ཨ་ཕ།༣

ཚེ་རིང་དོན་གྲུབ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-03-04

                                                      གསུམ། གྲོགས་པོ།
          ཨ་ཕ་འཇིག་རྟེན་འདིར་ཡོང་བ་ནི་སྲོག་བསྡོས་ནས་ངལ་རྩོལ་བྱེད་ཆེད་ཡིན་པ་འདྲ། ཁོང་གིས་ནུབ་གླིང་གི་སྐྱེ་བོ་དང་འདྲ་བར་དུས་ཚོད་ལ་
གཅེས་སྤྲས་བྱས་ཏེ་དངོས་གནས་དུས་ཚོད་ཚེ་སྲོག་ཏུ་འཛིན་པར་བྱེད། ད་ལྟ་ངའི་སེམས་ལ་རྒྱུན་དུ་གལ་ཏེ་རང་ཉིད་ལ་ཨ་ཕའི་ཧུར་བརྩོན་གྱི་ཕྱེད་ཀ་
ཙམ་ཡོད་ཚེ་ད་ལྟ་བརྩམས་ཆོས་གཟུགས་དང་མཉམ་པའི་རྩོམ་མཁན་ཆེན་པོར་གྱུར་ཡོད་པར་གདོན་མི་ཟ་བསམ། ཨ་ཕས་ཐ་མག་མི་འཐེན་ལ། དེ་བས་
ཀྱང་ཆང་རག་མི་འཐུང་བར་མ་ཟད་ཟ་སྟོབས་ཀྱང་ཧ་ཅང་ཆུང༌། བཤད་ཚུལ་ལྟར་ན་ཁོ་རང་གཞོན་ནུའི་དུས་སུ་མཚམས་རེར་མིག་མང་རྩེད་པའམ་ཡང་
ན་གླིང་བུ་རེ་འབུད་མོད། འོན་ཀྱང་རྗེས་སུ་དགའ་ཕྱོགས་འདི་ཙམ་ཡང་གཡུག་སྟེ་ལས་ཀར་གནོད་པ་མེད་པའི་ཆ་རྐྱེན་འོག་ཏུ་ད་གཟོད་གཞན་དང་ཁ་
བརྡ་སྣ་ཚོགས་བྱེད། ཁོང་གིས་འདི་ལྟར་འབད་པ་བྱས་པའི་འབྲས་བུ་ནི་ཆིན་ཝང་གི་དུས་སྐབས་དང་དྲུག་ཅུ་ཐམ་པའི་དུས་སྐབས་གང་ཡིན་ཡང་ངེས་
བཟའ་མི་ཚང་མའི་ཕོ་བ་ལྟོགས་མ་མྱོང༌། དེའི་མི་ཚད་ཁོང་གིས་དངོས་གནས"ཡིད་ཆེས་བླ་ལྷག"གི་རྩ་དོན་རྒྱུན་འཁྱོངས་བྱེད་ཐུབ་སྟེ། ལས་ཀ་གང་ཞིག་
ཁུར་དུ་བླངས་རྗེས་དོན་དག་ཅི་ཞིག་བྱུང་ནའང་སྤུས་གྲངས་ཉིས་འཛོམས་ཀྱིས་དུས་ལྟར་ལེགས་འགྲུབ་བྱེད་སྲིད། ཁོས་རང་གིས་འདི་ལྟར་བྱེད་པར་མ་
ཟད་ད་དུང་གཞན་ལའང་འདི་ལྟར་བྱེད་པའི་རེ་བ་འཛིན། ཡིན་ནའང་ངོ་མ་དཀའ་ཁག་ཡོད་པ་དང་གཉེན་ཉེ་གྲོགས་པོར་གླ་ཆ་མི་ལེན་པའམ་ཡང་ན་
ཇེ་ཉུང་དུ་གཏོང་བ། ཡང་ན་ཆད་འཇོག་བྱས་ཀྱང་ཆོག་མོད། འོན་ཀྱང་དུས་ལྟར་བསྐྱལ་མ་ཡོང་ཚེ་ཁྱོད་རང་གཉེན་ཉེ་ཡིན་ཡང་ཆོག་ལ་གྲོགས་པོ་ཡིན་
