གསང་དགོས་དོན་མི་འདུག

ཆབ་འགག་རྡོ་རྗེ་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-04-26

  ༡,རྩོམ་སྒྲིག་པ་བློ་མཐུན་ལགས།ངའི་མིང་ལ་ཆབ་འགག་རྡོ་རྗེ་ཚེ་རིང་ངམ་དབྱངས་ཅན་དགའ་བའི་བློ་གྲོས་ཟེར།ཕོ་ལོ་སུམ་ཅུ་སོ་བརྒྱད།༡༩༧༥ལོ་ནས་བཟུང་རྩོམ་ཡིག་འབྲི་བའི་ལམ་དུ་ཞུགས་པ་དང་།ད་ལྟ་མཚོ་སྔོན་མི་རིགས་སློབ་གླིང་དུ་ལས་ཀ་ལས་བཞིན་ཡོད།

༢,ང་རང་གངས་དཀར་གཡང་གི་མཛེས་ལྗོངས་ཀྱི་མ་མ་ཞེས་འབོད་པ་ཁྱོད་ཀྱི་ལྷུམས་མངལ་ལས་འཇིག་རྟེན་གྱི་ཁམས་འདིར་ཡོང་བའི་བོད་པ་ཞིག་ཡིན་པས།ནུས་ནམ་ཡིན་ཡང་ངས་བཅོས་མིན་སེམས་ཀྱི་བརྩེ་དུང་དང་དགའ་སྐྱོ་གཉིས་ཀྱི་འཚམས་རྟགས་ཡོད་ཚད་ཁྱེད་ལ་ཕུལ་ཡོད།རྒྱུ་མཚན་ཅི་ཞེས་ན།ཁྱེད་ནི་ང་རང་གསོ་བའི་མ་མ་ཡིན་པར་མ་ཟད།ངའི་རྩོམ་རིག་འཚོ་བའི་འབྱུང་ཁུངས་ཁྱེད་ཉིད་ལས་མ་འདས་པས་སོ།།རྩོམ་སྒྲིག་པ་བློ་མཐུན་ལགས།བདག་གིས་བྲིས་པའི་རྩོམ་ཡིག་རེ་རེ་ལས།དེང་སྐབས་བོད་ཀྱི་རྩོམ་རིག་གི་ཁྱད་ཆོས་འདི་དང་འདི་ལྟ་བུ་ཞེས་པ་དང་།མ་འོངས་པའི་བོད་ཀྱི་རྩོམ་རིག་གི་ཁ་ཕྱོགས་འདི་འདྲ་དང་དེ་འདྲ་ཞེས་བསྟན་མེད་དེ་སྟོན་ཡང་མི་ཐུབ།འོན་ཏེ་བདག་གི་རྩོམ་ཡིག་རེ་རེ་ལས་ཁ་སང་བྲིས་པའི་བདག་གི་རྩོམ་ཡིག་གི་ཁྱད་ཆོས་དང་།དེ་རིང་བྲིས་པའི་བདག་གི་རྩོམ་ཡིག་གི་བསམ་བློ་གསལ་བོར་བསྟན་ཡོད་དེ་དཔེར་ན།ཁོ་བོས་ཁ་སང་བྲིས་པའི་རྩོམ་ཡིག<<ན་ཆུང་རྩེན་པའི་སྐྱོ་གླུ>>ཞེས་པ་ལས།“བོད་ཁ་ཅན་གྱི་ཕ་ས།།སྟོད་གན་ན་མང་རིས་སྐོར་གསུམ།།བར་དེ་ན་དབུས་གཙང་རུ་བཞི།།སྨད་འདི་ན་མདོ་ཁམས་སྒང་དྲུག།གསེར་རིན་ཆེན་གཏེར་ཁའི་འབྱུང་གཞི།།རྟ་ནོར་ལུག་གསུམ་གྱི་ཕ་ས།།ཟས་འབྲུ་དྲུག་ནོར་བུའི་བང་མཛོད།།སྐྱིད་ཉི་མ་དགུང་ནས་འཆར་ས།།སྡུག་མུན་པ་མཐའ་ནས་དྭངས་ས།།བན་སེར་མོའི་དགོན་པ་ཆགས་ས།།མགོ་གསེར་ཞྭའི་བླ་མ་འཁྲུངས་ས།།ཆོས་དཀར་པོའི་བསྟན་པ་དར་ས།།དཔོན་མཐོན་པོའི་ཞལ་ངོ་དཀར་ས།།གྱོད་ཁ་མཆུའི་རྩོད་པ་མེད་ས།།ལས་རྒྱུ་འབྲས་རྒྱ་མ་དྲང་ས།།རྒན་ལོ་ལོན་སེམས་རྒྱ་ཆེ་ས།།ཆུང་བྱིས་པས་རྩེད་དགོད་བྱེད་ས།། སྟག་ཤར་བུར་དཔའ་རྩལ་རྒྱས་ས།། སྨན་བུ་མོས་གཡུ་བྱུར་འདོགས་ས།། མཛོ་ཁྱུང་དཀར་རྭ་ཁ་གོར་ས།།འབྲི་ཐོའུ་མའི་ནུ་ཁ་ཡངས་ས།།བོད་ཁ་བ་ཅན་གྱི་ཕ་ས།།དཔལ་དགེ་བཅུ་ཚང་བའི་ཡུལ་གྲུ།།”ཞེས་གངས་ཅན་བོད་ཀྱི་ཡུལ་ལྗོངས་འདིར་བཅོས་མིན་སེམས་ཀྱིས་བསྟོད་པ་ཕུལ་ཡོད་མོད།ཡིན་ན་ཡང་བོད་ཁ་བ་ཅན་གྱི་སྤྱི་ཚོགས་འཚོ་བའི་གནས་ཚུལ་ངོ་མ་ནི་དགའ་སྐྱོ་གཉིས་ཀྱི་གཟུགས་བརྙན་ཞིག་དང་འདྲ་སྟེ། སྐབས་སྐབས་སུ་དགའ་བའི་འཛུམ་རིས་ལས་སྐྱོ་བའི་གཟུགས་རིས་འཆར་རྒྱུན་རིང་ཞིང་གསལ་ཆ་ཆེ་བས་ན། ངས་དེ་རིང་བྲིས་པའི་རྩོམ་ཡིག་རེ་རེ་ལས་གཟུགས་བརྙན་འདིའི་ཉམས་དང་འགྱུར་བ།མདངས་དང་རི་མོ།རོ་དང་བྲོ་བ་སོགས་བཅོས་མིན་དུ་མཚོན་ཡོད་དེ་དཔེར་ན།<<ཐུན་གསུམ་མཚན་མོའི་རྨི་ལམ>>ཞེས་པ་ལས།“ཀྱེ་མ་གནམ་རྒན་མ་ཁྱོད།ཀུན་མཐོང་འདྲེན་བྱེད་མི་ལྡན།།དེ་མིན་ཉམ་ཐག་འགྲོ་བར།།སྤྱན་གྱིས་མི་གཟིགས་དོན་ཅི།།བསླུ་མེད་དཀོན་མཆོག་གསུམ་པོར།།བྱིན་རླབས་མང་བ་ཤོབ་རེད།།དེ་མིན་ཀོས་ཐག་འགྲོ་བར།།བྱིན་གྱིས་མི་རློབ་དོན་ཅི།།ཡུལ་འདིའི་ཆོས་སྐྱོང་སྲུང་མས།།མགོན་སྐྱབས་བྱེད་པ་རྫུན་རེད།།དེ་མིན་ཉམས་ཐག་འགྲོ་བར།།མགོན་སྐྱབས་མེད་པ་ཅི་ཡིན།།ན་དུས་སྨན་པ་མེད་ན།།སྐྱིད་དུས་སྨན་གྱིས་ཅི་བྱ།།འཇིག་རྟེན་ས་ལ་ཆགས་ནས།།དེ་རིང་ཉི་མའི་བར་དུ།།གངས་ཅན་བོད་འབངས་རྣམས་ཀྱིས།།དཀར་ཕྱོགས་ལྷ་ལ་མཆོད་པའི།།འོ་མས་རྒྱ་མཚོ་བསྐྱིལ་ཡོད།།ཆོས་སྐྱོང་སྲུང་མར་ཕུལ་བའི།།དམར་གྱིས་རི་རབ་བརྩིགས་ཡོད།།དེ་རིང་མཁོ་དུས་མེད་པ།།ཁྱོད་རྣམས་གང་ལ་བྲོས་སོང་།།ཡུལ་འདིའི་དཔོན་པོ་ཐམས་ཅད།།མི་ཤ་ཟ་བའི་སྤྱང་རེད།།སྡུག་དུས་དཔོན་པོ་མ་མཐོང་།།སྐྱིད་དུས་དཔོན་པོས་ཅི་ཕན།།ལྷ་བ་མོ་བ་ཐམས་ཅད།།རྒྱུ་ནོར་ཟ་བའི་འདྲེ་རེད།།སྡུག་དུས་མགོན་སྐྱབས་མེད་ན།།སྐྱིད་དུས་ལྷ་ཡིས་ཅི་བྱ།།”ཞེས་པ་དང་།ངའི་རྩོམ་ཡིག<<རྨི་ལམ་གྱི་ལྷ་མོ>>ཞེས་པ་ལས།“ལོ་རྒྱུས་ཀྱི་རྨ་ཁ་མ་གསོས་ན།མ་འོངས་པའི་རྐང་ལག་འཆད་ལ་ཉེན།།ནང་འཁྲུག་གི་ནད་རྙིང་མ་དགག་ན།།མཐུན་སྒྲིལ་གྱི་བུ་ཆུང་འཆི་ལ་ཉེ།།རྨོངས་དད་ཀྱི་ཆུ་ལོག་མ་བཟློག་ན།།ཚན་རིག་གི་རྐང་ལམ་འཁུར་ཉེན་ཡོད།།ཆོས་ལུགས་ཀྱི་རྩྭ་ལྡུམ་མ་ཡུར་ན།།དཔལ་འབྱོར་གྱི་ལྗང་གཞོན་སྐམ་ལ་ཉེ།།ཕྲག་དོག་གི་སྤྲིན་ནག་མ་གཏོར་ན།།དྲང་བདེན་གྱི་ཉི་འོད་བསྒྲིབ་