ནད་ཡམས་གང་ཐོན་ཁྲོད་ཀྱི་སྨན་ལེགས་ཤིག

                                  ----《རུས་སྦྱོར་གཡུ་ཐོག་དགྱེས་པའི་མཆོད་སྤྲིན》བཀླགས་རྗེས་ཀྱི་ཞོར་གྱི་སྐད་ཆ།

                                 རྩོམ་པ་པོ· གདུགས་དཀར་སྒྲོལ་མ། ཀློག་པ་པོ  ·ཞོགས་ཆར།(ལན་གྲུ)

      ཉིན་འགའི་སྔོན་དུ་མཚོ་སྔོན་ཟི་ལིང་གི་རིག་གནས་སྲང་ལམ་གྱི"གངས་དཀར་ཕྱོགས་ལས་གསོལ་ཁང"དུ་ངེད 《ཞྭ་མོ་དམར་པོ》 འི་ཁོངས་མི་གསུམ་གནས་དེ་གར་ལྷན་འཛོམས་བྱུང་དུས།  གྲོགས་དུད་སྒྲེང་གིས་ང་དང་སྙིང་གྲོགས་གདུགས་དཀར་སྒྲོལ་མ་གཉིས་ལ་དཔེ་དེབ་ཅིག་ལེགས་སྐྱེས་སམ་དྲན་རྟེན་དུ་བྱིན་སོང༌། ལེགས་སྐྱེས་དེ་ནི་རང་ཕ་ཡུལ་གྱི་བུད་མེད་སྨད་པ་ཞིག་གིས་གསོ་རིག་ཞིབ་འཇུག་སློབ་མའི་མཐར་ཕྱིན་དཔྱད་རྩོམ་ལ་བྲིས་པའི་གསོ་རིག་ཕྱོགས་ཀྱི་དཔེ་དེབ་ཅིག་རེད།   སྤྱིར་ཁོ་བོར་མཚོན་ན་བོད་ཀྱི་གསོ་བ་རིག་པའི་ཆེད་ལས་མིན་ཞིང༌།   སྒོས་སུ་གསོ་རིག་གི་རུས་སྦྱོར་ཐད་ལ་དེ་བས་ཀྱང་ལྟ་ཚུལ་འདོན་པའི་ཁེ་དབང་དབེན་པ་སྔོན་ནས་ཧ་གོ་གིན་ཡོད་མོད།   ཡིན་ནའང༌།   དཔེ་དེབ་འདི་མི་ཚེའི་སྤུན་གྲོགས་དུད་སྒྲེང་གིས་མཚམས་སྦྱོར་མང་པོ་ཞིག་བྱས་པ་དང་ལྷན་དུ་རང་ཉིད་ཀྱིས་ཀྱང་ཞིབ་དུ་ཀློག་འདོད་ཀྱི་འདུན་པ་ཞིག་བཅོས་མེད་དུ་སྐྱེས་འོང༌།   དེ་ནི་རྒྱུ་མཚན་མེད་པ་ཞིག་ལར་ནས་མ་ཡིན་ཏེ།  ང་རང་ལ་མཚོན་ན་དུས་རྒྱུན་དཔེ་ཀློག་གི་ལས་ཀ་ལ་ཤིན་ཏུ་ནས་དགའ་ཞེན་ཡོད་པས་ཡིན་ལ།  ཁྱད་པར་དུ་ཕ་ཡུལ་རྐང་ཚ་ནས་དེ་རིང་གི་ད་ལྟའི་བར་དུ་རེ་བ་བཅིངས་སའི་རིག་གནས་སྡེ་ཁག་གི་ཤེས་ཡོན་པའི་ཁོར་ཡུག་ཞིག་མེད་པས་ལན་པ་ཡིན་ལ།  དེ་བཞིན་བོད་པའི་སྤྱི་ཚོགས་སུ་དཔེ་ཀློག་གི་འཚོ་བར་གོམས་པའི་མི་བུ་བསམ་གཞིགས་ཅན་ཤིན་ཏུ་ནས་དཀོན་པས་ཡིན།      རེད་མོད།   དོན་དམ་གྱི་དཔེ་ཀློག་པ་ཞིག་ལ་མཚོན་ན་དཔེ་ཆ་གང་དེའི་ཆེས་རིན་ཐང་ཡོད་པའི་ཤེས་རྟོགས་རིག་པས་ཞིབ་འཇུག་གི་ཚད་གཞི་ནི་མཛེས་སྡུག་གི་མྱོང་་་་་
ཚོར་ཞིག་དང་ཆེས་བདེ་སྐྱིད་ཀྱི་བསམ་བློའི་ལོངས་སྤྱོད་ཅིག་ཅི་ལ་མིན།  ཡིན་ཡང༌། རང་རེའི་ཁོར་ཡུག་ནི་རིག་གནས་ཀྱི་འདུ་ཤེས་དང་འགན་འཁྲི་མེད་པའི་འབྲོག་སྡེ་ཕལ་བ་ཞིག་གམ་རྒྱུ་དང་འབྱོར་བ།    ངོ་དང་དབང་ཐང་གིས་ནམ་ཡང་ཚད་མཇལ་བའི་འདི་འདྲའི་རྫོབ་དྲག་པའི་གནས་བབ་ནས་དཔེ་ཆ་ཀློག་རྒྱུ་ནི་དུས་རྒྱུན་གྱི་འཚོ་བའི་ཕ་མཐར་བོར་བའི་ཁོ་ཚོ་དང་འབྲེལ་མེད་ཀྱི་དོན་ཞིག་ཡིན་པའི་ཚོར་སྣང་བྱིན་ཡོང༌། དོན་དུ་དཔེ་ཀློག་གི་འཚོ་བ་ནི་མི་ཚེའི་འགྲུལ་བཞུད་ཁྲོད་ཀྱི་ཆེས་འོད་སྟོང་འབར་བའི་ལམ་བུ་ཞིག་རེད་ལ། ལམ་བུ་འདིའི་དཀྱོགས་མཚམས་རེ་ནས་མིའི་རིགས་ཀྱི་རྩོམ་པ་པོ་དང་ངལ་རྩོལ་པའི་ཤེས་རབ་ཀྱིས་འཛམ་གླིང་སའི་གོ་ལའི་གནའ་དེང་ལ་བཞག་པའི་རྔུལ་ཁྲག་གི་འབྲས་བུ་རེ་རེ་ཡོད་པས་ངས་ག་དུས་ཡིན་ཡང༌།ཁོང་རྣམས་ཀྱི་ངལ་རྩོལ་ལ་རྡོག་བརྫིས་གཏོང་མི་ཕོད།དེ་བས་ང་རང་ཆུང་དུས་ནས་ད་ལྟའི་བར་དུ་དཔེ་ཀློག་གི་འཚོ་བར་གོམས་ཞིང་བསམ་གཞིག་གི་སྐད་ཆ་དྲང་མོར་ཤད་པའི་སྤྱིར་བཏང་གི་ཀློག་པ་པོ་ཞིག་ཡིན་མོད།སྐབས་ལན་རེ་དཔེ་ཆ་ཀློག་རྗེས་ཀྱི་རང་ཉིད་ཀྱི་འཆར་སྣང་དེ་དག་ངས་རང་གི་འགན་འཁྲི་ཞིག་ལ་བརྩིས་ཏེ་རྩོམ་པ་པོ་གང་དེའི་སྨྱུག་ཁ་ནས་བརྡོལ་བའི་བསམ་གཞིགས་ཀྱི་སྐད་ཆ་དེ་དག་ལ་ཕྱིར་ལན་ཞིག་སྤྲོད་འདོད་དུས།   ཡིད་སྐྱོ་བ་ཞིག་ལ།  འཛམ་གླིང་རིག་གནས་ཀྱི་བང་མཛོད་མ་མཐོང་ཞིང་ཁེར་ཚུགས་ཐུབ་པའི་བསམ་བློའི་རྒྱང་འབོད་ཅིག་གི་རང་ངོ་མི་ཟིན་པའི་བོད་ཀྱི་རྩོམ་སྟེགས་རྫུན་མའི་སྟེགས་བུ་ན་རྨོངས་འཐོམས་པའི་གད་སྙིགས་ལས་རིགས་ཀྱི་འཆད་གཏམ་དག་ལ་ང་རང་དངོས་་་་་་་
