གཤོག་པ་ཆ་གཅིག
ང་ཚོར་རང་ལ་དབང་བའི་གཤོག་པ་ཆ་གཅིག་ཡོད ལེ་ལན་དང་རྫུ་བག་གིས་མ་བཀྲུས་པའི་གཤོག་པ་འདི སྔོན་བསྐྱོད་ལ་སྟོབས་ཤུགས་སྩོལ་བའི་གཤོག་པ་འདི ནམ་མཁའི་རྒྱ་ཁྱོན་འཇལ་བའི་དྲང་བདེན་གྱི་གཤོག་པ་ཡིན ཁ་བ་སེམས་སུ་མ་ལྷུང་བའི་མེ་དཔུང་གི་གཤོག་པ་ཡིན སེམས་ཀྱིས་ཟིན་ཚད་གཤོག་པས་འཇལ་དགོས་ན ང་ཚོའི་གོ་ཆ་འདིའི་གསེར་མདོག་གི་ཀློང་ན རང་ཉིད་འཕུར་ཆོག་པའི་ངར་ཤུགས་ཀྱི་ཁོར་ཡུག་ག་ཚོད་འདུག སྤོབས་སེམས་ཀྱི་དཔའ་གདང་ག་འདྲ་འཚེངས་ཡོད རི་བོ་རྡོག་པས་གནོན་ཞིང་རྒྱ་མཚོ་འཕྲེད་ཀྱིས་གཅོད་པའི་གཏམ་རྒྱུད་རེ་ན མེས་པོ་ཚོའི་མིག་ཆུ་དང་རེ་བ་གྲངས་མེད་ཡོད་པས ཤེལ་གོང་ལྟ་བུའི་བརྩེ་འདང་འདི ཐོགས་རེག་བྲལ་བའི་བར་སྣང་གི་སྟོབས་ཤུགས་ཡིན
གཤོག་པ་རྐྱོང་ཐེངས་རེ་དང མཁའ་ལམ་གཅོད་ཐེངས་རེར ང་ཚོ་རང་ཉིད་ངོ་མ་དེ་རུ་སྤྲུལ་ནས གསེར་ཡིག་རུམ་པའི་གཤོག་པ་འདིའི་སྟོན་ལྗོངས་ཉར་ནས གང་ལ་འཕུར་དགོས འཕུར་སྟངས་འདི རྒོད་པོ་དང་ཁྱུང་ཆེན་གྱི་འཕུར་ཚུལ་ཡིན་ལ བརྟན་བརླིང་དང་དཔའ་ཉམས་ཀྱི་རང་ཚུགས་ཤིག་ཀྱང་ཡིན གཤོག་པ་གཡར་བའི་ཉིན་མོ་ནི འཆར་ཀ་བསུ་བའི་མཛེས་སྡུག་ཡིན་པས གཤོག་པའི་གྲིམ་ལྷོད་ཀྱི་གོ་འཛོལ་རེ་རེ ཞེན་ཆགས་དང་སྦས་སྐུང་གཞན་ཞིག་གི་བསླུ་བྲིས་ཨེ་ཡིན ཏག་ཏག་ང་ཚོ་དང་རྒྱང་རིང་གི་བར་ཐག་རེ་ན མངའ་ཐང་གང་ཞིག་གིས་རང་ཉིད་གྱེན་དུ་འཐེན་ཐེངས་རེར སྤྱི་གཙུག་དང་སྙིང་དབུས་ནས་གཟུགས་མེད་ཀྱི་ན་ཟུག་རྒྱས་འོངས ང་ཚོ་ཨ་ལན་མེད་པའི་མི་རབས་ཤིག་བྱེད་མི་འདོད མཛེས་སྡུག་བྲལ་བའི་རྒྱང་བཞུད་པར་འགྱུར་མི་སྲིད
འཐོར་རླུང་དེ་གཤོག་པ་ཆགས་འཇིག་ཡིན་པར་བརྗོད ཉི་འོད་དེ་གཤོག་པ་རྔུལ་ཆུ་ཡིན་པར་བསྙད རྟེན་གྱི་བུམ་བཟང་དུ་གྲུབ་པའི་གཤོག་པ གང་གིས་བྲན་དུ་མི་ཤོར་པའི་རྟེན་འབྲེལ་གྱི་བདག་པོ་ཡིན རི་རབ་བཞིན་བརྟན་པའི་ས་ཆེན་གྱི་རྣམ་ཤེས་ཡིན ཁ་བཏགས་ལྟར་གཙང་བའི་ཕྱྭ་གཡང་གི་དགའ་སྟོན་ཡིན དེ་ལྟ་ན གཤོག་པའི་དྲན་གཞིག་ཡོད་ཚད གཤོག་པས་ནམ་མཁའ་ནས་སྐྱུར་ཞོག ལམ་གྱི་བཞི་མདོ་ནས་སྤོངས་དགོས
ང་ཚོ་ཕ་མཁར་ལ་དུངས་ནས གཤོག་པ་དང་འབྲེལ་བའི་དམ་ཚིག་ཉམས་མེད ང་ཚོ་རྒྱང་རིང་ལ་ཞེན་པས གཤོག་པའི་དྲང་བདེན་གྱི་སྤོབས་པ་ཡལ་མེད གཤོག་པ་ཆ་འདི
ང་ཚོར་ལྡན་པས ང་ཚོས་རྐྱོང་སྐུམ་གྱི་ལྡེམ་མྱུར་ལ་ཁེན་ནས འཛམ་གླིང་འདི་རྡོག་པས་གནོན་དགོས རྒྱང་རིང་དེ་འཕུར་རྩལ་གྱིས་གཅོད་དགོས རྒྱང་རིང་ནས་ང་ཚོ་འགྲེང་ཚུགས་ཐུབ་ལ ང་ཚོར་དྲོད་ཁོལ་ཡོད ད་དུང་བརྩེ་བ་ལྡན
མདོར་ན ང་ཚོར་རང་ལ་དབང་བའི་གཤོག་པ་ཆ་གཅིག་ཡོད གཤོག་པས་འཇལ་བའི་ནམ་མཁའི་མཐོ་ཚད་ཡང་ཡོད
རྩོམ་ཁུངས། ༢༠༠༨ལོའི་གངས་རྒྱན་མེ་ཏོག