སྙན་ངག་པའི་རང་གཤིས་འཚོལ་བ།

                                            ༡སྙན་ངག་པར་སྐྱབས་མེད་པ།
              སྙན་ངག་འབྲི་བ་ནི་སྙན་ངག་པ་ཞིག་ལ་མཚོན་ན་ལྟ་བ་དང་དམིགས་ཚད་མང་བོ་ཞིག་ཡོད་ཅིང་ལྷག་པར་དུ་སྒེར་
གཤིས་ཅེས་པ་འདི་གཙོ་བོ་ཞིག་ཏུ་བརྩི་བཞིན་ཡོད་པ་ནི་སྨོས་མ་དགོས་པ་ཞིག་ཡིན་ན་ཡང། སྒེར་གཤིས་ཅེས་པ་དེ་རང་རེ་
ལ་མཚོན་ན་རི་བོང་གི་རྭ་དང་ནམ་མཁའི་པད་མོ་རུ་འགྱུར་དགོས་ཏེ་གནའ་སྔ་མོ་ནས་ཆོས་ལུགས་དང་གོམས་སྲོལ་སོགས་
བག་ཆགས་ཀྱིས་བསླད་པས་མི་སུམ་ཅུའི་བསམ་པ་སུམ་ཅུ་དེ་འབོར་དགོས་བའི་སྤྱི་ཚོགས་ཀྱི་གཉའ་གནོན་འོག་ནས་བྱུང་
བའི་སྙན་ངག་པ་དག་ལ་འདི་འབྲི་མི་རུང་བ་དང་དེ་བཤད་མི་རུང་བའི་ཁྲིམས་ལུགས་ཤིག་གམ་མི་ཚེའི་ལྟ་བ་རེ་བྱུང་མྱོང་
ནི་རེད། དེ་སྙན་ངག་པ་ངོ་མ་ཞིག་གི་དངོས་ཐད་ནས་བཤད་འོངས་ན་སྤྱི་ཚོགས་ཀྱི་རྒྱ་ལས་ཐར་མ་ཐུབ་པ་དང་རང་ཉིད་
ཀྱི་འདུ་ཤེས་དེ་ལ་རྒྱུ་མཚན་ལ་རྒྱུ་མཚན་བརྩེགས་དགོས་པའི་གཞུང་ལུགས་ཤིག་གིས་བཙུར་ཡོང་བས་རེད། དེ་བས་ད་ལྟ་
ང་ཚོས་སྙན་ངག་པ་ངོ་མ་ཞིག་འཚོལ་དགོས་ཚེ་ད་དུང་མ་ཁོག་ནས་ཐང་ལ་བུད་མེད་པའི་བྱིས་པ་ཞིག་འཚོལ་དགོས་རྒྱུ་རེད།
དེ་མ་གཏོགས་ནམ་མཁའི་ལྷ་ལ་སྙན་ངག་གི་དངོས་གྲུབ་ཞུ་བའི་མི་བུ་དད་པ་ཅན་གྱི་སྙན་ངག་པ་འགའ་རེར་གདམས་
དགོས་པ་མ་ཟད་ད་དུང་སྙན་ངག་ནི་བརྡ་སྤྲོད་ཀྱི་གཞུང་དང་མཐུན་པའི་སྙན་ཞིང་འཇེབས་པའི་སྦྱོར་གཅིག་ལ་ཟེར་ཏེ་
ཞེས་འགྲོ་དགོས་པ་མ་ཟད་དཔྱད་བརྗོད་སོགས་ཀྱི་རྗེས་སུ་འབྲངས་ཏེ་ཐ་སྙད་རེ་རེར་འགྲེལ་བ་བྱེད་མི་དགོས་པའི་ངེས་
པ་གང་ནས་རྙེད། སྙན་ངག་པར་སྐྱབས་མེད་ཅེས་པ་ནི་སྐད་ཆ་ཆེན་པོ་ཞིག་གིས་ཚིག་ཐག་བཅད་ན་སྟེང་གི་ལྷ་མེད་ཟེར་
བ་དེ་རེད། འོན་ཀྱང་ལ་ལ་ཞིག་གིས་ཆོས་ལུགས་ཀྱི་གཞུང་ལ་ལྟོས་དང་ལྷ་ཡོད་མེད་ཤེས་ཡོང་ཟེར་ངེས་པའང་ཡོད་དེ་