ཡང་རུང༌།  ཐ་ན་དུང་ཙེ་གཅིག་གི་ཆེད་དུའང་སྤྱི་ལེ་འགའ་དང་ཐ་ན་སྤྱི་ལེ་བཅུ་ཕྲག་གི་སར་སོང་སྟེ་ཁ་ལོག་ངོ་ལོག་བསྟན་ནས་བླངས་ཡོང༌། ཕངས་པ་
ཞིག་ལ་རྩྭ་ཐང་གི་འབྲོག་པར་དུས་ཚོད་འདུ་ཤེས་ཧ་ཅང་དམའ་བས་འདི་འདྲའི་དོན་དག་རྒྱུན་དུ་འབྱུང་སྲིད།
          ཆེས་ཚབས་ཆེ་བ་ཞིག་ནི་ཁོ་དང་གྲོགས་པོ་ཞིག་གི་བར་དུ་བྱུང་བ་ཡིན་ཏེ། གྲོགས་པོ་དེས་ཨ་ཕར་ཅི་ཞིག་བཟོ་རུ་བཅུག་པ་དང༌། ཨ་ཕས་དེ་
བཟོས་ཚར་རྗེས་གྲོགས་པོས་སྒོར་མོ་བཟུང་མི་འདུག་ཟེར། ངས་བལྟས་ན་དེ་ནི་བདེན་ཤས་ཆེ་སྟེ། དེ་དུས་རྩྭ་ཐང་གི་མི་རྣམས་ཕྱི་རུ་འགྲོ་ཚེསྒོར་མོ་འཁྱེར་
མཁན་ཧ་ཅང་ཉུང༌། རྒྱུ་མཚན་ནི་སྒོར་མོ་ཁྱེར་ཡང་བཀོལ་ས་མེད། གྲོགས་པོ་དེས་དུས་ཚོད་ཐག་བཅད་དེ་སྒོར་མོའམ་གླ་ཆ་བསྐྱལ་ཡོང་ཟེར། འོན་ཀྱང་
དུས་ཆད་ལ་སྔར་ནས་སླེབས་ནའང་གྲོགས་པོ་དེའི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མེད་པས་ཨ་ཕ་དངོས་སུ་གླ་ཆ་ལེན་དུ་སོང་བར་མ་ཟད་ད་དུང་གྲོགས་པོ་
ཁ་བཤད་དོན་ལ་མི་གནས་ཟེར་ནས་འཁང་ར་བྱས། གྲོགས་པོ་དེའང་ཧ་ཅང་མི་དགའ་བར་གྱུར་ཏེ་གླ་ཆ་སྤྲོད་ཞོར་དུ"སྤྲང་ཕྲུག"ཅེས་པའི་རིགས་ཤིག་
ལྐོག་བཤད་བྱས། 
          མི་དེ་དངོས་གནས་ཨ་ཕ་ལས་ཕྱུག་པས་ཨ་ཕའི་སེམས་ལ་བརྙས་བཅོས་ཆེན་པོ་ཕོག་སོང་བསམ་སྟེ་གྲོགས་པོར་རལ་གྲི་ཁྱེར་ནས་དུས་ཚོད་ནམ་
ཞིག་ན་ས་ཆ་གང་ལ་ཐོན་དགོས་ཞེས་བཤད་ནས་བུད་སོང༌། འདི་ལྟར་དུས་ཚོད་སྐར་ཆ་འགའི་ནང་ལ་གྲོགས་པོ་དགྲ་བོར་གྱུར་སོང༌། དེས་ན་སངས་རྒྱས་
ཆོས་གཞུང་དུ་འཇིག་རྟེན་སྟེང་གི་ཡོད་ཚད"མི་རྟག་པར"བཤད་པར་ཡང་ཁག་མེད་པ་འདྲ།
