ཨ་ཕ།༢

ཚེ་རིང་དོན་གྲུབ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-03-04

                                                      གཉིས།  ཆིན་ཝང༌།
          ཨ་ཕ་ནར་སོན་རྗེས་རང་གི་བྱད་གཟུགས་དང་ཤིན་ཏུ་མི་འཚམ་པ་འདྲ་བའི་ལས་རིགས་ཤིག་སྟེ་མགར་བ་བདམས། རིགས་རུས་དབྱེ་བ་ཧ་
ཅང་ནན་མོ་ཡིན་པའི་གནའ་བོའི་རྒྱ་གར་དང་བོད་ལྗོངས་རྙིང་བའི་སྤྱི་ཚོགས་ནང་དུ་མགར་བ་དང་ལྷམ་བཟོ། རྔོན་པ་དང་བཤན་པ་སོགས་ནི་ཆེས་
དམའ་བའི་རིགས་ཏེ་གདོལ་བའི་རིགས་སུ་གཏོགས་ལ། མཛེ་བོ་ཇི་བཞིན་ཕལ་ཆེར་ཉེ་སར་བཅར་མཁན་མེད་པའི་ཚད་དུ་གནས། ཡིན་ནའང་ང་ཚོའི་རྩྭ་
ཐང་འདིར་དེ་འདྲའི་ལམ་ལུགས་ མེད། གལ་ཏེ་ཆིན་ཝང་ལ་དགོས་མཁོ་བྱུང་ཚེ་ཁོང་གིས་རང་གི་མངའ་འབངས་ནང་གི་མི་སུ་ཡིན་ཡང་གང་འདོད་དུ་
བཀོལ་ཆོག་ལ། རྩྭ་ཐང་དུ་ལག་ཤེས་བཟོ་བ་ཧ་ཅང་དཀོན་པས་ངའི་ཨ་ཕ་རྒྱུན་ཆད་མེད་པར་ཆིན་ཝང་གིས་འབོད་ཀྱིན་འདུག་ལ། དེས་ན་ཨ་ཕ་དང་འདྲ་
བའི་བེ་སང་ཕལ་བའང་གང་འདོད་ཀྱིས་ཆིན་ཝང་གི་གཟིམ་གུར་ནང་དུ་འགྲོ་འོང་བྱས་ཆོག་པར་མ་ཟད་མཚམས་རེར་ད་དུང་ཆིན་ཝང་དང་མཉམ་དུ་
ཟ་མ་ཟོས་ཆོག
          ཝང་ཚང་ལ་ལས་ཀ་ལས་ན་གླ་ཆར་ཐག་གཅོད་མེད་པས་དེ་ནི་རྦད་དེ་རང་གི་སྐུ་བསོད་ལ་རག་ལས་པའམ་ཡང་ན་ཉིན་དེར་གཉེར་པའི་
སེམས་ཁམས་སྐྱིད་མིན་ལ་ཐད་ཀར་རག་ལས་ཡོད། ཨ་ཕས་བཤད་ན་མཚམས་རེར་སྲོག་བསྡོས་ཏེ་བསྟུད་མར་ཉིན་འགའ་ལ་ལས་ཀ་ལས་ནའང་ཁོ་ཚོས་
ལག་སྟོང་དུ་མི་མངགས་པ་ཙམ་ལས་མ་འདས་ལ། མཚམས་རེར་ལས་ཀ་ཉུང་ཙམ་ལས་ནའང་བློ་ཡུལ་ལས་འདས་པའི་གླ་ཆ་སྟེར་སྲིད་དེ། ཐེངས་ཤིག་
ཝང་ཚང་གི་བང་ཆེན་པས་ཨ་ཕར་ལག་ཆ་ཁྱེར་ནས་གང་མྱུར་གྱིས་ཝང་ཚང་ལ་ཐོན་དགོས་ཟེར། ཆིན་ཝང་གཙོ་བྱས་པའི་ཁ་ཆེན་དབང་ཆེན་རྣམས་ཀྱིས་
ཟྭ་བརྒྱབ་ཡོད་པའི་སྒམ་ཆུང་ཞིག་གི་མཐའ་བསྐོར་ནས་ཧད་འདུག
          "སྒམ་ཆུང་འདིའི་ལྡེ་མིག་བླ་བྲང་ཝང་ཚང་ནས་བརྗེད་སོང༌། ད་ལྟ་ང་ལ་འདིའི་ནང་གི་དངོས་པོ་མྱུར་དུ་མཁོ་བྱུང་བས་ཁྱོད་ཀྱིས་གང་
