ཨ་ཕ།༡

ཚེ་རིང་དོན་གྲུབ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-03-04

                                                                    ———བདག་གི་ཨ་ཕ་སྟེ་ངལ་རྩོལ་པ་ཕལ་བ་ཞིག་ལ་དྲན་གསོ་ཞུ་བ།
                                               
                                                  གཅིག གླུ་བ།
      ང་ཡི་ཕྱིར་དྲན་གྱི་རྟ་ཕོས་ཟིན་པའི་མཚམས་དེར་ཨ་ཕ་ནི་དགུང་ལོ་ལྔ་བཅུའི་ནང་གི་དར་མ་ཞིག་ཡིན་ལ། གཟུགས་རིང་ཞིང་ཤ་སྐམ་པ། སྐྲ་གནག་
ཅིང་གདོང་དཀར་བ། ཁ་སྣ་མིག་སོགས་ཆེ་ཆུང་རན་ཞིང་རང་གནས་མ་ནོར་བར་ཡོད། བཤད་ཚུལ་ལྟར་ན་ཨ་ཕ་གཞོན་ནུའི་དུས་སུ་ཕོ་སྒོ་ཅན་ཞིག་ཡིན་
ཟེར་བ་དང༌། ཁོ་རང་མཚོ་ངོས་ལས་སྨིས་སུམ་སྟོང་ལྔ་བརྒྱ་ལྷག་མཐོ་བའི་གནས་འདིར་མི་ལོ་བརྒྱད་ཅུ་ལྷག་ལ་འཚོ་བ་རོལ་ཏེ་འཇིག་རྟེན་འདི་དང་ཁ་
བྲལ་སྐབས་ཀྱང་ལའོ་ལི་ཀྲུང་གི་མིང་གྲགས་ཅན་གྱི་སྣུམ་ཚོན་རི་མོ<<ཨ་ཕ>>ལྟ་བུའི་རྒས་ཤིང་འཁོགས་ལ་གསོན་ཤུགས་ཉམས་པ་ཞིག་གཏན་ནས་མིན།
གཞན་ཡང་ཨ་ཕ་ནི་བཙན་ཤེད་ལ་གཉའ་མི་སྒུར་པ་ཞིག་ཡིན་ཟེར་ལ། འདི་ནི་ཁོའི་མགོ་བོའི་རྨ་ཤུལ་མང་པོ་དང༌། དབང་སྐྱོན་ཅན་གྱི་གཡས་ལག་གི་
མཛུབ་ཆུང་དེས་ར་སྤྲོད་བྱེད་ཐུབ་པ་དང༌། རྨ་ཤུལ་རེ་རེར་སྡུག་བསྔལ་གྱི་གཏམ་རྒྱུད་རེ་ཡོད་དེ། ཐོག་མར་ངས་མཛུབ་ཆུང་གི་གཏམ་རྒྱུད་བཤད་པར་བྱ།
    ཨ་ཕ་སྐྱེས་ནས་ཅང་མ་འགོར་བའི་སྐབས་སུ། ཁྱིམ་མཚེས་ཀྱི་བུད་མེད་དེས་ལོ་གཉིས་ཅན་གྱི་བྱིས་པ་བསྐྱུར་ནས་རང་ཉིད་སྐྱེས་པ་གཞན་ཞིག་དང་
མཉམ་དུ་ང་ཚོའི་ཆིན་ཝང་གི་མངའ་ཁོངས་སུ་མི་གཏོགས་པའི་སྡེ་བ་ཞིག་ལ་བྲོས་སོང༌། སྙིང་རྗེ་བའི་བྱིས་པ་དེ་ལྟོགས་ནས་ངུ་སྐད་མཚམས་མི་འཇོག་