གནས་སུན་པོར་བྱུང་ཡོད་པས་འཁྱོགས་བརྗོད་རིང་ལུགས་པ་དག་ལ་ཁོ་བོས“དགོངས་དག”ཞེས་པའི་ཐ་སྙད་འདི་ལས་སྐད་ཆ་གང་ཡང་བཤད་འདོད་མེད་དོ།། 
      ང་རང་འདི་ལྟར་སུན་པོ་དང་རེ་ཆད་བྱུང་བའི་བར་སྐབས་ཤིག་ལ་སྟེས་དབང་གིས་རང་རེའི་རྐང་ཚའི་ཤེས་ཡོན་པར་གྱུར་བའི་བུད་མེད་ཅིག་གི་བརྩམས་ཆོས་ཀློག་རྒྱུའི་སྐལ་བ་ཉིན་གསུམ་ལ་ལྡན་བྱུང༌།       འདི་ནི་ང་ལ་མཚོན་ན་དགའ་འོས་པའི་བྱ་བ་ཞིག་རེད་མོད།   ང་ནི་རང་གཤིས་དྲང་བོས་གཅུན་པའི་ཀློག་པ་པོ་སྣང་མཐོ་ཞིག་ཡིན་པའི་ངེས་ནས་གླེང་ན།སྐོར་ཞིག་དགོད་བྲོ་བའི་གནས་སུ་ལྷུང་ན་ཐང་མོད།    ཞིབ་འདང་ཟབ་མོ་ཞིག་བརྒྱབ་འོང་ན།  རང་ཉིད་གསོ་བ་རིག་པའི་ཆེད་སྦྱོང་གི་ཡོན་ཏན་པ་ཞིག་མིན་ཡང༌།    བོད་ཀྱི་གསོ་རིག་དང་འབྲེལ་བའི་ལྟ་ཚུལ་ཞིག་ཁ་བའི་ལྗོངས་སུ་ཕུད་ན་མི་ཆོག་པའི་ངེས་པ་མེད་པའི་གནས་ལུགས་ཀྱིས་ང་རང་ཅུང་ཉོག་འཕྲོས་སུ་འགྲོ་བར་ཐེ་མི་ཚོམ་མོད།    བོད་ཀྱི་གསོ་བ་རིག་པའི་རྩ་བ་འདི་བོད་རང་ཉིད་ཀྱིས་གསར་གཏོད་དར་སྤེལ་བྱས་པ་ཞིག་ཡིན་ཞེས་ཁྲོ་རུ་ཚེ་རྣམ་གྱིས་གསུངས་ཡོད་པ་ལ་བོད་ནང་གི་མཁས་པ་མང་པོའི་དགོངས་འཆར་གཅིག་མཚུངས་རེད།       དེ་ལྟར་ན་བོད་རང་གི་མི་རྗེ་ཐོག་མ་རྒྱལ་བོ་གཉའ་ཁྲི་བཙན་པོའི་སྐབས་ནས་བཟུང་དར་ཡོད་ལ།     བློན་པོ་ཤེས་པ་ཅན་རྩིབས་ལྷ་སྐར་མ་ཡོལ་སྡེ་ནས་ལག་ལེན་བྱས་ཡོད་པ་ལོ་རྒྱུས་ཡིག་ཚང་སོགས་ན་གསལ་བོར་འཁོད་འདུག  འདི་ལྟར་བོད་རང་ལ་སྨན་དཔྱད་ལག་ལེན་གྱི་ཡིག་རིགས་གསལ་བ་ནས་བཟུང་ད་བར་དུ་མི་ལོ་ཉིས་སྟོང་ཆིག་བརྒྱ་ཉི་ཤུ་རྩ་གསུམ་འདས་ཡོད་ལ།   རང་རིགས་ཀྱི་རྒྱལ་རབས་ཉེར་བདུན་པ་ཐོ་ཐོ་རི་གཉན་བཙན་གྱི་དུས་ནས་འགོ་བརྩམས་ཏེ་ཤེས་ལྡན་སྨན་པ་གསོ་སྐྱོང་གནང་བའི་ལམ་ལུགས་བྱུང་ཡོད།   དེའི་མི་ཚད་གཡུ་ཐོག་རྙིང་མས་སྨན་པའི་སློབ་གྲྭ་ཞིག་ཕྱག་བཏབ་པའི་ལོ་རྒྱུས་ཀྱིས་ང་ཚོར་སྨན་གྱི་ལས་རིགས་ལ་མཐོང་ཆེན་བྱེད་དགོས་པའི་གསལ་ཁ་གྲོལ་ཡོད་པར་མ་ཟད།  སྨན་པའི་སློབ་གྲྭ་དེ་བཙུགས་ནས་ད་བར་དུ་ལོ་ཆིག་སྟོང་ཉིས་བརྒྱ་སུམ་ཅུ་སོ་དགུ་འདས་ཡོད་མོད།   རང་རེའི་ད་སྐབས་ཀྱི་སྨན་པའི་ལས་གནས་གཉེར་མཁན་དག་གིས་སྨན་གྱི་ལོ་རྒྱུས་ཡིག་ཚང་ལ་ཞིབ་འཇུག་དང་མཐོང་ཆེན་མི་བྱེད་པའི་ཉན་ཁའི་གནས་བབས་འདི་འདྲ་ནས་གློ་བུར་དུ་སྨན་གཞུང་གང་དེའི་གསོ་རིག་གི་ཕྱོགས་ནས་འགྲོ་བ་མིའི་ནད་ལ་ཕན་པའི་གསར་རྩོམ་གཞུང་ལུགས་རེ་མཛད་ཐུབ་གི་ཟེར་ན།    ཁོ་བོ་ནི་ཡིད་ཆེས་ལྷོད་འགྲོ་བ་ཞིག་རེད།  དེང་གི་སྨན་པ་ཡིན་ཟེར་ཞིང་སྨན་གཞུང་གི་རྩ་བར་ལག་ལེན་ཅི་ཡང་མེད་པའི་ལ་དཀར་པོ་གྱོན་པ་དེ་དག་གིས་གསོ་རིག་དུས་དེབ་ཁག་ཏུ་རང་ཉིད་ཀྱི་ཟླ་ཕོགས་འཕར་སྤྱད་ལ་གཞན་རྩོམ་དང་གཞན་གྱི་སྨན་གཞུང་བརྐུས་ཏེ་རང་གི་ངལ་རྩོལ་ཡིན་ཁུལ་གྱིས་མི་དམངས་ལ་མགོ་སྐོར་གཏོང་དུས།     ནད་པ་དང་མི་དམངས་ནི་ཁྱེད་ཚོའི་ཤོག་སྒོར་ཙམ་ལ་ངེས་བཟུང་ནི་ནོར་སྐྱོན་ཚབས་ཆེན་ཡིན་ལ།དུས་ནམ་ཞིག་ལ་ནད་པའི་རྔུལ་ཁྲག་གིས་གྲུབ་པའི་ཁྱེད་ཚོའི་དཀར་ཡོལ་དེ་ཡང་ཆག་ངེས་ལ་འདུག་སྟེགས་དེའང་ཡུན་མི་རིང༌།   འདི་ནི་ངས་དེང་སྐབས་སྨན་པ་ཚོའི་སྡེ་ལ་བཤད་འདོད་པའི་སྐད་ཆ་ཞིག་དང་མཚོ་སྔོན་འཕྲོད་བསྟེན་སློབ་ཆེན་ཁག་ན་སློབ་གཉེར་བྱེད་ཁུལ་བགྱི་བའི་གྲོང་ཁྱེར་གྱི་སྦྱིན་བདག་གང་དེའི་ཤོག་སྒོར་དང་མཉམ་དུ་རང་ཉིད་ཀྱི་ལུས་པོ་ལ་ཚང་རྩིས་རྒྱག་མི་ཤེས་པའི་སྐྱ་སྟོང་མ་དེ་དག་གི་གནས་བབས་ལ་ཆེད་དུ་འཆད་བརྗོད་པའི་སེམས་གཏམ་ཞིག་ཡིན།   རྒྱུ་མཚན་ག་རེ་རེད་ཟེར་ན།  