མགྱོགས་ཀྱིས་ཟྭ་འབྱེད་དགོས་པར་མ་ཟད་ཟྭ་གཅོད་ཀྱང་མི་ཆོག་ད་མགོ་རྩོམ་ཤིག"ཆིན་ཝང་གིས་དངོས་སུ་བཀའ་ཕབ་བྱུང༌།
          འདི་ནི་སེང་གེའི་དབྱིབས་ཀྱི་ཟྭ་ཞིག་ཡིན་པ་དང༌། ཨ་ཕས་འདི་འདྲ་གཏན་ནས་མཐོང་མ་མྱོང་བར་མ་ཟད་ཐ་ན་ཟྭ་མིག་གང་དུ་ཡོད་ཀྱང་མི་
ཤེས། 
          "ཆག་སྒོ་གནམ་ནས་ལྷུང་ཟེར་བ་འདི་མིན་ན་ཅི་ཡིན། ད་ཐེངས་རྟ་ལྕག་ཕོག་པ་ནི་ཆེས་ཡང་མོ་ཡིན་འདྲ"ཨ་ཕས་དེ་ལྟར་བསམ་ཞོར་རང་
གིས་འདི་འདྲའི་སྡུག་ཤི་རྒྱག་རྒྱུའི་ལག་རྩལ་ཞིག་བསླབ་པར་འགྱོད་པ་གཏིང་ནས་སྐྱེས་ཏེ་ཕྱོགས་གཅིག་ནས་ཟྭ་དེ་ཕར་བསྐོར་ཚུར་བསྐོར་བྱེད་པ་དང༌།
ཕྱོགས་གཅིག་ནས་ཆོས་སྐྱོང་ལ་གསོལ་འདེབས་བྱས། ཅང་མ་འགོར་བར་ཨ་ཕས་སེང་གེའི་འོག་སྒོ་ནི་ཟྭ་མིག་ཡིན་པ་ཤེས་ནས་ལྕགས་ལེབ་ཅིག་བརྡར་དེ་
ཟྭ་མིག་དང་ཆེ་ཆུང་མེད་པ་བཟོས་རྗེས་གང་བསམ་དུ་ནང་ལ་བཙུགས་ནས་སྒུལ་ཙམ་བྱས་པ་ན་བློ་ཡུལ་ལས་འདས་པ་ནི་ཟྭ་དེ་ཐག་སྒྲ་ཞིག་དང་མཉམ་
དུ་ཕྱེ་སོང༌།
          འདི་ནི་བལྟས་མ་ཐག་ཏུ་ཞིབ་ཚགས་ལྡན་ཞིང་མིག་ཏུ་མཛེས་པ། རྫིག་ཉམས་ལྡན་ཞིང་གཟི་རྔམ་ཆེ་བ་ཞིག་ཡིན་ནའང་དོན་དངོས་སུ་སྒྲིག་
གཞི་ཧ་ཅང་ལས་སླ་བ་དང༌། ཕྱི་ཚུལ་གནད་དུ་བཟུང་བ་ལས་ཟྭ་ཡི་བྱེད་ནུས་གཙོ་བོར་དོ་སྣང་བྱས་མེད་པས་ཏག་ཏག་ཤོག་བུའི་སྟག་ཅིག་རེད། ཡིན་
ནའང་ཨ་ཕས་དུས་མཚུངས་སུ་ཁོ་རང་ཆོས་སྐྱོང་སྲུང་མས་སྐྱབས་པ་འཁྲུལ་མེད་ཡིན་ཟེར།
          དེ་དུས་ཆིན་ཝང་དགའ་སྟེ་ཨ་ཕར་བོད་ལྭ་བཟོ་འགོ་གཉིས་འདང་བའི་ཐེར་མ་བཟང་པོ་ཞིག་ལས་གཞན་ད་རུང་དངོས་པོ་འགའ་བྱིན་པ་འདི་
ཕལ་ཆེར་ཨ་ཕའི་ལོ་ཕྱེད་ཀའི་ཡོང་སྒོའི་རིན་ཐང་ཡིན་པ་དང༌། ཆིན་ཝང་གིས་ད་རུང་གསེར་ཞལ་ཕྱེ་སྟེ་ཨ་ཕའི་བྱ་ལམ་ལ་འགྲོ་བའི་སྨོན་འདུན་གནང༌།
ཁ་སྟོང་ནང་གི་ཚིག་སྟོང་འདིས་ཨ་ཕར་མཆི་མ་དབང་མེད་འབྱིན་ཞིང་གཏན་དུ་བརྗེད་ཐབས་མེད་པ་བཟོས།
          རྗེས་ཀྱི"རིག་གསར"སྐབས་སུ་ཆིན་ཝང་རིམ་བྱོན་ཚང་མ་གཞན་རྟེན་སྲིན་འབུ་དང་ཁྲག་ འཇིབ་སྲིན་པོ་ཡིན་ལ། གལ་ཏེ་ཁྱི་དང་འདྲ་བའི་
ཆིན་ཝང་དེ་དག་མེད་ན་གུང་ཁྲན་རིང་ལུགས་ སྔར་ནས་མངོན་འགྱུར་བྱུང་ཡོད་ཅེས་སྡིགས་དམོད་བྱེད་སྐབས་ཨ་ཕས་ལྐོག་ཏུ་ངེད་ཁྱིམ་མི་ཚོར"མ་