ཉེན་ཆེ།།ཕྱོགས་ལྷུང་གི་རྒྱ་མཚོ་མ་སྐམ་ན།།ལུང་རིགས་ཀྱི་ཞིང་ས་བསྣུབ་ཉེན་ཡོད།།ལེ་ལོ་ཡི་ལམ་དོང་མ་བསྙམ་ན།།བརྩོན་འགྲུས་ཀྱི་རྟ་ཕོ་འགྱེལ་ལ་ཉེན།།རྗེས་ལུས་ཀྱི་ཨ་རག་མ་བཅད་ན།།སྔོན་ཐོན་གྱི་གཞོན་ནུ་བཟི་ཉེན་ཆེ།།”ཞེས་པ་དང་ཡང་རྩོམ་ཡིག་དེ་ལས།“རྒྱ་རྫོང་ནགས་ཀློང་ཁྲོད་ཀྱི་ཁྭ་ཏ་བྱ།།གཏོར་མ་མེད་པའི་ཡུལ་ལ་མི་ཡོང་ཞེས།།འདབ་ཆགས་རྣམས་ཀྱིས་དེ་སྐད་གླེང་བ་བཞིན།།དེང་དུས་དགོན་པའི་བླ་མ་ལ་ལ་ནི།།སྒོར་མོ་མེད་པའི་ཁྱིམ་ལ་མི་ཕེབས་ཟེར།།ཉམ་ཆུང་འབངས་ཚོགས་རྣམས་ཀྱིས་རྒྱུན་དུ་སྨྲ།།འདི་འདྲའི་སྐྱབས་མགོན་བླ་མ་བོད་ལས་གཞན།།ཡུལ་ཕྱོགས་གང་དང་མི་རིགས་སུ་ལ་ཡོད།།ལྷ་མོ་བདག་གིས་མ་མཐོང་ཁྱོད་ལ་འདྲི།།”ཞེས་པ་དང་ད་དུང་ཁོ་བོའི་རྩོམ་ཡིག་དེ་ལས།“ཤ་ཚོན་པོ་རིག་ན་འགྲམ་ཆུ་འཁོར།།ཁྱོད་བླ་མ་ཞིག་གི་རྣམ་ཤེས་འདྲ།།ཁྲག་དམར་པོ་རིག་ན་ཁ་ལྕེ་ལྡག། ཁྱོད་སྤྱང་མོ་ཞིག་གི་རྣམ་ཤེས་འདྲ།།གཟན་དམར་དྲི་བྲོ་ན་མཆུ་རྡར་བྱེད།།ཁྱོད་ཁྭ་ཏ་ཞིག་གི་རྣམ་ཤེས་འདྲ།། དེ་ཡིན་ལུགས་ཁྱོད་ལ་བཤད་པ་ན།།བླ་མ་སྤྱང་མོ་ཁྭ་ཏ་གསུམ།།ལུས་ལ་ཁྱད་པར་ཆེ་ན་ཡང་།།ཁོག་གི་འདོད་པ་གཅིག་འདྲ་སྟེ།།ཐན་བྱ་ཁྭ་ཏ་དམར་ལ་དགའ།།ཨ་ཐོང་སྤྱང་མོ་ཁྲག་ལ་དགའ།།ཨ་ལགས་བླ་མ་ཚི་ལ་དགའ།།འདི་གསུམ་མིང་གི་ཁྱད་པར་ལས།།དོན་གྱི་རྩ་བ་ཤ་ལ་དགའ།།སྨན་མཛེས་མ་རིག་ན་མིག་རྩ་འཁྲུག།ཁྱོད་དཔོན་པོ་ཞིག་གི་རྣམ་ཤེས་འདྲ།མགོ་ས་ལ་སྒུར་ནས་གཅིན་ལ་བསྣམས།།ཁྱོད་བོང་གསེབ་ཅིག་གི་རྣམ་ཤེས་འདྲ།།ལུས་མོ་དྲི་བྲོ་ན་ཡ་ཁ་བརྫེས།།ཁྱོད་ར་ཐུག་ཅིག་གི་རྣམ་ཤེས་འདྲ།།དེ་འདྲ་ལུགས་ཁྱོད་ལ་བཤད་པ་ན།།དཔོན་པོ་ར་ཐུག་བོང་གསེབ་གསུམ།། ལུས་ལ་ཁྱད་པར་ཆེ་ན་ཡང་།། ཁོག་གི་འདོད་པ་གཅིག་འདྲ་སྟེ།། དཔོན་པོ་མཛེས་མའི་འཛུམ་ལ་དགའ།། ར་ཐུག་ར་མའི་དྲི་ལ་དགའ།།བོང་གསེབ་བོང་མའི་གཅིན་ལ་དགའ།།འདི་གསུམ་ཉམས་ཀྱི་ཁྱད་པར་ལས།།དོན་གྱི་རྩ་བ་མོ་ལ་དགའ།།”ཞེས་གོང་གསལ་གྱི་རྩོམ་ཡིག་འདི་དག་གི་བརྗོད་བྱའི་དོན་དང་རྗོད་བྱེད་ཀྱི་ཚིག་ཕྱོགས་གང་ཐད་དུ་བལྟས་ཀྱང་ཁ་སང་བྲིས་པའི་བདག་གི་རྩོམ་ཡིག་གི་ཁྱད་ཆོས་དང་དེ་རིང་བྲིས་པའི་བདག་གི་རྩོམ་ཡིག་གི་བསམ་བློ་གསལ་བོར་མཚོན་ཡོད་དོ།།