མཚོ་སྔོན་ས་ཁུལ་གྱི་འཕྲོད་བསྟེན་སློབ་གྲྭ་ཁག་གི་སློབ་མ་མང་ཆེ་ཤོས་ཕོ་མོའི་མཐུན་འཇུག་གི་ལས་ལ་རྟག་ཏུ་རོལ་གི་ཡོད་རྐྱེན། (ཕོ་མོའི་ཞེ་མཐུན་འཇུག་གི་བརྩེ་དུང་གླེང་ན་མི་འགྲིག་ཟེར་བ་མིན།   སློབ་སྦྱོང་གི་དུས་སྐབས་ཤིག་ནས་བཤད་པ་ཡིན)ད་སྐབས་རིག་གནས་སློབ་ཆེན་པའི་སྡེ་ཁག་དང་དངོས་ཡོད་རྟག་དཔྱད་པ་ཚོས་བཤད་དོན།  དེང་གི་སྨན་སློབ་མཁན་ཚོ་སློབ་མཐར་ཕྱིན་དུས་སྤྱི་ཚོགས་ཀྱི་ལས་གནས་སུ་ཞུགས་ཏེ་སྨན་པ་བྱས་རྗེས་ཅན་རེ་འཁྲུངས་གི་ཟེར་ན་རྫུན་ཡིན་མོད།  དགའ་རོགས་སྒྲིག་སྟངས་དང་བྱིས་པ་བཙའ་ཐབས་ལ་ཁོ་ཚོ་དངོས་གནས་མཁས་པོ་འདུག་ཟེར་བའི་ཁ་དཔེ་ཞིག་གིས་སྡོམ་ཚིག་བཀོད་འདུག   དྲང་མོར་བཤད་ན།སྐད་ཆ་འདི་ལའང་གནས་ལུགས་དབེན་པ་ཞིག་ལར་ནས་མ་ཡིན།   ངས་ཤེས་གསལ་ལྟར་ནའང༌།  འཕྲོད་བསྟེན་སློབ་གྲྭ་ཁག་གི་སློབ་མ་མང་ཆེ་ཤོས་ཀྱི་གནས་ཚུལ་དེ་འདྲ་རེད། (ཡོད་ཚད་ཟེར་བ་གཏན་ནས་མིན)འདི་ལས་ང་ཚོས་ཤེས་ཐུབ་པ་ནི་ཁོ་ཚོས་དྲང་སྲོང་རིག་པའི་ཡེ་ཤེས་དང་ཡིད་ལས་སྐྱེས་ཀྱི་ཞུ་བ་སོགས་ཀྱིས་དཀའ་བ་བརྒྱ་ཕྲག་གིས་རྩོམ་སྒྲིག་གནང་བའི་དཔལ་ལྡན་རྒྱུད་བཞི་ལ་མཐོང་ཆུང་བྱས་པའི་རྟགས་ཤིག་དང་ད་བར་དུ་ལོ་བརྒྱད་བརྒྱ་དོན་གཅིག་སོང་བའི་ལོ་རྒྱུས་སྨན་གཞུང་ལ་ནག་ཉེས་བསགས་པ་རེད་འདོད་བྱུང༌།  
              མཐའ་ན་བོད་ཞི་བས་བཅིངས་འགྲོལ་བཏང་བའི་རྗེས་སུ་ཀྱང་བོད་ལུགས་སྨན་ཁང་གི་ཚན་ཁག་བཙུགས་ནས་རྒྱལ་ཁབ་སྲིད་འཛིན་གྱི་ཆབ་སྲིད་ཐོབ་ཐང་དང་དཔལ་འབྱོར་གྱི་འགྲོ་གྲོན་སོགས་ཕྱོགས་གང་ཅིའི་ཐད་ནས་འགན་སྲུང་ཐོབ་པའི་འདི་འདྲའི་སྨན་རིག་པ་ལ་ད་ལྟའི་ན་གཞོན་སྐོར་ཞིག་གིས་སྨན་གཞུང་སློབ་སྦྱོང་གི་རྣམ་འགྱུར་ལེགས་པོ་མི་འཛིན་པ་དོན་ག་རེ་ཡིན་སོང༌།  བོད་ལུགས་གསོ་རིག་འདི་ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་མེ་སྟག་འཆད་ཀྱིན་འདུག་ལ།    དེ་ནི་ལོ་ངོ་བརྒྱ་སྟོང་མང་བོར་རིག་པའི་གཞུང་ལུགས་ཀྱི་ཤེས་བྱ་དང་ནད་ཐོག་ལ་ལག་ལེན་གྱི་མྱོང་བ་གཉིས་གཅིག་གྱུར་སྒོས་ཀྱག་ཀྱོག་གང་མང་ཞིག་བརྒྱུད་པའི་གཡུར་ཟའི་འབྲས་བུ་ཞིག་ཡིན་པས།  དགའ་འོས་པའི་བྱ་གཞག་ཅིག་ཏུ་བསམ་ཆོག་ཆོག་ཡིན་མོད།  འོན་ཀྱང་གྲུབ་འབྲས་ཨེན་ཙམ་གྱིས་ཡིད་མི་ཚིམ་པའི་ཁོ་བོར་མཚོན་ན།  མགུ་བཀང་བ་དང་ཁེངས་རློམ།    ཆོག་ཤེས་བྱེད་པ་ནི་འཇིག་རྟེན་ཁམས་ཀྱི་བྱ་དངོས་འཕེལ་རྒྱས་ཀྱི་བཀག་རྡོར་ངེས་བཟུང་ཡོད་པས་ན།   ང་ཚོས་འཛམ་གླིང་གསོ་རིག་གི་ལོ་རྒྱུས་ལ་སློབ་སྦྱོང་དང༌།  ལེགས་ཆ་སོགས་བསྡུ་ལེན་བྱས་ཏེ་རང་རེའི་སྙན་གྲགས་ཀྱི་གཉོམ་ལག་རྒྱས་བཞིན་པའི་གསོ་རིག་གཞུང་ལུགས་ཀྱི་སྟོང་ཆ་ཁ་སྐོང་བ་དང་མ་ཉམས་གོང་སྤེལ།  ཉམས་པ་སོར་ཆུད་བྱེད་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ་བར་མཐོང༌།  དེ་བས་གསོ་རིག་གི་གཞུང་ལུགས་འདིའང་འཐུས་ཇེ་ཚང་དང་དངོས་ཡོད་ཚན་རིག་དང་མཐུན་རྒྱུའི་རྩ་བ་ནི་ཞན་ཆ་ཐེར་འདོན་བྱེད་རྒྱུ་དེ་ཡིན་པས།   བློ་གྲུང་བོ་དང་ཐབས་མཁས་པའི་ངང་ནས་དུས་རབས་གསར་བའི་དགོས་མཁོ་སྐོང་མི་ཐུབ་པའི་གནད་དོན་དག་དམར་རྗེན་དུ་བཏོན་ནས་བརྟག་དཔྱད་དང་བཅོས་བསྒྱུར་གང་ལེགས་བྱས་ཏེ་སླད་ཕྱིན་བོད་ལུགས་གསོ་རིག་གིས་འཛམ་གླིང་ཡོངས་ཀྱི་སེམས་ཅན་གང་དེའི་བདེ་སྡུག་ལ་ཕན་རེ་ཨེ་ཐོག་སྙམ་པའི་སྟ་གོན་ཡོད་ན་འགྲིག་ཚོད་རེད་བསམ་བྱུང༌།    དེ་བས་གསོ་རིག་སློབ་གྲྭ་ཆེན་མོ་བ་སོགས་ཀྱིས་མཚོན་པའི་ན་གཞོན་ཤེས་ཡོན་ཅན་ཕལ་ཆེ་བ་བོད་ཀྱི་སྲོལ་རྒྱུན་སྨན་གཞུང 