པས་ངའི་ཨ་ཕྱིས་སེམས་ཀྱིས་མ་བཟོད་པར་བྱིས་པ་དེ་བླངས་ནས་རང་གི་ནུ་མ་བསྣུན། དེས་ན་ང་ཚོའི་རྩྭ་ཐང་འདིར་ཨ་མ་གཅིག་གི་ནུ་ཞོ་འཐུངས་ཟིན་
པའི་མི་རྣམས་ཀྱིས་ཕན་ཚུན་མིང་སྲིང་གཅེན་གཅུང་དུ་བརྩི།
     བྱིས་པ་དེ་ནར་སོན་རྗེས་བོད་སོག་སྐད་རིགས་གཉིས་ཀྱིས་གླུ་ལེན་ཤེས་པར་མ་ཟད་སུས་ཀྱང་དོ་ཟླ་མི་ནུས། མ་འགྱངས་པར་ཆིན་ཝང་ཡང་དེའི་གླུ་
ངག་ལ་ཡིད་ཤོར་ཏེ་ལོ་གསར་ཚེས་གཅིག་གི་སྔ་མོར་ཁྲི་ལོ་བརྟན་པ་དང༌། ཞྭ་སེར་བསྟན་པ་དར་བ་དང༌། མི་ལ་ན་ཚ་མེད་པ་དང༌། ཕྱུགས་ལ་གོད་ཁ་བྲལ་
བར་སྨོན་སོགས་ཀྱི་གླུ་བླངས་རྗེས་དང་པོར་ཆིན་ཝང་གི་གཟིམ་གུར་ནང་ལ་སོང་སྟེ་ཐབ་ཏུ་མེ་ཁ་གསོ་བའི་མི་རུ་བདམས། ཁོ་རང་འདི་ལྟར་གླུ་བའི་ནང་
གི་རྒྱལ་པོ་དང༌། རྗེ་བློན་རྣམས་ཀྱི་གཅེས་ཕྲུག་ཏུ་གྱུར་ཏེ་ཉིན་ལྟར་ཟས་ཆང་གང་ཞིམ་ཁྲོད་ན་བག་ཡངས་སུ་གནས། ཕངས་པ་ཞིག་ལ་སྐལ་བ་བཟང་པོ་
དུས་ཡུན་མ་རིང་བར་ཉིན་ཞིག་ཆིན་ཝང་གི་ཆིབས་རྟ་སྔོ་ནག་དེ་གར་སོང་ཆ་མེད་དུ་གྱུར། རྟ་རྫིས་དོགས་པ་ཟ་ཡུལ་ནི་ཏག་ཏག་གླུ་བ་ཡིན་ཏེ། རྒྱུ་མཚན་
ནི་གླུ་བའི་ཨ་མ་སྡེ་ན་ཡོད་པར་མ་ཟད་གླུ་བ་ནར་སོན་རྗེས་ཕན་ཚུན་འགྲོ་འོང་མང་ཞིང་འབྲེལ་བ་དམ། དེའི་ཕྱིར་གླུ་བ་ཉེས་ཅན་རྣམས་ལ་ཆེད་དུ་བཟོས་
པའི་སོག་གུར་ཏེ། བཙོན་གུར་ནང་དུ་གཡུགས།
      ངའི་ཨ་ཕས་ད་གཟོད་གླུ་བར་མ་ཉེས་ཁག་གཡོག་བྱས་པ་གསལ་བོར་ཤེས་པས་མཚན་མོར་གླུ་བ་བཏང་ནས་འབྲོ་རུ་བཅུག་པ་དང༌། ནམ་ལངས་
རྗེས་རང་ཉིད་མགོ་སྒུར་དུ་སོང༌། ཉེས་ཆད་གཅོད་མཁན་གྱིས་ཨ་ཕར་ལག་པ་གཉིས་ཀྱི་མཛུབ་མོ་ཕན་ཚུན་ནང་ལ་བསྣོལ་དུ་བཅུག་པ་དང༌། ཚངས་ཐིག་
ལ་ལིས་སྨིས་གསུམ་བཞི་ཙམ་ཡོད་པའི་ཤིང་དུམ་ཞིག་བར་ལ་བཞག་རྗེས་མཁྲིག་མ་གཉིས་བཙན་གྱིས་མཉམ་དུ་བཅིངས་བྱུང༌། ཅང་མ་འགོར་བར་ཨ་