བདག་གིས་ནི་ཆོས་ལུགས་ལ་དགག་གཞག་བྱེད་པ་མིན་པར་སྙན་ངག་གི་མཐར་ཐུག་བཤད་པ་ཡིན།
                                       ༢ སྙན་ངག་པས་རང་ཉིད་འདོར་དགོས་པ།
        སྙན་ངག་པ་ཞིག་ལ་མཚོན་ན་སྤྱི་འགྲོས་ཞེས་པ་དོར་བ་ནི་སྒེར་གཤིས་ཀྱི་ཐུན་མོང་མ་ཡིན་པའི་གསར་བཏོད་ཅིག་ལ་
སྙེག་པ་དང་འདྲ་བས་ཐ་ན་རང་ཉིད་ལའང་ཡིད་ཆེས་མེད་པའི་གནས་ཤིག་འཚོལ་རྒྱུ་ནི་གནད་ཀྱི་དམ་པ་ཡིན་ཏེ་ཁུངས་
མེད་ལུང་མེད་གཉིད་མེད་སད་མེད་ཀྱི་སྒེར་གཤིས་ཡ་མཚན་སོགས་བསྐྲུན་པ་ནི་ད་བཟོད་གཞན་དང་ཐུན་མོང་མ་ཡིན་
པའི་རང་ཉིད་ཀྱི་གཤིས་ལུགས་ཤིག་རྙེད་པ་ཡིན་ལ། གནམ་འོག་གི་སྙན་ངག་པ་ཐམས་ཅད་ལ་རང་ཉིད་དོར་བའི་སྤོབས་
པ་ལྡན་ཚེ་དེ་ནི་སྤྱི་ཚོགས་ལས་ཐར་བའི་སྙན་ངག་པ་ཞིག་ཡིན་པར་མ་ཟད་ནམ་ཡང་མ་ཁོག་ཏུ་བཙས་མ་ཐག་པའི་བྱིས་པའི་
ངང་རྒྱུད་དང་འདྲ་བར་གཡོ་སྒྱུ་བག་ཆགས་སོགས་མི་ཤེས་པའི་སླད་མེད་པའི་སྙན་ངག་པ་ཞིག་ལ་ངོས་འཛིན་རྒྱུ་ཡིན། རང་
ཉིད་དོར་བའི་མཚོན་རྟགས་ནི་སྙན་ངག་པ་ལ་ཅི་ཡང་མི་དགོས་པས་སོ། ། ཐ་ན་འཇིག་རྟེན་འདིའང་མི་དགོས་ཞེས་བཤད་
ཀྱང་སྲིད་པས་ཡིན། 
                                     ༣ སྙན་ངག་པ་འགའ་ཞིག་གཅེར་བུར་བུད་པ་དང་སྦྲགས་ཏེ་བཤད་པ།
       སྙན་ངག་པ་ལ་བཙན་འཛུལ་བྱེད་ཐུབ་ཀྱང་ཁོའི་སྙན་ངག་ལ་བཙན་འཛུལ་བྱེད་ཐུབ་ནི་མ་རེད། སྙན་ངག་པ་ཞིག་ལ་
གཞན་གྱིས་བཙན་འཛུལ་ལམ་གཉའ་གནོན་བྱེད་དུས་ནི་སྙན་ངག་པ་དེ་ལ་མཚོན་ན་གོ་སྐབས་ལེགས་པོ་ཞིག་ཡིན་ཏེ་དེ་
དུས་ཁོའི་རང་ཉིད་དམ་གཞན་གྱི་སྟེང་དུ་སྙན་ངག་པའི་སྒེར་གཤིས་མ་ཡིན་པའི་བག་ཆགས་ཤིག་ཚོར་ཡོང་ལ་དེ་དུས་ནི་
ཁོས་དེ་ཐམས་ཅད་བློས་ཐོངས་པའི་སྤོབས་པ་དེ་རྙེད་ཐུབ་པས་ཡིན། དཔེར་ན་བསམ་གཞིག་རྩེག་མ་ལས་སྒྱུ་རྩལ་བ་སྨན་
བླ་སྐྱབས་སོགས་ལ་ཁ་མཚང་ངོ་མཚང་བྲུས་ཏེ་རྩོམ་རྒྱག་པ་ལ་ལྟོས་དང་གནམ་འོག་གི་བྱ་བྱེའུ་མིན་ཚད་ལ་ཚོར་བ་སྦྱིན་ཐུབ་