《རྒྱུད་གཞི》ཡིས་ཡིད་མ་ཚིམ་པར་ནུབ་ཕྱོགས་གསོ་རིག་གི་ལག་རྩལ་ལ་བློ་སྦྱོང་འགྲོ་བ་ནི་དངོས་ཡོད་མིའི་འཚོ་བ་དང་དགེ་མཚན་ཆེན་པོར་ཡོད་པའི་རིག་གནས་བློ་སྦྱོང་གི་སད་རྟོགས་ཤིག་རེད་འདོད།    དེ་བས་ད་ཆ་ངས་བཀླགས་ཟིན་པའི《རུས་སྦྱོར་གཡུ་ཐོག་དགྱེས་པའི་མཆོད་སྤྲིན》འདིའི(མཚམས་སྦྱོར་བའི་གཏམ)དང(སྔོན་འགྲོའི་ཞུ་ཚིག)སོགས་ན་གཞན་དང་མི་མཐུན་པའི་ཁྱད་ཆོས་མངའ་ཟེར་བ་བདེན་ལུགས་ཆེ་མོད།  གོང་གི་འགོ་བརྗོད་འབྲི་རྒྱུར་གོམས་པའི་མཚོ་སྔོན་ཞིང་ཆེན་བོད་ལུགས་སྨན་ཁང་གི་སྨན་མིང་འཛིན་པ་བློ་བཟང་ཉི་མ་དང་མཚོ་སྔོན་སློབ་གྲྭ་ཆེན་མོའི་བོད་ལུགས་གསོ་བ་རིག་པའི་བྱ་མདོ་ཀླུ་བྱམས་རྒྱལ་གཉིས་ཀྱིས་ཀྱང་རྒྱུས་གང་ཡོད་ཀྱིས་གསོ་བ་རིག་པའི་དེབ་ཆུང་འདི་ལ“ཁྱད་ཆོས་བཞི་དང་ཚོད་ལྟ་ཞིབ་འཇུག་གི་ལེགས་འགྲུབ་བྱུང་བ(༩༥﹪)ཟིན་ཡོད་པ”ཁེགས་ཐག་བྱས་འདུག་མོད།  དངོས་ཡོད་འཚོ་བའི་གནས་ལུགས་དང་ཞིབ་དུ་བསྡུར་ན་འུར་བསྟོད་འགའ་རེ་མཆིས་མོད།   དོན་ཕལ་བ་ཡིན་པས་རེ་ཞིག་གུ་ཡངས་སུ་བཏང་ན་འགྲིག  གཙོ་བོ་གྲོགས་མོ་གདུགས་དཀར་སྒྲོལ་མ་ནི་གསོ་རིག་ཧྲོ་ཧྲིའི་ཐོབ་ཐང་བླངས་ཟིན་པའི་སྨན་པ་་་་་་་་་
ཞིག་གི་ངེས་ཐད་ནས་དྲང་བོར་བལྟས་ན་བློ་ཡིད་འགུགས་པའི་མཚོན་རྟགས་དེ་འདྲའི་ཡ་མཚན་པ་ཞིག་མེད་ཀྱང་སྲིད་མོད།  ཁོ་མོས་ལོ་ངོ་གསུམ་གྱི་རིང་ལ་ཞིབ་འཇུག་གི་གནས་བབ་དང་གསོ་རིག་གི་རིན་ཐང༌།   ཚད་གཞིའི་དམིགས་ཡུལ།   བརྟག་དཔྱད་ཀྱི་གྲུབ་འབྲས།  ཚོད་ལྟ་ཞིབ་འཇུག་གི་བདེན་དབང༌།  ཁྱད་པར་དུ་རུས་པའི་ཆག་ལུགས་དང༌།རུས་སྦྱོར་བརྒྱད་པའི་ཕན་ནུས་ཀྱི་མཐའ་དཔྱོད་ལ་ཁོ་མོ་རང་ངོས་ནས་ལག་ལེན་གང་མང་བྱས་འདུག་པ་དོན་དངོས་ཡིན་ལ།   དཔེ་དེབ་འདིའི་རིན་ཐང་གི་ཚད་གཞིར་ཡང་བདོག    རེད་མོད།  ངས་ཀྱང་རང་ནུས་གང་ཡོད་ཀྱིས་རྣམ་འགྱུར་ལེགས་པོར་བཟུང་སྟེ་གསོ་རིག་གི་དེབ་ཆུང་འདི་ལ་ཡང་ནས་བསྐྱར་དུ་ཀློག་སྐབས། ཡིད་སེམས་ཞེ་ནས་དགའ་བ་ཞིག་ལ་རང་ཡུལ་རྐང་ཚའི་རིག་གནས་ལོ་རྒྱུས་ཀྱི་གར་སྟེགས་སྟེང་གི་གསོ་རིག་གི་དཔེ་དེབ་ཆེས་ཐོག་མ་ཡིན་ཞིང༌། ཁྱད་པར་དུ་བུད་མེད་ན་གཞོན་ཞིག་གི་ངེས་ཐད་ནས་གླེང་ན་གྲུབ་འབྲས་སམ་རང་ཡུལ་གྱི་གཟི་བརྗིད་དུ་རློམ་ཆོག་མོད།འོན་ཀྱང་རིག་གནས་དང་ཡོན་ཏན་ལ་ཞེ་འཁྲེང་བའི་ཁོ་བོར་མཚོན་ནས་བཤད་ན།དུས་རབས་གསར་བའི་རང་རེའི་རྐང་ཚའི་རྩོམ་སྟེགས་སུ་རླབས་ཆེ་བའི་བརྩམས་ཆོས་རིན་པོ་ཆེ་གང་ཞིག་ལ་གདེང་འཇོག་མཛད་དགོས་པའི་འཕྲིན་ལས་དེ་བས་ཀྱང་དབེན་གི་འདོད་ཡོད།   ང་ནི་རང་རློམ་གྱིས་གཅུན་པའི་ཀློག་པ་པོ་ཕལ་བ་ཞིག་ཡིན་གཤིས།   རིག་གནས་ལོ་རྒྱུས་ཀྱི་གར་སྟེགས་གང་ཞིག་ཡིན་ཡང་དོགས་སློང་གིས་ཞིབ་དཔྱད་བྱས་ཏེ་དངོས་ཡོད་འཚོ་བའི་གར་སྟེགས་སུ་སྒྲོན་རྒྱུ་ནི་རང་གིས་འོས་འགན་ཞིག་ཏུ་བསམ་ཡོད་ལ།  རྫུན་དང་ཕྲ་མས་གོས་པའི་གཡོ་སྒྱུ་ཅན་གྱི་ལས་རིགས་ལ་ཡེ་ནས་མཐོང་ཆེན་བྱེད་མི་ཤེས་པའི་ཀློག་པ་པོ་ཨུ་ཚུགས་ཅན་ཞིག་རེད་ཞེས་བཤད་ཀྱང་མི་ཆོག་པ་མེད། དེ་ནི་ཅིའི་ཕྱིར་ཟེར་ན། ད་ལྟའི་བོད་ཀྱི་རྩོམ་སྟེགས་སུ་འཚང་ཁ་ཤིག་ཤིག་གིས་ཐོན་པའི་ཡིག་ནོར་གྱིས་ཁྱབ་པའི་བསྐྱར་དཔར་དེབ་དང་གཞན་གྱི་བྲིས་རྩོམ་རང་གི་ཡིན་ཁུལ་གྱིས་ཁྲིམས་མཐུན་པར་དབང་རྡོག་བརྫིས་སུ་བཏང་བའི་སྒེར་གྱི་གད་སྙིགས་ཀྱི་ཤོག་ལྷེ་སྐོར་ཞིག་ལས་ངའི་མིག་གི་རྒྱུ་དང་དོན་གྱི་དཔྱད་ལ་ཁེལ་བའི་བྲིས་རྩོམ་ཞིག་ལ་མ་འཕྲད་པའི་སྐལ་བས་དབེན་པ་ཡིན་ནའང་ཐང༌།   རང་གི་ལྟ་ཀློག་གི་དཔེ་དེབ་ཉུང་བས་ཡིན་ནའང་ཐང༌།གང་ལྟར་བོད་ཀྱི་རྩོམ་སྟེགས་སུ་དགེ་ཆོས་དང་རང་གྲོལ་ཕུད་བ་ནས་ཁོ་བོ་ད་རེག་བར་དུ་ལེགས་རྩོམ་རིན་པོ་ཆེ་ཞིག་ལ་འཕྲད་རྒྱུའི་གོ་སྐབས་ཤིན་ཏུ་ཕྲ།  