ཕའི་ལག་ཟུང་སྐྲང་སྟེ་མཐར་གཏུགས་ན་ཅི་ཞིག་ཡིན་པ་དབྱེ་འབྱེད་དཀའ་བའི་ཚད་ལ་སླེབས།
      གླུ་བའང་རང་ཉིས་ཐར་རྗེས་རོགས་པ་བརྗེད་མཁན་ཞིག་མིན་ཏེ། ཁོ་རང་ཨ་མའི་སར་སླེབས་མ་ཐག་རྟ་མགྱོགས་པོ་ཞིག་ལ་ཞོན་ཏེ་མཚོན་ཆ་
ཐོགས་ནས་ཕྱིར་ཆིན་ཝང་གི་ས་སྟེང་དུ་ཐོན་པ་དང༌། དབེན་ཐང་ན་རྟ་འཚོ་བཞིན་པའི་རྟ་རྫི་ལ་རྡུང་ནས་ལངས་རྒྱུ་མེད་པ་བཟོས་རྗེས"ཁྱོད་ཀྱིས་ཝང་
ཡེ་ལ་གསལ་བོར་ཤོད། རྟ་སྔོ་ནག་དེ་ངས་བརྐུས་པ་མིན། ང་ནི་སླ་ངའི་ནང་དུ་ཟོས། ཁ་ལེབ་སྟེང་དུ་རྙང་མཁན་གྱི་རིགས་མིན་པ་ཝང་ཡེས་ཀྱང་ལོས་ཤེས་
སམ། གལ་ཏེ་ཁྱོད་ཚོས་ངའི་ནུ་བོར་མཛུབ་གུ་གཅིག་རེག་ཕོད་ན་ངས་ནམ་ཡང་ཁྱོད་ཚོ་བདེ་བར་སྡོད་དུ་མི་འཇུག་ཁོ་ཐག་  ཡིན། ངས་བཤད་ཕོད་པ་དེ་
སྒྲུབ་ཀྱང་ཕོད"ཅེས་བཤད་རྗེས་ཆིན་ཝང་གི་སྙིང་ན་ཡོད་པའི་ཆིབས་རྟ་གཞན་ཞིག་བཟུང་ནས་བུད་སོང༌།
      ཆིན་ཝང་གིས་གླུ་བར་དངོས་ནས་མ་ཉེས་ཁག་གཡོག་བྱས་སོང་བསམ་པ་ཡིན་ནམ། ཡང་ན་ཉོག་དྲ་སློང་འདོད་མེད་པ་གང་ཡིན་མི་ཤེས་མོད།གང་
ལྟར་ཁོས་རང་གི་མངའ་འབངས་ས་མཐར་འཁྱམ་དུ་འཇུག་མི་འདོད་ཟེར་ནས་བང་ཆེན་པ་མངགས་ཏེ་གླུ་བ་ཕྱིར་ཤོག་དང་ཆད་པ་ མི་གཅོད་ཁོ་ཐག་
ཡིན་ཟེར། གླུ་བ་ཕྱིར་སླེབས་པར་མ་ཟད་མུ་མཐུད་དུ་ཆིན་ཝང་ལ་བསྟོད་གླུ་ལེན་གྱིན་འདུག   ངའི་ཨ་ཕའང་བཙོན་གྲོལ་བཏང་མོད། འོན་ཀྱང་ཁོང་གི་
མཛུབ་གུ་གཅིག་གཏན་དུ་ཤོར་སོང༌། སྤྱིར་ན་ཨ་ཕ་ནི་ཕམ་ཁ་ཅུང་ཙམ་ཡང་མི་འཁུར་པའི་མི་ཞིག་ཡིན་ནའང་རྗེ་བོས་འབངས་ལ་ཆད་པ་གཅོད་པ་ནི་
གནམ་བསྐོའི་ལས་དབང་ཡིན་པ་དང༌། ཡང་གཅིག་བཤད་ན་རང་ཉིད་ལ་དངོས་ནས་ཉེས་པ་ཡོད་བསམ་སྟེ་འཁང་ར་ཅུང་ཙམ་ཡང་མི་བྱེད།