པ་འདྲ་བའི་བྱ་སྤྱོད་དེ་ལྟར་རེད། ཡང་དྲ་ངོས་ལས་གོ་ཐོས་བྱུང་བ་ལྟར་ན་མི་རབས་གསུམ་པའི་སྙན་ངག་པ་འགའ་གཅེར་
བུར་བུད་པས་དེ་སྤྱི་ཚོགས་ཀྱི་འཕྱ་དམོད་དང་སྡིགས་མོ་མང་བོ་བྱེད་པར་བལྟས་ན་རང་རེའི་སྙན་ངག་པ་དག་ལ་རང་དབང་
ཞིག་གང་ན་མཆིས། ངོ་མ་གྲྭ་བ་སྡོམ་སྲུང་བ་ལྟར་སྙན་ངག་དང་སྙན་ངག་པ་ལ་ཚད་བཀག་ཡོད་པ་བྱས་ཏེ་ལྕགས་སྒྲོག་གིས་
སྡོམ་དགོས་པ་དེ་རེད་པས་སྙན་ངག་ལ་ནང་སེམས་གཏོད་ཐུབ་མཁན་འགའ་རེ་ཡང་འབྱུང་ཐབས་བྲལ་བ་ནི་བག་ཆགས་
ཀྱི་གོམས་སྲོལ་ཡ་མ་བརླ་ནས་ཐར་མ་ཐུབ་པས་ཡིན་པའམ་ཁོ་ཆོས་སྔ་མོ་ནས་བཟོས་པའི་མུན་པའི་ཁུང་བུ་རུ་བཙོན་མ་བྱས་
ཏེ་འདུག་དགོས་པ་ལྟར་རེ་བའི་སྨྱུ་གུ་འབུས་ཐབས་བྲལ། མི་རབས་གསུམ་པའི་སྙན་ངག་པ་འདི་དག་གི་རྩོམ་ལ་དགའ་མཁན་
དག་གཅེར་བུར་འབུད་པ་ནི་ཡང་བསྐྱར་ནར་སོན་བཞིན་པའི་སྔོན་གྱི་བྱ་སྤྱོད་དེ་དང་ཆ་འདྲ་བའི་བྲན་གཤིས་སམ་རང་ཉིད་
འདོར་མ་ཐུབ་པའི་རྟགས་སུ་འགྲོ་བས་སྙན་ངག་པར་འགྱུར་བའི་ཐོག་མའི་སྟ་གོན་ནི་ངས་གོང་དུ་བཤད་པ་ལྟར་ཡོད་ཚད་
འདོར་རྒྱུ་དེ་རེད།
                                      ༤ སྙན་ངག་པར་བུད་མེད་ཀྱི་བརྩེ་དུང་མི་དགོས་པ།
             ཁྱོད་རང་ལས་ང་ལ་ཅི་ཡང་བསམ་རྒྱུ་མི་འདུག ཁྱོད་ཀྱི་ཆེད་དུ་ངའི་རང་སྲོག་ཀྱང་གཅོད་ཐུབ་སོགས་ཀྱི་ཆགས་
གཏམ་སྨྲ་མཁན་བོང་སྟག་པ་རི་ལུ་སོགས་ལ་ན་ཟུག་སྨྲ་མི་ཤེས་པ་ཞིག་ཡོད་ཀྱང་སྲིད་མོད། མུན་ནག་ཏུ་མགོ་བོ་ཚུད་ནས་
མུན་ནག་གི་ཞེང་ཚད་ནི་འདི་དང་འདི་ལྟ་བུ་ཞིག་རེད་ཅེས་པའངསྙན་ངག་པའི་ལས་ཤིག་ཡིན་ན། དེ་འདྲའི་ལས་སླ་བོ་ཞིག་
ག་ལ་ཡོད་དེ་དེ་ནི་ཕྱུགས་རྫི་དག་ལའང་བརྩེ་དུང་དེ་འདྲ་ཞིག་ལྡན་ཡོད་པས་ལ་གཞས་བླངས་ཏེ་བསྡད་ཀྱང་ཅིས་མི་ཆོག
འོན་ཀྱང་སྙན་ངག་པ་ཞིག་ཡིན་ཕྱིན་རང་གི་སེམས་པ་སྔ་མོ་ནས་རང་གིས་བདག་བྱེད་ཐུབ་པའི་གྲ་སྒྲིག་རབ་དང་རིམ་པ་