རྒྱུ་མཚན་ག་རེ་ཟེར་ན།   བོད་ཀྱི་བྲིས་རྩོམ་གང་ཞིག་ཡིན་ཡང༌། སྔོན་མེས་པོ་དག་གི་ཚན་རིག་མེད་པའི་དུས་སྐབས་ནས་དངོས་ཡོད་ལ་དཔྱད་འཇོག་ཡོད་ཅིང་རིན་ཐང་ཅི་ཡང་མེད་པའི་སྲོལ་དེ་ནི་ད་ལྟའི་བར་དུ་སྐྱ་སེར་ཕོ་མོ་ཀུན་གྱིས་བསྐྱངས་འོང་བ་རེད། ཁོ་བོ་ནི་དེ་ལ་ཡེ་ནས་མི་འཐད་དེ།   ད་ལྟའི་རྩོམ་དེབ་གང་མང་ཞིག་ལ་སྐྱོན་དེ་སྔར་བཞིན་ཡོད་པས་རེ་ཆད་པ་ཞིག་རེད།   དཔེ་དེབ་གང་དེའི་རྩོམ་མཁན་ནི་མ་གཞི་ས་ན་ཡོད་པའི་རྐང་གཉིས་ཀྱི་སྲོག་ཆགས་འདི་ཡིན་མོད།   ཧ་གོ་རྒྱུ་མེད་པ་ཞིག་ལ་སྔོན་འགྲོའི་གཏམ་དུ་བྲིས་པའི་རྫུན་ཉོག་དེ་དག་ལས་ཁོ་ཚོས་ས་ན་ཡོད་པའི་བརྩམས་ཆོས་དག་གནམ་ལ་བཞག་སྟེ་བསྟོད་བསྔགས་ཀྱི་ཚད་བརྒལ་བྱུང་དུས། ང་ནི་ཡིད་སེམས་སྡུག་སྟེ་དགོད་རེ་བྲོ། དོན་དུ་མིང་བྱང་རིང་བ་ཅན་དེ་དག་གིས་བྲིས་པའི་གདེང་འཇོག་ནི་རུལ་སུངས་རིང་ལུགས་ཀྱི་དགོངས་དོན་དང་མཐུན་པ་མ་གཏོགས་དངོས་ཡོད་འཚོ་བའི་རིག་གནས་ཆུ་ཚད་དང་མཐུན་པའི་བསྟོད་པ་ཞིག་ཁྱོན་ནས་ཡིན་མ་སོང༌།  དེ་ལས་ལྡོག་སྟེ་བཤད་ན།   དངོས་ཡོད་གནས་ལུགས་རྡོག་བརྫིས་སུ་ཕོད་པའི་དཔྱད་བརྗོད་པ་དེ་དག་དང་དཔེ་ཆ་གང་རུང་ལ་འགོ་བརྗོད་འབྲི་རྒྱུར་གོམས་པའི་སློབ་དཔོན་ཆེན་མོ་བ་དེ་དག་ནི་མ་གཞི་མིའི་རིགས་ཀྱི་དངོས་ཡོད་འཇིག་རྟེན་ལ་ནག་ཉེས་བསགས་མཁན་ཏག་ཏག་རེད།   བདག་གིས་འདི་ལྟར་བཤད་འོང་དུས།  མང་པོ་ཞིག་ཐུགས་ཁྲོས་ཏེ་མཉེས་པའི་ནོངས་སུ་མི་མཆིས་པའི་ངེས་པ་རྦད་དེ་མེད་མོད།  ཡིན་ཡང༌། ངས་ནི་ནམ་རྒྱུན་གནམ་འོག་གི་གནས་ལུགས་བརྩི་མཁན་གྱི་ཀློག་པ་པོ་གང་མང་ཞིག་དོན་མེད་དུ་མགོ་སྐོར་དང་ནམ་ས་འཕྲོ་བརླགས་ཀྱི་དུས་ཚོད་ཡེ་ནས་བརླག་མི་འདོད་པས་ཡིན།  དེ་བས་ཐེངས་འདིར་རང་ཡུལ་བུ་མོ་གདུགས་དཀར་སྒྲོལ་མས་བརྩམས་པའི《རུས་སྦྱོར་གཡུ་ཐོག་དགྱེས་པའི་མཆོད་སྤྲིན》ང་རང་གི་ལག་ཏུ་འབྱོར་དུས་དགའ་སྤྲོ་ཚད་མེད་སྐྱེས། འདི་ནི་དུངས་ཞེན་གྱིས་སྐུལ་བའི་རྟགས་སུ་མིན་ལ། ཞལ་ངོ་ཤེས་པའི་སྣང་མཐུན་གྱིས་ཕན་ཚུན་ལ་འུར་བསྟོད་བྱ་འདོད་ཀྱིས་ཀུན་སློང་མ་དག་པ་ཡེ་ནས་མིན།གྲོགས་མོ་གདུགས་དཀར་སྒྲོལ་མའི་རྩོམ་དེབ་འདི་ལ་སྤྱིར་ན་གསོ་རིག་གི་ཆེད་སྦྱོང་ཡིན་པའི་རིག་གནས་ཡོན་ཏན་ཅན་གྱི་སྐྱེས་བུའམ་སྐྱེས་མ་གང་རུང་ཞིག་གིས་གདེང་འཇོག་བྱས་ན་འོས་ཤིང་འཚམ་མོད། རང་ཡུལ་ཆུང་ཆུང་གི་གནས་བབ་ན་དཔེ་ཀློག་གི་ལས་གཉེར་མཁན་ཤིན་ཏུ་ནས་དཀོན་པོ་ཡིན་ཞིང༌།ཁྱད་པར་དུ་གསོ་རིག་གི་ཕྱོགས་ནས་དེ་བས་ཀྱང་དཀོན་ནོ།།   དེ་ལྟར་ན་རང་ཉིད་སྔ་མོ་ནས་དཔེ་ཀློག་པའི་འགན་ཁུར་ཞེས་པ་ཞིག་གིས་གཅུན་ནས་ཡོད་པས་ཐེངས་འདིར་གྲོགས་མོ་གདུགས་དཀར་སྒྲོལ་མའི་གསོ་རིག་དཔེ་དེབ་འདི་ལ་རང་གི་བསམ་ཚུལ་ཙམ་གྱིས་གདེང་འཇོག་དང་ཡི་རང་གནང་གིན་ཡོད།སྤྱིར་ན་ཁོ་བོ་ལྟ་བུའི་རིག་གནས་ཡོན་ཏན་གྱིས་དབུལ་ཞིང་སྒོས་སུ་གསོ་རིག་གཞུང་ལུགས་ཀྱི་ཁྱད་ནོར་རུལ་པའི་མི་བུ་ང་འདྲས་གཞན་གྱི་བརྩམས་ཆོས་རིན་པོ་ཆེ་དག་ལ་ག་བཟང་ཚུལ་དང་འདི་མི་བཟང་ཚུལ་གྱི་ལེའུ་རྩོམ་རྒྱུ་ནི་བཞད་གད་སློང་བའི་རྒྱུ་ལས་མ་འདས་མོད།ཉེ་སྔོན་འོ་སྐོལ་གྱིས་རྐང་ཚའི་རྩོམ་སྟེགས་སུ་ཐོན་པའི་དཔེ་དེབ་རེ་འགའི་ནང་དུ་ཁོ་མོའི་དཔེ་དེབ་ནི་ཅུང་ཐོལ་བརྒལ་བྱུང་ཡོད་པའི་དཔེ་དེབ་ལེགས་བྲིས་སུ་བརྩིས་ཆོག་པ་ཞིག་རེད་ལ། དེ་བཞིན་དཔེ་ཆའི་ནང་དོན་གྱི་ཆ་ནས་ཀྱང་སྤྱིར་བཏང་གི་གསོ་རིག་གི་ཆེ་བ་ཙམ་བརྗོད་པ་མ་ཡིན་ཞིང༌། དོན་གྱི་བོད་ལུགས་རང་གི་ཐུན་མོང་མ་ཡིན་པའི་རུས་སྦྱོར་བརྒྱད་པའི་སྦྱོར་བ་འདི་ལ་ས་བཅད་ཆེན་པོ་ཁག་བཞི་རུ་དབྱེ་སྟེ་བྱེ་བྲག་གི་དོན་ཚན་མང་པོ་བཀར་ཏེ་གཟབ་ནན་ཡིན་པའི་ཁྱད་ཆོས་མངའ་ཞིང་རྣམ་པ་གསར་བའི་ལམ་དུ་ཕྱོགས་ཡོད་པ་ནི་ཀློག་པ་པོ་སུས་བལྟས་ཀྱང་བསྙོན་དུ་མེད་མོད།  