          སྐབས་དེར་རྩྭ་ཐང་སྟེང་གི་དམར་འཛིང་བྱེད་སྟངས་དེ་ད་ལྟ་ང་ཚོས་གློག་བརྙན་ནང་དུ་ མཐོང་བ་ལྟར་ཕར་གཡོལ་ཚུར་གཡོལ་དང༌། གཅིག་
བྲོས་གཅིག་བདའ་བྱེད་པ་ཞིག་གཏན་ནས་ མིན་པར། གཉིས་ཀ་གདོང་གཏད་དུ་ལངས་རྗེས་རེས་མོས་སྒོས་ཁྱོད་ཀྱིས་ང་ལ་གྲི་གཅིག་དང༌།  ང་ཡིས་ཁྱོད་
ལ་གྲི་གཅིག་བསྣུན་ཏེ་གཉིས་ཀའི་གཅིག་དང་ཡང་ན་གཉིས་ཀ་མཉམ་དུ་ས་ལ་འགྱེལ་རག་བར་དུ་མཚམས་མི་འཇོག   ངས་བལྟས་ན་འདི་ནི་མི་ཡུལ་གྱི་
ཆེས་གནའ་བོའི་དམར་འཛིང་བྱེད་པའི་འགྲོ་ལུགས་ཡིན་པ་གདོན་མི་ཟ།
          ཁོང་གཉིས་དུས་ལྟར་གཏན་ཁེལ་བྱས་པའི་གནས་དེར་སླེབས་བྱུང༌། དེ་ནི་ངོ་མ<<གེ་སར་རྒྱལ་པོའི་སྒྲུང>>ནང་དུ"རླུང་བསེར་བུ་མ་གཏོགས་
བར་འབྱེད་མེད། གནམ་སྔོན་པོ་མ་གཏོགས་ལྟ་མཁན་མེད"ཟེར་བ་ལྟར་རེད། ཐོག་མར་གྲོགས་པོ་དེས་ངའི་ཨ་ཕའི་མགོ་བོར་གྲི་ གཅིག་ཤུགས་ཀྱིས་
བསྣུན་ཏེ་ཚེ་གང་བོར་གསུབ་ཐབས་མེད་པའི་རྨ་ཤུལ་སོར་ལྔ་ཙམ་ཞིག་བཞག་སོང༌། གོམ་ཁ་འཁྱར་འཁྱོར་དུ་གྱུར་པའི་ཨ་ཕ་ཡང་བསྐྱར་བརྟན་པོར་
འགྲེང་རྗེས་ཅིག་ཤོས་ཀྱི་ཕྲག་པ་གཡས་པའི་སྟེང་ལ་ཡིད་ཚིམས་པའི་གྲི་གཅིག་བསྣུན། མི་དེའི་ལག་གི་རིང་ཚད་ཁྲུ་དོ་ཙམ་གྱི་རལ་གྲི་དེ(ངས་བལྟས་ན་གྲི་
དེ་ཡང་ཕལ་ཆེར་ཨ་ཕས་བཟོས་པ་ཡིན་ཤས་ཆེ)ས་ལ་ལྷུང་བ་དང༌། ཁྲག་དམར་ལྷུང་ལྷུང་འབབ་བཞིན་པའི་དཔུང་བ་གཡས་པ་གཅུས་གཟེར་ལྷོད་པ་
ལྟར་རང་དགར་གཡུག་གིན་འདུག་པ་ལས་ཡུན་རིང་འགོར་ཡང་ས་ལ་ལྷུང་བའི་གྲི་དེ་ཡར་ལེན་པ་མི་མཐོང༌། ཨ་ཕས་མིག་མདུན་གྱི་ཁྲག་དམར་ཡང་
ཡང་འབྱིད་ཞོར་ཅི་ཡིན་ཆ་མ་འཚལ་བར"རྩེད་འདོད་མེད་དམ"ཞེས་དྲིས།
          མི་དེར་རྩེད་འདོད་ཡོད་ཀྱང་རྩེད་ཤུགས་མེད་པས་སྡུག་བསྔལ་གྱིས"ཁྱོད་ནི་ཇི་འདྲའི་བསམ་གནག་ཅིག་རེད་ཨང"ཟེར།
