ཕོ་བྲང་པོ་ཏ་ལར་ཞུ་བ།
རྔུལ་ཁྲག་གིས་གྲུབ་པའི་གསེར་གྱི་ལུ་མ མི་རབས་དུ་མའི་རྨི་ལམ་དུ་སྦྲུམ་པའི་ཁྱེའུ་དཀར་པོ སུས་ཀྱང་རུམ་ཆོག་པའི་བྱེའུ་གཤོག་མེད མིག་ཟུང་རིལ་རིལ་ངང་སུ་ཞིག་ལ་བལྟས་ཡོད
སྐད་ཆ་བཤད་མི་འདོད་པའི་ང ལུས་སེམས་སྨྲེང་དོན ནམ་ཞིག་ཁྱོད་ཀྱི་ངོ་གདོང་དེ་གཞན་ཞིག་ལ འགྱུར་འགྲོ་བའི་སྐྲག་སྣང་འཆོར་ངེས
ཉི་འོད་ཀྱིས་དཀྲུས་པའི་ངོ་གདོང་ལས བོད་མི་ཚོའི་སེམས་པ་ཕྱེས་མྱོང གཅེས་ལངས་ཏུ་བཏང་བའི་ཁྱོད་རང སྨུག་པ་ཞིག་གིས་ཡོངས་སུ་བཏུམས་འདུག
མཚན་མོའི་སྲིན་འབུ་ཆུང་ཆུང་དག་གིས ཁྱོད་རང་དུར་སར་གཏད གཡས་གཡོན་གང་རུང་ན ང་རང་འཕྲེད་དུ་ཉལ་ཡོད
ཁྱོད་ནི་ཁྲག་གིས་བྲིས་པའི་ཡིག་འབྲུ་རྡོག་ཅིག ཨ་ཕའི་སྒལ་གཞུང་དུ་བཙུགས་པའི་དར་ལྕོག་ཟད་པོ ངའི་རྨ་ཁར་བཏང་པའི་སྨན་ཐལ་སེར་པོ ས་སྲོད་ཀྱི་དུས་སྐབས་འདི་ལ ང་ཚོའང་གྲུ་ཆུང་ཞིག་ལ་བསྡད་དེ ཁྱོད་ལ་བསྐོར་བ་ཐེངས་འགའ་བྱེད་ན་འདོད
རྩོམ་ཁུངས། ངེད་དྲ་བ།