དཔེ་ཀློག་གི་རིན་ཐང་ནི་ཀློག་པ་པོ་རང་ངོས་ནས་ཚད་མཇལ་རྒྱུ་ཞིག་ཡིན་ཕྱིན། ཁོ་བོས་དཔེ་དེབ་འདིའི་ལེགས་ཉེས་ལ་ཤ་འབྱེད་ཟེར་ན་སྐད་ཆ་ཚོན་པོ་ཞིག་ཡིན་མོད།རང་གི་ངེས་ཐད་ཀྱི་སྐད་ཆ་དྲང་མོ་ཞིག་མིག་ཤེལ་གྱོན་པའི་ཤེས་ཡོན་པའི་སྡེ་ལ་ཆེད་དུ་སྙན་ཞུ་ཕུལ་ན་འདོད། དེ་བས་དཔེ་དེབ་འདིའི་པར་གཞི་ཇུས་འགོད་ཀྱི་ཐད་ནས་ཀྱང་སྙིང་བོ་ཡོད་པར་བསམ་ཞིང་དཀར་ཆག་སྒྲིག་སྟངས་ཀྱང་འོས་པར་འདོད།   ཡིན་ཡང༌། དཔྱད་རྩོམ་ཧྲིལ་བོའི་ཐོན་ཁུངས་ཀྱི་ཡིག་ཆ་བྱེ་བྲག་གི་མང་པོ་བཀོད་མེད་པའི་གནས་བབ་བསམ་ན།   དཔེ་དེབ་འདིའི་ཞན་ཆར་བརྩིས་ཆོག་ལ།      ཡིག་ནོར་རེ་འགའ་བྱུང་འདུག་པ་ནི《མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང》གི་་རྩོམ་སྒྲིག་འགན་འཁུར་པའི་སྐྱོན་ཆར་ངེས་བཟུང་ཆོག  སྤྱིར་ན་རིག་པའི་དཔྱད་རྩོམ་ཞིག་ཡིན་ན་རིག་གཞུང་གི་ཁྱད་ཆོས་གཙོ་བོར་འཛིན་དགོས་ཤིང་དཔྱད་གཞིའི་ཡིག་ཆ་གལ་ཆེ་བར་མཐོང་བའི་ལུང་ཁུངས་བཙན་དགོས་པའི་ཁྱད་རྟགས་དགོས་མོད།འོན་ཏེ་དཔེ་དེབ་འདི་གཅིག་པུའི་ཞན་ཆ་ཞིག་ག་ལ་ཡིན།  འདི་ནི་ད་ལྟའི་བོད་ཀྱི་རྩོམ་སྟེགས་སུ་ཐོན་དང་ཐོན་བཞིན་པའི་དཔེ་དེབ་མང་ཆེ་བ་སྐྱོན་ཆ་འདི་ཡོད་པས། ཕྱིས་སུ་རྩོམ་མཁན་དག་གིས་མཉམ་འཇོག་དགོས་པའི་གནད་དུ་འཁུམས།   ངས་འདི་ལྟར་ནམ་རྒྱུན་དྲང་ལྡན་ཞིག་བསམ་བཞིན་ཡོད་དེ།  རང་ཉིད་ནི་ཨན་ཐུའུ་ཧྲིན(Andersen.Hans.C ) བདེན་ལུགས་བརྗོད་མཁན་གྱི་བྱིས་པ་ཆུང་ཆུང་དེའི་སྙིང་སྟོབས་ལ་རྟག་ཏུ་སློབ་སྦྱོང་བྱེད་ཀྱིན་པའི་ན་གཞོན་ཞིག་ཡིན་པས་དྲང་བདེན་འཁྱོགས་བརྗོད་དུ་བརྩམས་པའི་རྒྱབ་འགལ་རྣམ་ཐར་དག་ནི་ངའི་དགག་སྒྲུབ་ཀྱི་དམིགས་བྱ་གཙོ་བོར་བཟུང་ཡོད།   ཡིན་ཡང༌།གནམ་འོག་གི་བདེན་ལུགས་བརྗོད་རྒྱུ་ནི་དེ་འདྲའི་ལས་སླ་མོ་ཞིག་ག་ལ་ཡིན་ཏེ།གཏན་ནས་མ་ཡིན།  སུས་གནས་ལུགས་བརྗོད་ན་དེ་ལ་དངོས་ཡོད་སྤྱི་ཚོགས་ཀྱི་ནང་དུ་སྐྱེ་བོ་ཁྲི་ཕྲག་གི་མཆིལ་ཞགས་འཐོབ་སྲིད་ལ་མེ་སྟག་ཕུ་ཐུང་དུ་གསོད་པའི་ཉེན་ཟོན་ཤིན་ཏུ་ཆེ་ཞེས་པ་ནི་ཇི་འདྲའི་བདེན་དུ་སྣང༌།  ཡིན་ཡང་གསོན་པའི་རྟགས་སུ་ང་ལ་ག་དུས་ཡིན་ཡང་ངོ་རྒོལ་གྱི་སྤོབས་པ་ཡོད། འདི་ནི་བདག་གི་རང་གཤིས་སམ་མི་གཞིའི་སྒལ་ཚུགས་ཀྱི་སྐུད་པ་ཡིན།      མི་ཞེས་པའི་རྐང་གཉིས་ཀྱི་སྲོག་ཆགས་འདིས་མིག་སྔར་ཡིག་ངོ་ཙམ་ཆོད་པའི་རྟགས་སུ་དཔེ་དེབ་དང་བརྙན་འཁོར་གང་རུང་གིས་ལམ་ནས་རེ་སྐུལ་དང་རིག་གཞུང༌།  མི་རིགས་དང་རྒྱབ་ཁབ་ཟེར་མོད།    དོན་དང་གནད་འགག་གི་སྐབས་སུ་ཁོ་ཚོས་དངོས་ཡོད་གར་སྟེགས་སུ་རང་གི་ལྟོ་དོན་ཙམ་ལས་བརྒལ་ཐབས་མེད་པས་ངས་ནི་གང་ཡིན་ལ་ཡིད་ཆེས་མི་བྱེད་ལ།གང་རུང་ལ་དཔྱད་བརྗོད་མི་འབྲི།ཡིན་མོད།གོ་ཐོས་སུ་གྲོགས་མོ་གདུགས་དཀར་སྒྲོལ་མ་ནི་རང་རིགས་ལ་དུངས་ཞེན་ཡོད་པའི་འབྲོག་མོ་ལྷག་བསམ་ཅན་ཞིག་ཡིན་ཕྱིན། རྒྱབ་ཁབ་དང་མི་དམངས་ཀྱི་བདེ་སྐྱིད་ཀྱི་དོན་དུ་ཚེ་སྲོག་གསུར་ལ་འདྲེན་ནུས་པའི་མཛངས་མ་ཀྲིན་ཏི( Joan of Are)ལྟ་བུའི་མཛངས་མ་ཞིག་གི་ཡོན་ཏན་དང་སྙིང་སྟོབས་ཀྱི་འདུ་ཤེས་ཨེ་འཁྲུངས་པར་རེ་བ་ཆེན་པོ་ཡོད་པས་ཡིན་ལ།ཡང་དག་པའི་སྒོ་ནས་བརྩམས་ཆོས་ལ་གདེང་འཇོག་བྱས་ཏེ་རྩོམ་པ་པོའི་གསར་རྩོམ་བྱ་བར་སྐུལ་འདེད་ཙམ་ལ་ཕན་རེ་ཨེ་ཐོག་སྙམ་ནས་བོང་བུས་གསེར་སྒའི་རིན་ཐང་གླེང་བའི་དཔེ་འདི་རང་ཉིད་ཀྱིས་འགན་དུ་བླངས་པ་ཡིན།