མང་བོ་ཞིག་བྱེད་དགོས་བར་མ་ཟད། སྙན་ངག་པ་བརྩེ་དུང་གི་ཕུང་བོ་ཞིག་ལ་ཤི་འཐམས་རོ་འཐམས་བྱེད་པ་ནི་སྤྱི་ཚོགས་
ཀྱི་དུག་རླངས་ནག་པོའམ་བག་ཆགས་བརྒྱ་ཆའི་གོ་དགུ་ད་དུང་ཁོའི་ལུས་སྟེང་དུ་འདུས་ཡོད་པས་སྙན་ངག་ནི་བལྟས་བསྡད་
ན་ཐོན་འོངས་པའི་ཆོས་ཉིད་ཅིག་ལྡན་པ་དང་མཚུངས་བས་མི་སུ་ལ་ཡང་སྙན་ངག་པའི་མིང་བྱང་ནས་བོས་ན་ཅིས་མི་ཆོག
སྙན་ངག་པའི་བརྩོན་ལེན་བྱེད་པ་ནི་ཆགས་སྤྱོད་གཅིག་རྐྱང་ལས་བརྩེ་དུང་མི་དགོས་པའི་རྒྱ་གྲོང་གི་སྨད་འཚོང་མ་ལྟ་བུ་
ཞིག་ཡིན་དགོས་པའང་མིན་ཏེ་ཡོད་ཚད་ཀྱི་རིན་ཐང་གཅིག་ཏུ་འཛིན་རྒྱུ་དེ་རེད།
                                ༥  སྙན་ངག་པ་ནི་ཚེ་སྲོག་རྩེད་ཆས་སུ་སྒོམ་མཁན་ཏག་ཡིན།
           སྙན་ངག་པར་སྙིང་སྟོབས་མཁོ་བ་མིན་པར་སྙན་ངག་པར་གསར་སྙེག་མཁོ་བ་ཡིན། གསར་སྙེག་ནི་འདི་རེད་ག་རེད་
ཅེས་པའི་གསར་སྙེག་ཅིག་མ་ཡིན་པར་མི་རྣམས་ལ་ངོ་མཚར་སྟེར་བ་དང་བློས་མི་དཔོགས་པའི་ས་འོག་གི་གསར་སྙེག་དེ་
མཁོ། སྐབས་འགར་སྙན་ངག་པར་འཕེལ་རྒྱས་མི་མཁོ་བར་ལྟོགས་སྐོམ་སེལ་བྱེད་ཀྱི་ཟ་མ་ཕྲན་བུ་ཞིག་གིས་ཀྱང་བློ་ཚིམས་
འགྲོ་བས་མི་རྣམས་ཀྱི་ཧམ་སེམས་ཅེས་པའི་སྟོང་ལབ་ལ་དགོད་ཁ་མི་འཆོར་རམ། སྙན་ངག་པ་ནི་འཇིག་རྟེན་གྱི་སྟེང་བྱུང་
མ་མྱོང་བའི་མི་ཞིག་ལ་ཟེར་བ་ཡིན་པས་ཁོས་རང་གི་སྙིང་བྲང་གཞུང་ནས་སྙིང་བླངས་ཏེ་འདི་རེད་ཅེས་བསྟན་ཡང་ཁོ་རང་
ལ་ཟུག་གཟེར་ཙམ་ཡང་མེད་པར་ད་དུང་དགོད་སྒྲ་སྒྲོག་པ་དང་བུད་མེད་རྣམས་ལ་ཁྱོད་ཀྱི་མོ་མཚན་ཁྱེར་ཤོག་ཅེས་སྨྲ་བའི་
ངོ་ཚ་མེད་པའི་སྐད་ཆ་བཤད་དུས། མི་རྣམས་ཀྱིས་མིག་རིག་རིག་ཏུ་ཁོའི་སྙིང་གི་ཁ་དོག་དང་མོ་མཚན་གྱི་ཆེ་ཆུང་སོགས་ཤེས་
འདོད་ཆེ་ཡང་སྙན་ངག་པའམའཇིག་རྟེན་གཞན་གྱི་མི་དེ་ལ་མཚོན་ན་སྙིང་དང་མོ་མཚན་ནི་འཕྲུལ་ཆས་ཀྱིས་གྲུབ་ཡོད་པས་
ཤ་དང་མི་འདྲ་བའི་ཚོར་བ་ཞིག་མེད་དམ། འོན་ཀྱང་ང་ཚོ་ལ་མཚོན་ན་སྐྲག་སྣང་དང་སྙིང་རྗེ་སོགས་ཤར་མར་སྐྱེ་བཞིན་ཁྲག་
