒྱུ་དེ་ཡིན་པར་སེམས།

       དེ་མཚུངས་དེང་གི་དུས་ཏེ་དྲ་རྒྱའི་རིག་གནས་ཆེས་ཆེར་འཕེལ་རྒྱས་དང་བཀོད་ཁྱབ་ཆེ་བའི་དུས་འདིར་ང་ཚོ་ལའང་གང་ལ་གང་འཚམ་གྱི་མི་རིགས་རང་གི་སྐད་ཡིག་བཀོལ་སྤྱོད་ཆོག་པའི་དྲ་གནས་གང་མང་ཞིག་ཤར་གཏོང་ཐུབ་སྟེ་རང་རིགས་སྤུན་ཟླ་མང་པོ་ཞིག་དེ་རུ་ཞུགས་ནས། རང་རང་གི་མཐོང་ཐོས་དང་རྣམ་དཔྱོད་རྩལ་ལས་བྱུང་བའི་རིག་གནས་སྒྱུ་རྩལ་གྱི་རྣམ་པ་མང་པོ་གང་འཚམ་གྱིས་དར་སྤེལ་ཁྱབ་བརྡལ་ཆོག་བའི་དུས་སྐལ་ཤིན་ཏུ་བཟང་ནའང་། མང་པོ་ཞིག་ལ་གོ་སྐབས་དེ་དམ་འཛིན་གྱིས་རིག་གནས་ཁྱབ་སྤེལ་དང་བསམ་ཚུལ་བརྗེ་རེས་བྱེད་པའི་བསམ་བློའི་ཀུན་སྤྱོད་༼གཞན་ལ་འཕྱ་སྨོད་ཀྱི་ཚིག་རྩུབ་སྨྲ་མཁན་༽དམན་དྲགས་པ་དང་རིག་གནས་ཆུ་ཚད་ཞན་ཚིག་གི་སྡེབ་སྤྱོར་དང་ཡི་གེའི་དག་ཆ་ཚིག་ཕྲད་སོགས་ནོར་བ་དྲགས་པའི་སྣང་ཚུལ་འདི་གཅིག་ཐོག་གཉིས་བརྩེགས་ཀྱི་ཚུལ་དུ་བྱུང་དང་འབྱུང་གིན་ཡོད་པས། འུ་ཚོས་ངེས་པར་དུ་དོན་གནད་དེ་སྣང་ཆུང་དུ་མི་འཇོག་པར་རང་རང་སོ་སོའི་ངོས་ནས་ཤེས་པར་བྱས་ཏེ། ཀུན་གཤིས་ངན་པ་བཅོས་བསྒྱུར་དང་རིག་གནས་ཆུ་ཚད་མཐོར་འདེགས་གཏོང་རྒྱུ་གལ་ཆེར་སེམས།         ཁ་སང་དེ་རིང་གི་དུས་འདིར་ཆུ་སྣ་གར་ཁྲིད་ལྟ་བུ་འགའ་རེས་ཆེ་མཐོང་སྤྲད་པའི་ཟིན་བྲིས་པ་ཟེར་ནའང་འདྲ། གང་ལྟར་དྲ་ངོས་ན་གླེང་སློང་ཆེ་བའི་ན་མཉམ་སྤུན་ཟླ་འགའ་ཤས་ཤིག་བགྲང་གིན་ཡོད་པ་དེ་དག་ཀྱང་མཛུབ་མོ་གདོང་བཙུགས་ཀྱིས་ཕར་ངོས་བཟུང་ན། ང་ཚོའི་མི་རིགས་འདིའི་སྲོལ་རྒྱུན་རིག་གནས་ཀྱི་ཐད་ལ་དགག་སྒྲུབ་དང་། ལྷག་པར་ཆོས་ལུགས་རིག་གནས་དུག་ཏུ་བཟུང་ནས་གླེང་ཁུལ་བྱེད་མཁན་རྐྱང་རེད་ཅེས་བཤད་ཆོག་ལ། ཁོ་ཚོའི་སྟོང་སེམས་ཉི་ཚེ་བ་དེར་རི་བོང་བཅལ་འདྲོགས་ཀྱི་ཚུལ་དུ་ཁ་ཤས་ཀྱིས་བཟང་བཟང་བདེིན་བདེན་ཞེས་ངོ་བསྟོད་ཀྱི་སྨྱོ་ཆུ་གླུད་པས་ཁོ་ཚོར་ལོག་ལམ་གྱི་སྟོང་སེམས་འཕར་མ་ཞིག་སྐྱེ་རུ་བཅུག་ཡོད་པས། དེ་ནི་རིག་གཞུང་གི་ཤེས་ཚད་ཀྱིས་མ་འདང་བའི་བསམ་བློའི་གོ་རྟོགས་དམན་དྲགས་པ་དེ་འབྲེལ་ཁོར་ཡུག་གིས་བསྐྱེད་པའི་ལྟ་བ་མཐོ་དྲགས་པའི་སྐྱོན་རེད།    མཐའ་གཉིས་སུ་མ་ལྷུང་བར་དྲང་པོར་བཤད་ན་འུ་ཚོའི་སྲོལ་རྒྱུན་ཤེས་རིག་དང་ཆོས་ལུགས་རིག་གནས་ལ་མཐའ་གཅིག་ཏུ་བཟང་བའི་ཆ་རྐྱང་ལྡན་པར་བརྩི་མི་རུང་ཏེ། དེར་ད་ལྟའི་མགོ་ཐོག་གི་དུས་རབས་འདི་ལ་དཔག་ནས་ཁོར་ཡུག་འཚོ་བརྟན་དང་སྤྱི་ཚོགས་བདེ་འཇགས་ལ་ཕན་པའི་བཟང་བའི་ཆ་དང་། མི་རིགས་ཡར་ཐོན་དང་བསམ་བློའི་གོ་རྟོགས་ལ་གནོད་པའི་ངན་པའི་ཆ་གཉིས་སྐྱ་འཐབ་ནས་ཡོད། དེ ་ལྟར་ཡིན་པ་རང་རེའི་ཆོས་ལུགས་རིག་གནས་སོགས་ལ་རྟོག་དཔྱོད་ཞིབ་འཇུག་གི་ཉམས་མྱོང་འཐུས་ཚང་ལྡན་ཞིང་། ཕྱོགས་འཛིན་གྱི་ལྟ་བ་སྤངས་པའི་དུས་རབས་ཉེར་གཅིག་པའི་མཁས་པ་རྒན་གྲས་དུང་དཀར་བློ་བཟང་འཕྲིན་ལས་ལྟ་བུ་༽འགས་སྔ་ས་ནས་ངོས་འཛིན་ཁས་ལེན་བྱས་ཟིན་ནས་ཡོད་པས། ང་ཚོས་དེར་བསྟུན་དེར་མཚུངས་ཀྱིས་དབྱེ་འབྱེད་གསལ་བོ་བྱེད་ཤེས་ཀྱི་སྒོ་ནས་འུ་ཚོའི་རིག་གནས་ཀྱི་ལེགས་ཆ་རྒྱུན་འཛིན་དར་སྤེལ་གྱི་བྱ་གཞག་དངོས་གཙང་བདེན་སྒྲུབ་བྱ་དགོས་ལ། འུ་ཚོའི་རིག་གཞུང་གི་འཁོར་རྒྱུག་དང་འདྲེས་པའི་ལོག་འགལ་རིག་གནས་ཀྱི་ཤན་ཤུགས་ངན་པའི་རིགས་མངོན་སུམ་འཛེམས་མེད་དུ་གཙང་དོར་དག་བསེད་བྱ་དགོས་སོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དེང་རབས་ཀྱི་དོགས་དཔྱོད་དགག་སྒྲུབ་པ་ཚོར་གླེང་བའི་སྐད་ཆ་ཚིག་འགའ།

2009-08-08 རྩེ་སྐར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།