        ཁོ་བོ་ལྟ་བུ་ཞིག་གིས་གཏིང་ཟབ་ཅིང་ཚན་རིག་དང་མཐུན་པའི་སྒོ་ནས་དགེ་བའི་སེམས་དང་གཟི་བོའི་བློས་དྲངས་ནས་རྩོམ་དེབ་གང་དེར་དཔྱད་བརྗོད་གནད་དུ་ཁེལ་བ་ཞིག་བྱ་མི་ཐུབ་ཅིང༌།རྩོམ་དེབ་གང་དེའི་གནད་ལ་ཕོག་པའི་ཞན་ཆ་ཐེར་འདོན་བྱེད་ཐུབ་པའི་ཡིད་ཆེས་རང་ལ་ཡོད།     རྒྱུ་མཚན་ག་རེ་ཟེར་ན།   དཔྱད་བརྗོད་ཕུལ་དུ་བྱུང་བ་ཞིག་འཁྱོངས་དགོས་ན་ཐོག་མར་གཞན་གྱི་བློ་སྤོབས་ལ་སྐུལ་མ་གཏོང་རྒྱུ་ནི་ཆེས་མ་མཐའི་འོས་འགན་ཡིན་ཙ་ན།    ཁོ་བོས་ཀྱང་དེ་ལྟར་བསམ་གྱིན་པའི་བར་སྐབས་འདིར།    ཨོ་གོའི་དུས་རབས་བཅུ་དགུ་བའི་རྩོམ་པ་པོ་གྲགས་ཅན་གོ་ཀི་ལེ(ངྔྷཾགྑཚྲཱྀ《རྒྷཅྱོགྒྲིཙིཾཞི》《གྱཽཧཽདྱཱུ》《མུར་ཀེ་ལ་ཏེ》དང《ལྷུག་རྩོམ་ཐུང་ངུ་ཕྱོགས་སྒྲིག》 པར་བསྐྲུན་བྱས་མ་ཐག  ཚང་མས་དགག་བཞག་གང་མང་མཛད)  པ་ཡིད་ལ་ཝ་ལེར་དྲན་འོང༌།   རྩོམ་པ་པོ་གོ་ཀི་ལེ་ཡང་དེའི་དབང་གིས་བློ་ཕམ་ཞིང་ཡིད་ཆད་དེ་མུག་པར་གྱུར་བའི་གཏམ་རྒྱུད་ཡོད་མོད།  དཔྱད་བརྗོད་པ་པེ་ལིན་སི་ཁེ་ནི་རིག་པའི་གཞུང་ལུགས་ཀྱི་མིག་རྒྱང་ཤིན་ཏུ་རིང་སྟེ།  ནུས་ཤུགས་གང་ཡོད་ཀྱིས་རྒྱབ་སྐྱོར་བྱས་ཏེ་ཨོ་གོའི་བརྩམས་སྒྲུང་འབྲིང་བ་དང་གོ་ཀི་ལེའི་བརྩམས་སྒྲུང་འབྲིང་བའི་སྐོར་གླེང་བ་ཞེས་པའི་རྩོམ་རིག་དཔྱད་བརྗོད་སྐད་གྲགས་ཅན་བྲིས་ཏེ།     གོ་ཀི་ལེའི་གསར་རྩོམ་བསམ་བློ་དང་སྒྱུ་རྩལ་གྲུབ་འབྲས་ལ་གདེང་འཇོག་མཐོན་པོ་བྱས།      དོན་འདིས་རྩོམ་པ་པོ་གོ་ཀི་ལེ་ལ་སྐུལ་མ་ཆེན་པོ་ཐེབས་ཤིང་གསར་རྩོམ་གྱི་སྤྲོ་སེམས་རབ་ཏུ་རྒྱས་ནས་ད་ལྟ་འཛམ་གླིང་ན་གླེང་བཞིན་པའི《ཁྱད་མངགས་བཀའ་བློན》དང《ཤི་ཟིན་པའི་རྣམ་ཤེས》《ཎྛཱྀསྙོསྨབཽ》《ནྡྲྀཐྲཱྀཝཱུཾ》      སོགས་ཕུལ་དུ་བྱུང་བའི་བརྩམས་ཆོས་བརྩམས།  རྩོམ་རིག་དཔྱད་བརྗོད་དང་དཔེ་ཀློག་མྱོང་ཚོར་འབྲི་མཁན་ཞིག་ཡིན་ཚེ།     གོང་གི་དེ་ལྟ་བུའི་རྩོམ་པ་པོ་བསྐྱེད་བསྲིང་དང་གསར་རྩོམ་གྱི་འཕྲིན་ལས་འཕེལ་རྒྱས་ཕུན་སུམ་སུ་འགྲོ་བར་ཤུགས་རྐྱེན་གཏིང་ཟབ་མོ་ཐེབས་ངེས་རེད་མོད།  རང་རེའི་རྐང་ཚའི་ཁོར་ཡུག་གི་གནས་བབ་འདི་འདྲ་ནས་ཁོ་བོར་དོགས་པ་ཡོད་དེ།   གཅིག་ནས་བརྩམས་ཆོས་ཕུལ་བྱུང་ཅན་འབྲི་ཐུབ་པའི་རྩོམ་པ་པོ་དཀོན་ཞིང་གཉིས་སུ་བརྩམས་ཆོས་གང་གི་བདེན་པ་དང་དགེ་བ། ཐུན་མོང་མ་ཡིན་པའི་སྒྱུ་རྩལ་དང་ཞན་ཆ་གླེང་ཐུབ་པའི་དཔྱད་བརྗོད་པ་དེ་བས་ཀྱང་དབེན།  ཁོ་བོས་འདི་ལྟར་བཤད་དོན་ནི་རྩོམ་རིག་དཔྱད་བརྗོད་ཀྱི་ཚད་གཞི་ནི་རྩོམ་རིག་བརྩམས་ཆོས་ཀྱི་སྤུས་ཚད་བཟང་ངན་དང་སྒྱུ་རྩལ་ལེགས་ཉེས་ཀྱི་དབྱེ་བ་འབྱེད་པའི་རྩ་བའི་ཚད་ཐིག་ཅིག་ཡིན་ལ།རྩོམ་རིག་རྣམ་བཞག་མཐའ་དག་གི་བཟང་ངན་བདེན་རྫུན་གྱི་དབྱེ་བ་འབྱེད་བྱེད་ཀྱི་ཚད་གཞི་ཡིན་པས་རེད། གཏིང་ཟབ་པའི་སྒོ་ནས་རྩོམ་རིག་ལ་དཔྱད་བརྗོད་འཐེན་དགོས་ཚེ།   དཔྱད་བརྗོད་པ་དག་གིས་ངེས་པར་དུ་རྩོམ་པ་པོ་གང་དེའི་སེམས་ཁམས་ལ་འདང་རྒྱག་དགོས་ཚོད་རེད་ལ། སེམས་ཁམས་རིག་པའི་དཔྱད་བརྗོད་དུའང་ཚོད་ལྟའི་སེམས་ཁམས་རིག་པའི་དཔྱད་བརྗོད 《ངྨིཉྦཱགྛིཚྱངྲཱྀསྻཧཱིཾ》ཡིད་ཀྱི་རྣམ་འབྱེད་རིག་པའི་དཔྱད་བརྗོད 《པྟེག྄ཀྞིཀྷོངྲཱྀསྻཧཱིཾ》 སོགས་མང་པོ་ཞིག་ཡོད་མོད། དཔྱད་བརྗོད་ཀྱི་སྐབས་སུ་གོང་གི་རིང་ལུགས་དེ་གཉིས་མཁོ་གལ་ཆེ་བའི་གནད་དུ་འདོད། ཀློག་པ་པོ་སུ་ཞིག་ཡིན་ཡང་གང་འདོད་དུ་རང་རང་གི་གནད་ལ་མི་ཁེལ་བའི་ཉོག་བཤད་དག་ཚོད་འཛིན་བྱས་ན་འགྲིག