       གུང་ཁྲན་ཏང་སླེབས་བྱུང༌། བློ་རིག་བཀྲ་བའི་གླུ་བས་སྔོན་གྱི་གླུ་ཚིག་ནང་གི"ཆིན་ཝང"དེ"མའོ་ཀྲུའུ་ཞི"རུ་བསྒྱུར་བ་དང"སངས་རྒྱས་བསྟན་
པ"དེ"ཏང་གི་སྲིད་ཇུས"སུ་བསྒྱུར། "མཐའ་ཡས་རྩྭ་ཐང་"དེ"པེ་ཅིན་ཐེན་ཨན་མོན"དུ་བསྒྱུར་ནས་ཏང་ལ་བསྟོན་གླུ་བླངས་པ་ན་རླབས་ཆེ་བའི་
ཏང་དགའ་དྲགས་ནས་ཆིན་ཝང་ནང་བཞིན་གླུ་བར་ཟས་གང་ཞིམ་དང་ཆང་གང་མངར་བླུད།
       གླུ་ལེན་པ་ལས་གཞན་གླུ་བའི་ཁྱད་ཆོས་གཞན་ཞིག་ནི་རྫུན་ལབ་རྒྱུ་དེ་ཡིན་པར་མ་ཟད་ཁོས་རྫུན་ལབ་སྐབས་དངོས་གནས་ངོ་མདངས་ཙམ་ཡང་
འགྱུར་མི་སྲིད། ཁོའི་འཇོན་ཐང་འདི་ནི་རྗེས་སུ་བདག་གིས་ཀྱང་དངོས་སུ་ཉམས་སུ་རོལ་མྱོང་སྟེ། དེ་དུས་གླུ་བ་དགུང་ལོ་དྲུག་ཆུ་ལྷག་ཡིན་ནའང་
མཚམས་རེར་ད་རུང་རྟ་ལ་ཞོན་ཞིང་ང་དང་ལོ་ཚད་མཉམ་པའི་ཞི་ལི་ཁྲིད་དེ་སྤྱི་ལེ་བརྒྱ་ལྷག་གི་སར་ངའི་ཨ་ཕར་ལྟ་རུ་ཡོང༌།
       གླུ་བ་སླེབས་མ་ཐག་ང་ཚོའི་སྡེ་བའི་སྐྱེས་པ་རྣམས་ངེད་ཚང་ལ་འདུས་ཏེ་གླུ་བའི་གླུ་དང་གཏམ་རྒྱུད་དམ། དྲང་མོར་བཤད་ན་རྫུན་ལ་ཉན་པ་རེད།
གླུ་བས་བཤད་ན་ཁོས་བདུད་འདྲེ་མིག་གིས་དངོས་སུ་མཐོང་མྱོང་ཟེར། མི་ཞིག་གིས་བདུད་འདྲེས་ཅི་ཞིག་བྱེད་ཀྱིན་འདུག་ཅེས་དྲིས། གླུ་བས་བདུད་འདྲེ་
གཉིས་ཀྱིས་གཅེར་བུར་རྟ་ལ་ཞོན་ནས་ཆུ་ལ་བརྒལ་གྱིན་འདུག་ཟེར། མི་དེས་ཁྱོད་ཀྱིས་བདུད་འདྲེ་ཡིན་པ་ཅི་ལྟར་ཤེས་ཞེས་དྲིས།  གླུ་བས་བསམ་བློ་ཅུང་
ཙམ་བཏང་མཐར་ཕྲག་པ་ནི་གྲུ་བཞི་གྲུ་བཞི་རང་རེད་ཟེར། མི་རྣམས་ཡིད་ཆེས་ལ་མ་ཆེས་སུ་འདུག  གང་ལྟར་ང་རང་གླུ་བའི་གཏམ་རྒྱུད་ལ་དགའ་བ་
དང༌། དེ་བས་ཀྱང་ཁོས་ཞི་ལི་ཁྲིད་ནས་ཡོང་བར་དགའ་སྟེ། རྒྱུ་མཚན་ནི་ཨ་ཕས་ང་རང་སྡེ་བའི་ནང་གི་བྱིས་པ་གཞན་དང་མཉམ་དུ་རྩེད་དུ་མི་འཇུག
