བོད་ལུགས་ལོ་སར།

བྱ་གཞུང་དབྱངས་བྷ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-03-30

དེ་རིང་ནི  བོར་ནས་ཡུན་རིང་ཕྱིན་པའི་སྒང་པ་བོད་ཀྱི་ལོ་སར་རེད

དེ་རིང་ནི   གཡར་ནས་ཡུན་རིང་རོལ་བའི་རྒྱ་ལོའི་ལོ་སར་ཡང་རེད

མི་ལོ་སུམ་ཅུ་ལྷག་གི་རེ་དྲན་གྱི་རྗེས་སུ    ངས་གཞི་ནས་རང་གི་ལོ་སར་ལ་རོལ་ཐུབ་སོང

དེ་ནི་ང་རང་ཚོའི་ལོ་སར་རྒྱ་ལོའི་ལོ་སར་དང་ཉིན་གཅིག་ཏུ་ཁེལ་བས་ཡིན

དེ་རིང    ངས་རྒྱ་ལོའི་ལོ་སར་ལ་བཀའ་དྲིན་ཅི་ལྟར་ཞུས་ན་འོས

དེ་རིང    ང་ཕ་ཡུལ་ན་ཕ་མ་གཉིས་དང་ལྷན་དུ་ཡོད

སྤུན་དང་ན་ཟླའི་གྲས་ན་ཡོད  ཚ་བོ་ཚ་མོས་བསྐོར་ཏེ་ཡོད   ཡུལ་མི་ཚོ་དང་ལྷན་དུ་

དྲན་ཞིང་དྲན་པའི་རང་གི་ལོ་སར་ལ་རོལ་གྱིན་ཡོད

དེ་རིང   ང་རང་དགའ་ཆོག་ཆོག་ཏུ་ཡོད    སྐྱིད་ཆོག་ཆོག་ཏུ་ཡོད

ཁུ་བོ་དང་སྲིང་ཆུང་མ་གཏན་དུ་གྱེས་པའི་མྱ་ངན་ཅི་འདྲ་ལྕི་ནའང

མཐུག་ནའང

དེ་རིང   ང་དགའ་འོས   ང་སྐྱིད་འོས

དེ་རིང   ཕ་སའི་རི་ཆུ་དང་ཡུལ་མིའི་ལས་དབང་ལ་མིག་ཆུ་ཡང་འདོན་མི་འོས

སེམས་ཁོང་གི་བྲེད་དངངས་དང་རུས་རྐང་གི་ན་ཟུག   ཆེན་པོ་གྲ་སྡེབ་ཀྱི་ལྕིད་ཤུགས་དང་དྲག་པོ་དཔུང་སྡེབ་ཀྱི་འཇིགས་སྣང     མངོན་གྱི་སྨྲ་ལྕེ་སྟོབས་ཆེན་དང་ལྐོག་གི་མཚོན་ཆའི་འཕྲུལ་འཁོར

 ་་་ ་་་  ཡོད་ཚད་རེ་ཞིག་གསང་ཞིང་བརྗེད་འོས

དེ་རིང   ཐག་རིང་གི་ཚང་མལ་བོར་བའི་ཕྱེ་ལེབ་ཀྱི་ཁྱུ་དང    འཁྱག་རླུང་ཁྲོད་ཀྱི་ཕྱེ་ལེབ

ལྟ་བུའི་ཁེར་འཁྱག་གྱི་གཤོག་སྒྲོ་ལྷབ་ལྷེབ་དག་ཀྱང་དྲན་མི་འོས

ཕ་མའི་དྲུང་དུ་ཕ་མ་འདྲ་བའི་ཁྱོད་དྲན་དུས་འདིར་ཡང   རང་སེམས་རང་གིས་གསོ་འོས

གཞིས་བྱེས་ནང་མི་རྣམས་ལ་ངུ་ངག་དང་མིག་ཆུ་མ་འདྲེས་པའི་གླུ་ཞིག་ལེན་འོས

གཞིས་བྱེས་གྲོགས་པོ་གྲོགས་མོ་དག་ལ་ཁ་པར་ལས་བདེ་འཚམས་ཞུ་འོས

ང་རང་བདེ་ཞིང་འཚམས་པའི་བརྡ་ཞིག་སྟེར་འོས

གཏན་དུ་དྲན་སྲིད་པའི་བོད་མེ་ཕག་ལོའི་ལོ་སར

ང་དང་ཡུལ་མི་ཚར་ཐེངས་གཅིག་དབང་བའི་ལོ་སར་གྱི་ཉིན་མོ་འདིར  ང་ལྟེ་ཁྲག་

འཕོ་སའི་ཕ་ཡུལ་ན་ཡོད   ཕ་མ་དང་ལྷན་དུ་ཡོད

ཐེངས་དང་པོར་བོད་ཀྱི་ལོ་སར་ལ    ལོ་སར་གྱི་སྐྱིད་སྣང་འབད་པས་འཚོལ་གྱིན་ཡོད

ཆུང་ངུའི་དུས    རྒྱ་ལོའི་ལོ་སར་ལ་ཡོད་མྱོང་བའི་ལོ་སར་གྱི་སྤྲོ་སྣང་དེ་སྒོམ་གྱིན་ཡོད

དེ་རིང   ངས་རང་གི་ལོ་སར་སྔར་བཞིན་འབོར་ངེས་ཚུལ་ལའང་འདང་རྒྱག་གིན་མེད

རྒྱ་ལོའི་ལོ་སར་སྔར་བཞིན་གཡོར་ངེས་ཚུལ་ལའང་བློ་འཁོར་གྱིན་མེད

ངས་རང་གི་ཉིན་མཚན་དུས་དྲུག་གི་རྡོག་ཁྲེས་ཡོད་ཚད་རེ་ཞིག་བརྗེད་པར་

འབད་ཀྱིན་ཡོད

དེ་རིང    རྒྱང་སྒྲོག་བརྙན་འཕྲིན་གྱི་དགའ་གླུ་སྐྱིད་གླུ་དང་འགྲོག་སྟེ  དགའ་འོས

སྐྱིད་འོས

དེ་རིང    ང་ཡང“སྣང་བ་སྐྱིད་པ་གཅིག  སྣང་བ་སྐྱིད་པ་གཉིས”ཟེར་ཆོག་ཆོག་ཏུ་ཡོད

རྩོམ་ཁུངས། ༢༠༠༧ལོའི་གངས་རྒྱན་མེ་ཏོག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་ལུགས་ལོ་སར།

2010-03-30 བྱ་གཞུང་དབྱངས་བྷ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།