མཐའ་ཡང་ཆིན་ཝང་གཅིག་ནི་དེ་འདྲ་གཏན་ནས་མིན་ཏེ། གལ་ཏེ་སུ་ཞིག་གི་ཕོ་བ་ལྟོགས་ནས་འཚོ་ཐབས་བྲལ་ཚེ་ཐད་ཀར་ཆིན་ཝང་གི་མདུན་དུ་བགྲོད་
ཐུབ་ན་ཁོང་གིས་ཁྱོད་རང་ལག་སྟོང་དུ་མི་མངགས་ཁོ་ཐག་ཡིན། མི་ངན་འཁྲུལ་མེད་ནི་ཝང་ཚང་གི་ཁུག་མའི་ཁ་ཐིག(དོ་དམ་པའི་རིགས)དེ་ཚོ་ཡིན"ཟེར།
          དུས་ཚོད་འདེད་རྩིས་བྱས་ན་ཨ་ཕས་བཤད་པའི་ཆིན་ཝང་བཟང་པོ་དེ་ནི་རྨ་ཆུའི་ལྷོ་རྒྱུད་སོག་པོའི་ཆིན་ཝང་རྒྱལ་རབས་དགུ་པ་ཀུན་དགའ་
དཔལ་འབྱོར་ཡིན་འོས་ལ། ངས་ཁོང་གི་འདྲ་པར་མཐོང་མྱོང་སྟེ། སྤྱིར་བཏང་གི་བོད་ལྭ་ཞིག་གྱོན་ཞིང་རྒྱབ་བསྙེས་རྐུབ་སྟེགས་ཤིག་གི་སྟེང་དུ་དྲང་མོར་
བཞུགས་འདུག  ཞལ་རས་མཛེས་ཤིང་དཔའ་ཉམས་ལྡན་པ་ལས་གཞན་བྱམས་དང་སྙིང་རྗེ་མངའ་བའི་བག་ཆགས་ཤིག་ཀྱང་སྟེར།  ཡིད་ཕངས་པ་ཞིག་
ནི་ཁོང་ཉིད་རང་ལོ་ཉེར་དྲུག་སྟེ་ལང་ཚོ་དར་སྒང་དུ་གློ་བུར་སྐུ་གཤེགས།  དེ་ནས་བཟུང་དུས་རབས་གཉིས་ལྷག་གི་རིང་ལ་མདོ་སྨད་ཀྱི་ཕྱེད་ཀ་ཙམ་
དབང་བསྒྱུར་བྱས་པའི་རྨ་ལྷོའི་སོག་པོ་སྔར་ལས་ཀྱང་རྟ་མཆོག་རོལ་བ་བཞིན་ཉམས་རྒུད་ཀྱི་གནས་སུ་སྐྱོད།
          རྗེས་སུ་མཚོ་སྔོན་སོག་པོའི་ལོ་རྒྱུས་སམ། གསལ་བོར་བཤད་ན་མཚོ་སྔོན་སོག་པོའི་ཉམས་རྒུད་ལོ་རྒྱུས་ཀློག་ཐེངས་རེར་བདག་གིས་རང་དབང་
མེད་པར་ཨ་ཕས་བཤད་པའི་སེང་གེའི་ཟྭ་དེའི་གཏམ་རྒྱུད་དྲན་ཡོང༌། གལ་ཏེ་ལོ་རྒྱུས་གླེང་ཚེ་ཞོར་དུ་གསལ་བཤད་ཅིག་བྱེད་དགོས་པ་ནི་རྨ་ཆུའི་ལྷོ་རྒྱུད་
སོག་པོ་ལ་ད་ལྟ་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་ཟེར་ནའང་ལོ་རྒྱུས་དང་ཁོར་ཡུག་གི་དབང་གིས་ཁྱོན་ཡོངས་ནས་བོད་ཀྱི་རིག་གནས་དང་ལེན་བྱས་ཏེ་
ངའི་མི་རབས་འདིར་སླེབས་ཚེ་སོག་སྐད་ཤེས་མཁན་ཧ་ཅང་ཉུང་ལ། སོག་ཡིག་ཤེས་མཁན་ནི་དེ་བས་ཀྱང་དཀོན་ནོ།  །
 
རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་ཕ།༢

2009-03-04 ཚེ་རིང་དོན་གྲུབ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།