དམར་བཞུར་རྒྱུ་མེད་པའི་རྨ་ཁ་ཞིག་ཡིན་པ་ཤེས་འཕྲལ་སྲོལ་རྒྱུན་གྱི་གཞུང་ལུགས་ཤིག་གི་རྐྱེན་པས་་མི་འགར་དབུགས་ཀྱང་
འཆད་སྲིད། འཇིགརྟེན་སྟེང་དུ་དེ་འདྲའི་མི་ནི་དངུལ་སྒོར་གྱིས་མི་ཁུག་པའི་རིན་པོ་ཆེ་ཞིག་ཏུ་བརྩིས་ན་མི་ཆོག་པ་མེད་པར་
སྙམ། དེ་བས་རང་རེ་རྣམས་ལ་མཚོན་ན་དགེ་ཆོས་ལྟ་བུའི་བློ་འབྱེད་པ་འཁྲུངས་མྱོང་བ་དང་ཞོགས་དུང་ལྟ་བུའི་སྒེར་ཚུགས་
ཀྱི་བསམ་བློ་ཅན་ནི་ངོ་མཚར་བ་ཞིག་ཏུ་སྒོམ་དགོས་ན་ཡང་སྙན་ངག་པས་ཁོ་ཚོ་བཀུར་ནི་དགོས་ཀྱང་ཁོ་ཚོའི་རྗེས་སུ་གཡམ་
རྒྱུག་གམ་ལད་ཟློས་བྱེད་པ་ནི་རང་བཀུར་དེ་བྲན་གཤིས་སུ་བསྒྱུར་བའི་ཐབས་ལམ་སྟབས་བདེ་ཞིག་ཏུ་ངོས་འཛིན་བྱེད་སྲིད་
པས། ཁོ་ཚོའང་སྐྱག་པའི་ནང་དུ་གི་གདམས་གསེས་བཞིན་རེ་རེ་འདོར་བ་ནི་རང་གི་ཚེ་སྲོག་རྩེད་ཆས་སུ་སྒོམ་པའི་སྙན་ངག་
ཏག་མིན་ནམ་སུ་ཡིན།
                                              ༦མཇུག་གི་ཁ་གཡང༌།
          དུས་སྐབས་མང་བོ་ཞིག་ལ་གཉིད་དུ་ཤོར་ཟིན་པའི་བོད་ཀྱི་སྙན་ངག་པའི་རྣམ་ཤེས་འདི་ལམ་མེད་ས་ནས་འཇིག་རྟེན་
དུ་རྒྱུ་བར་ཤོག ཡོད་ཚད་འབྲུག་སྒྲ་བཞིན་མཇུག་རྫོགས་ཀྱང་ཆར་བ་སམ་སིམ་རྗེས་ཀྱི་འཇའ་ཚོན་ལ་ཞེ་མི་ཐོགས་པར་སྨོན།
ཚེ་སྲོག་རྩེད་ཆས་སུ་སྒོམ་པ་ནི་འཇིག་རྟེན་སྟེང་གི་སྙན་ངག་པ་ཡོད་ཚད་ལ་གྱེས་བརྡ་གཏོང་བ་དང་ཡང་བསྐྱར་བོད་པའི་
སྙན་ངག་ཅེས་པ་འདི་ལ་མེ་ལོང་མ་གཞན་ཞིག་གིས་དབང་བསྒྱུར་བྱེད་མི་སྲིད་པའི་ཡིད་ཆེས་སྒྲོག་པ་དེའོ། ། 
                                                                                     ༢༠༠༧ ༩ ༧ཉིན་གྱི་དགོང་མོར།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་པའི་རང་གཤིས་འཚོལ་བ།

2009-05-02 ཀེང་རུས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།