          རྨ་ཁ་རིམ་བཞིན་སོས་པར་གྱུར་མོད། འོན་ཀྱང་གཡས་ལག་རྦད་དེ་ཤོང་སོང༌། ཨ་ཕ་འགྱོད་པ་ཆེན་པོ་སྐྱེས་ཏེ་ཁ་བཏགས་ཤིག་བཟུང་ནས་མི་
དེར་ལྟ་རུ་སོང༌། མི་དེས་རང་གི་གཡས་ལག་ལ་མཆུ་སྟོན་བྱས་ཏེ"དི་ནམ་ཡང་ལུས་རྩིབས་སུ་དྲུད་འདུག་པས་ངོ་མ་སུན་སྣང་སྐྱེ་བ་ཞིག་རེད། རབ་ཡིན་
ན་ཁྱོད་ཀྱིས་འདི་རྩ་ནས་གཅོད་རོགས"ཟེར།
          ཨ་ཕ་མི་དེ་ལས་ཀྱང་སྡུག་བསྔལ་གྱིས་མནར་ཏེ་ཉིན་རྒྱུན་ཆོས་སྐྱོང་སྲུང་མར་གྲོགས་པོ་ཡིན་ནམ་དགྲ་བོ་ཡིན་པ་ཁོས་ཀྱང་བཤད་མི་ཤེས་པའི་
མི་དེའི་སྡུག་བསྔལ་ཅུང་ཙམ་ཞི་བར་ཡོང་བའི་གསོལ་བ་ཤུགས་དྲག་ཏུ་བཏབ།
          ཕལ་ཆེར་ལོ་ཕྱེད་འགོར་བའི་ཉིན་ཞིག་ལ། མི་དེ་གཡག་གོང་ནས་ཏག་ཏག་དཔུང་བ་གཡས་པ་ས་ལ་ཁེལ་ནས་ལྷུང་བ་དང་མཉམ་དུ་དྲན་མེད་
དུ་བརྒྱལ། དྲན་པ་སོས་དུས་གཡས་ལག་དང་ འདོད་ཀྱིས་སྐུམ་རྐྱོང་བྱེད་ཐུབ་པ་ཚོར། ཁོ་རང་དགའ་དྲག་སྟེ་ཅི་བྱེད་འདི་བྱེད་མ་ཤེས་པར་ཐད་ཀར་ངའི་
ཨ་ཕའི་གམ་ལ་རྒྱུགས་ཡོང་ནས་གཡས་ལག་སྐུམ་རྐྱོང་བྱེད་ཞོར་འཛུམ་དང་བཅས"ཞི་ལི་ཁྱོད་ལག་རྩུབ་ནའང་སེམས་མི་ནག"ཟེར།
         ཨ་ཕས"ཆོས་སྐྱོང་སྲུང་མའི་ནུས་མཐུ་དེ་ངོ་མ་མིའི་བློར་ཤོང་བ་ཞིག་མ་རེད"ཅེས་བཤད་པ་དང༌། ཁོང་གཉིས་ཀྱི་མཛའ་བརྩེ་སྔར་ལས་ཇེ་ཟབ་
ཏུ་གྱུར། དེས་ན་ནཱ་ཕུ་ལོན་གྱིས"གཏན་གྱི་གྲོགས་པོ་མེད་ལ། གཏན་གྱི་དགྲ་བོའང་མེད"ཟེར་བ་ཅིས་མ་བདེན།
         ཁྱོད་ཀྱིས་འདི་འདྲའི་དོན་དག་སྒྲུང་གཏམ་ནང་དུ་ད་གཟོད་མཐོང་ཐུབ་མི་བསམ་མམ། ཏག་ཏག་དེ་ལྟར་ཡིན་ཏེ། ངས་སྔ་མོ་ནས་རྒྱུ་ཆ་འདི་
བོད་ཡིག་སྒྲུང་གཏམ་ཞིག་གི་ནང་དུ་བྲིས་ཡོད།

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་ཕ།༣

2009-03-04 ཚེ་རིང་དོན་གྲུབ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།