        གླུ་བས་བཤད་ན་ཁོ་རང་གཞོན་ནུའི་དུས་སུ་རྒྱུན་པར་ཇག་རྐུན་གྱི་ལས་བྱེད་པ་དང༌། ཐེངས་ཤིག་ཁོ་རང་གཅིག་པོས་ཚོ་བ་གཞན་ནས་ཏག་ཏག་
རྟ་ཁྱུ་གཅིག་དེད་ཡོང་བར་ཕལ་ཆེར་རྟ་རྒོད་མ་བརྒྱ་ལྷག་ཡོད་ལ། ཁོས་དེའི་ནང་ནས་ཆེས་བཟང་བའི་རྟ་བཞི་ལྔ་ཙམ་རང་གིས་བཟུང་བ་ལས་གཞན་ཚང་
མ་བླ་བྲང་གི་རྒྱ་ཚོང་བ་ཕྱུག་པོ་ཞིག་ལ་བཙོངས། དཀར་ཆིལ་ཆིལ་གྱི་དངུལ་སྒོར་ཏག་ཏག་སྒྱོ་བ་བཞི་ཡོད། 
        "ཨེ་བདེན་སྤུན་ཟླ?"གླུ་བས་རང་གིས་རྫུན་ལབ་པར་མ་ཟད་ད་རུང་གཞན་ལའང་རྫུན་  བཤད་དུ་འཇུག་སྟེ། གསལ་བོར་བཤད་ན་ཁོས་ཨུ་
ཚུགས་ཀྱིས་ངའི་ཨ་ཕར་བདེན་དཔང་རྫུན་མ་བྱེད་དུ་འཇུག   འདིས་ངའི་ཨ་ཕ་ཧ་ཅང་དཀའ་བའི་གནས་སུ་གཏད་དེ། ཁོས་ཚང་མའི་ངོ་ལ་ལྟ་བ་དང༌།
ཡང་གླུ་བའི་སྐྱབས་འཚོལ་བའི་མིག་མདངས་ལ་གཅིག་བལྟས་རྗེས་མགོ་བོ་སྨད་དེ་སྐད་དམའ་མོས"ཕལ་ཆེར་དེ་འདྲའི་དོན་དག་ཅིག་ཡོད་མྱོང་བ་འདྲ"ཟེར།
        གླུ་བས་མུ་མཐུད་དུ་གླུ་ལེན་པ་དང་རྫུན་ལབ་པ། ཆང་འཐུང་སྟེ་དགའ་མགུའི་དཔལ་ལ་རོལ་གྱིན་འདུག   ཕལ་ཆེར་ཁོ་རང་དགུང་ལོ་དགུ་བཅུ་
ཡས་མས་ཀྱི་སྐབས་སུ་ང་རང་ཆེད་དུ་ཁོང་ལ་ཐེངས་གཅིག་ལྟ་རུ་སོང༌། དེ་དུས་ཁོ་རང་ཉལ་སའི་ནང་ནས་ལངས་མི་ཐུབ་ལ། དེ་བས་ཀྱང་ཆང་འཐུང་མི་
ཐུབ་མོད། འོན་ཀྱང་ཁོའི་རིག་པ་གསལ་ཞིང་ལུས་ཁམས་བདེ། ཁོས་ད་རུང་ང་ལ་ཡིད་ ཆེས་དཀའ་བའི་འདས་དོན་གང་མང་ཞིག་ལབ་པར་མ་ཟད་མི་
རློམ་ན་ཕྱིར་སོང་ནས་ཁྱོད་ཀྱི་ཕ་རྒན་ལ་དྲིས་ཟེར།
          གླུ་བ་ཏག་ཏག་དགུང་ལོ་བརྒྱ་དང་བརྒྱད་ལ་བཞུགས།
 
རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་ཕ།༡

2009-03-04 ཚེ་རིང་དོན་གྲུབ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།