     ༣,ཁོ་བོས་བྲིས་པའི་རྩོམ་ཡིག་ལས་ཅུང་ལེགས་པ་ནི<<ཕ་ཡུལ་གངས་ལྗོངས་དྲན་པའི་སྐྱོ་མགུར>>ཞེས་པ་དང་། ནང་དོན་མེད་པ་ནི<<ལན་གྲུའི་དཔྱིད་དཔལ>>ཞེས་པ་དེ་ཡིན་ནོ།།

     ༤གསོན་དུས་གངས་ལྗོངས་ཀྱི་བུ་དང་།།ཤི་རྗེས་གངས་ལྗོངས་ཀྱི་འདྲེ་ཡིན།།སངས་རྒྱས་བསྟན་པའི་ཆོས་ལ་ཁ་གཡར་ནས།།འབངས་ཀྱི་རྒྱུ་ནོར་ཟ་བ་བླ་མའི་དཔེ།།མི་རིགས་གསོ་སྐྱོང་བྱ་བར་ཁ་གཡར་ནས་།།རང་མི་ལག་འཐེན་བྱེད་པ་དཔོན་པོའི་དཔེ།།

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གསང་དགོས་དོན་མི་འདུག

2009-04-26 ཆབ་འགག་རྡོ་རྗེ་ཚེ་རིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།