རྩོམ་པ་པོའི་ལོ་རྒྱུས་མདོར་བསྡུས།

       རྣམ་སྲས།༡༩༥༧ལོའི་ཟླ་༡༠པའི་ཚེས་༨ཉིན་མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྫོང་སྒོ་མེ་སུམ་པ་ནས་སྐྱེས།༡༩༧༦ལོའི་ཟླ་༧པའི་ནང་མཚོ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་ནས་སློབ་མཐར་ཕྱིན་ཏེ་མཚོ་ལྷོ་ཀྲུག་རྩ་འཛུགས་པུའུ་ནས་ལས་བྱེད་པ་བྱས།༡༩༧༧ལོནས་༡༩༨༡ལོའི་བར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་རུ་སློབ་སྦྱོང་བྱས།༡༩༧༡ལོ་ནས༡༩༨༥ལོའི་བར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་ཏུ་དགེ་རྒན་བྱས།༡༩༧༥ལོར་བོད་ཡིག་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་དེ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་རུ་སློབ་སྦྱོང་ལ་སོང་།༡༩༨༨ལོར་ཧྲི་ཧྲིའི་ཞིབ་འཇུག་སློབ་མའི་ཐོབ་ཐང་བླངས་ཏེ་སླར་ཡང་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོར་འོང་ནས་བོད་ཀྱི་དེང་རབས་རྩོམ་རིག་གི་སློབ་ཁྲིད་བྱེད་པའི་འན་ཁུར།༡༩༩༢ལོར་དགེ་རྒན་ཆེན་མོ་བ་གཞོན་པའི་མིང་ཐོབ་བྱིན་པ་རེད།རྣམ་སྲས་ཀྱིས༡༩༧༦ལོ་ནས་བཟུང་རྩོམ་རིག་འབྲི་འགོ་བརྩམས་ཤིང་དུས་ད་ལྟའི་བར་དུ་<<སྦྲང་ཆར>>དང<<བོད་ཀྱི་རྩོམ་རིག>><<བོད་ལྗོངས་ཞིབ་འཇུག>><<ཀྲུང་གོའི་བོད་ཀྱི་ཤེས་རིག>><<མཚོ་སྔོན་མང་ཚོགས་སྒྱུ་རྩལ>><<ཟླ་ཟེར>><<གངས་རྒྱན་མེ་ཏོག>>སོགས་བོད་ཡིག་དུས་དེབ་ཁག་ཏུ།<<མི་རབས་གསུམ་གྱི་ཕྲུག་ལྭ>>དང་།<<རང་འཐག>><<དགེ་མཚན་ཟིལ་ཆར་འབར་ཁར་བྱུང་བའི་རྣར་གཟོན་འབྲུག་སྒྲ>><<འབྲུ་བསྐྱི་བ>><<རྩྭ་ཐང་གི་སྐྱོ་གླུ>><<རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་གསང་རྣམ་དང་མགུར་གླུ་ལས་ཁོང་གི་ལོ་རྒྱུས་ལ་ཅུང་ཙམ་དཔྱད་པ>><<རྒྱ་གར་གྱི་རིག་བྱེད་གཏམ་རྒྱུད་དང་བོད་ཀྱི་སྙན་ངག་བར་གྱི་འབྲེལ་བ>><<བོད་ཀྱི་གནའ་རབས་སྙན་ངག་གི་རྟོག་ཡུལ་མཛེས་པའི་སྐོར་ཅུང་ཟད་གླེང་བ>>སོགས་རྩོམ་ཡིག་བརྒྱ་ཁ་འབུད་པ་ཙམ་བྲིས་ཡོད་པ་ལས།<<མི་ཚེ་དང་ལང་ཚོ>>ཞེས་པར་རྩོམ་རིག་གི་བྱ་དགའ་ཨང་གཉིས་པ་ཐོབ་པ་དང་<<འབྲལ་ཁའི་བརྩེ་སེམས>>ཞེས་པར<<སྦྲང་ཆར>>རྩོམ་སྒྲིག་པུའུ་ཡི་ཕུལ་བྱུང་བརྩམས་ཆོས་ཀྱི་བྱ་དགའ་ཐོབ།གཞན་ད་དུང་<<མི་རབས་གསུམ་གྱི་ཕྲུག་ལྭ>>དང་<<རང་འཐག>>སོགས་བརྩམས་ཆོས་ལྔ་ཙམ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དང་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་།བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་སྐྲུན་པའི་དེང་རབས་བོད་ཀྱི་རྩོམ་རིག་དཔེ་ཚོགས་ཁག་ཏུ་བདམས་ཡོད།<<རྒྱ་གར་གྱི་རིག་བྱེད་གཏམ་རྒྱུད་དང་བོད་ཀྱི་སྙན་ངག་གི་འབྲེལ་བ>>ཞེས་པ<<བོད་ལྗོངས་ཞིབ་འཇུག>>ཏུ་མུ་འགོད་བྱས་ཚར་རྗེས།༡༩༩༡ལོར་ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ཡོད་པར་མ་ཟད།༡༩༩༣ལོར་མཚོ་སྔོན་ཞིང་ཆེན་གྱི་ཐེངས་གསུམ་པའི་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་བྱ་དགའ་ཨང་གསུམ་པ་ཐོབ་ཡོད།༡༩༩༤ལོའི་ལོ་སྟོད་དུ<<རྩོམ་ལ་འཇུག་ཚུལ་རིག་བརྒྱའི་སྒོ་འབྱེད་ངོ་མཚར་འཕྲུལ་གྱི་ལྡེ་མིག>>ཅེས་པ་བྲིས་ནས་མཇུག་རྫོགས་ཤིང་ཀན་སུའུ་མི་རིགས་དཔེ་ཁང་གིས་པར་བསྐྲུན་བགྱིས་ཏེ་འགྲེམ་སྤེལ་བྱེད་མུས་ཡིན།

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྩོམ་པ་པོའི་ལོ་རྒྱུས་མདོར་བསྡུས།

2009-04-26 རྣམ་སྲས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།