        ངས་འདིར་ལྟར་བཤད་དོན་རྒྱུ་མཚན་མེད་པ་ཞིག་ག་ལ་ཡིན། ཉེ་བའི་ལོ་འདི་གའི་རིང་ལ་རང་རེའི་རྐང་ཚ་ནས་ཀྱང་རྩོམ་རིག་ལ་མོས་འདུན་ཆེ་ཞིང་རིགས་ཞེན་ལ་དུངས་པ་ཟབ་པའི་ན་གཞོན་དར་མ་སྐོར་ཞིག་གིས་རང་ནུས་གང་ཡོད་ཀྱིས་རྡུང་ལེན་གྱི་སྒྲ་ཐག་དང་བརྙན་འཁོར།   སྙན་དེབ་སོགས་གང་མང་ཞིག་དགའ་ཁ་འཁྱེར་ཕྱོགས་ཀྱིས་པར་བསྐྲུན་བྱེད་ཀྱིན་པ་ནི་ང་ལ་མཚོན་ན་དགའ་འོས་པའི་གནས་སུ་མཆིས།   ངས་ནི་ཁོ་ཚོས་གཉེར་བའི་ལས་རིགས་དེ་དག་ལ་མཐོང་ཆུང་གཏན་ནས་བྱ་མི་འདོད། ངས་གླེང་འདོད་པ་ནི་ཁོ་ཚོའི་མ་འོངས་པའི་སྒྱུ་རྩལ་གྱི་གར་སྟེགས་དང་རིག་གནས་གར་སྟེགས་སུ་དགོས་མཁོ་གང་ཡོད་ཀྱིས་ལག་རྗེས་རེ་འཇོག་ཨེ་ཐུབ་པར་རེ་བསྙེག་ཡོད་པས་ཡིན་པ་མ་གཏོགས། ཁོ་ཚོས་གཉེར་བའི་ལས་རིགས་དེ་དག་ལ་སྒྱུ་རྩལ་དང་རིན་ཐང་གིས་སྟོང་ཞིང་དཔེ་དེབ་དང་བརྙན་འཁོར་གང་རུང་གི་བར་གསེང་ན་རྟ་ནོར་ལུག་གསུམ་བཞིན་ཁྱབ་པའི་ཡིག་ནོར་གྱིས་ནམ་རྒྱུན་ངའི་མིག་ལ་བརྙས་བཅོས་བྱེད་པའི་ཚོར་བ་སྟེར་མོད། ཡིན་ཡང་ལས་དང་བོའི་གོམ་ཁ་ནི་དེ་ལྟར་ཆོས་ཉིད་ཅིག་གིས་གློ་གྲོལ་བཏང་ཡོད་པར་བསམ་ན།  ཁོ་བོས་ག་དུས་ཡིན་ཡང་མིའི་རིགས་ཀྱི་གསང་སྒྲོས་ཀྱི་ཤེས་རབ་ལ་རྡོག་བརྫིས་གཏན་ནས་གཏོང་མི་ཕོད་མོད། ཕྱིས་སུ་རྩོམ་སྒྲིག་པ་དང་ཡིག་ཆ་བཀྲམ་མཁན་དག་གིས་གཟབ་ནན་དང་མཉམ་འཇོག་བྱ་དགོས་སའི་དོན་ཞིག་ཅིས་མ་ཡིན།དེ་བས་ཐེངས་འདིར་གྲོགས་མོ་གདུགས་དཀར་སྒྲོལ་མས་བརྩམས་སྣང་མཛད་པའི《རུས་སྦྱོར་གཡུ་ཐོག་དགྱེས་པའི་མཆོད་སྤྲིན》 གྱི་གསོ་རིག་དཔེ་དེབ་འདི་ལ་ཡང་འཇིག་རྟེན་མིའི་འཚོ་བ་ནི་ཕྲག་དོག་ཁོ་ན་ལས་གཉེར་མཁན་སྐོར་ཞིག་གིས་དྲང་བདེན་དང་གནས་ལུགས་བོར་ཏེ།   དོན་མེད་ཀྱི་འཕྱ་སྨོད་དང་སྐུར་འདེབས་གནང་བའི་སྐད་ཆ་དག་ཁོ་བོས་དངོས་སུ་ཐོས་ལ།   ཁོ་མོའི་ངལ་རྩོལ་ལ་ཁྱད་གསོད་བྱེད་པའི་ཀློག་པ་པོ་ཀླད་སྟོང་སྐོར་ཞིག་དང་ལག་སྡོམ་རིང་ལུགས་པ་དེ་དག་གིས་དོན་གནད་ལ་བབ་ན་ཤོག་ལྷེ་གཅིག་གི་ཐིག་ཕྲེང་ཙམ་ཡང་བརྒལ་མི་ཐུབ་མོད།  ད་དུང་ག་མི་འགྲིག་དང་འདི་དང་མི་འོས་ཞེས་རྒྱ་མཚོ་མཐོང་ནས་ཆུ་ཕྲན་ལ་ཟམ་པ་འཕེན་མཁན་ཤིན་ཏུ་མང་མོད།    རྒྱ་མཚོའི་རྦ་རླབས་རེ་རེ་ནི་སྟོབས་ཤུགས་ལྡན་པའི་རང་བྱུང་གི་སྣང་ཚུལ་རེ་རེ་ཡིན་པ་ཁོ་ཚོས་ཧ་གོ་གི་མི་འདུག་པ་འདྲ།    ད་ནི་གང་ཡིན་ཡང་ཆོག  དོན་དངོས་ལ་བདེན་ཁ་མི་ལྷོད་པའི་ཀློག་པ་པོ་དེ་དག་ནི་དངོས་ཡོད་སྤྱི་ཚོགས་ཀྱི་ཤེས་ཡོན་པའི་སྡེ་ནས་ནག་ཉེས་བསགས་མཁན་ཏག་ཏག་ཡིན།   དེ་བས་ང་ནི་བདག་གཞན་མེད་པའི་ཀློག་པ་པོ་དྲང་མོ་ཞིག་བྱེད་ན་འདོད་པའི་ཀུན་སློང་གིས་རང་གི་ནུས་ཚོད་ཀྱིས་རང་གི་ལྟ་ཚུལ་ཙམ་བཤད་པ་ལས་རང་བསྟོད་གཞན་དགག་གི་བསམ་ཚུལ་ཁྱོན་ནས་མེད། དཔེ་དེབ་འདི་དང་འབྲེལ་ཁྱོན་ཡོངས་ཀྱི་ལྟ་ཚུལ་རགས་བསྡུས་ཤིག་ལ་ངོ་རྒོལ་བྱས་སོང་མོད། འདི་ནི་བདེན་ལུགས་ཆེ་བའི་སྣང་ཚུལ་མི་ལེགས་པ་ཞིག་ཡིན་པས་ཕྱིས་སུ་ཡིན་ཡང་མུ་མཐུད་དུ་དགག་བཞག་བྱ་རྩིས་ཡོད་པས་རྣམ་པ་དག་གིས་དཀྱེལ་ཡངས་ལྷོད་ཤོག   སྤྱིར་ན་ངས་ནི་གྲོགས་མོ་གདུགས་དཀར་སྒྲོལ་མའི་བརྩམས་ཆོས་བཀླགས་པའི་མྱོང་ཚོར་ཏེ་ཞིབ་བརྗོད་དང་བྱེ་བྲག་གི་སྟེང་ནས་གླེང་ན་ཤིན་ཏུ་ནས་འགྲིག་མོད།   འོན་ཀྱང་ང་ལ་མཚོན་ན་གསོ་རིག་འཕེལ་ཕྱོགས་ཀྱི་ཤེས་རྟོགས་དང་འོ་ཅག་སྨན་པ་རྣམས་ཀྱིས་ལུས་བཟོ་སྨན་ཕྱོགས་ཀྱི་གཞུང་ལུགས་དཔེ་དེབ་དག་ལ་དེ་བས་ཀྱང་དཔྱད་བརྗོད་འཐེན་པའི་དབང་ཆ་མེད་འདོད།    ཡིན་ཡང༌།   མཚན་ཉིད་རིག་པ་བ་ཕའེ་ཀིན་གྱིས་ང་ཚོས་ཤེས་བྱ་སློབ་གཉེར་བྱེད་པའི་དམིགས་ཡུལ་ནི་ཁ་ཡག་ངོ་དགའ་བྱེད་པའི་ཆེད་མིན་ལ།  དེ་ནི་བདེན་འཚོལ་དང་ཤེས་རབ་ཀྱི་སྒོ་མོ་འབྱེད་ཆེད་ཡིན་ཞེས་གསུངས་ཡོད་པ་ནི་ཁོ་བོས་རྒྱུ་འབྲས་བློ་མིག་མ་བོར་བའི་སྐད་ཆ་དྲང་མོ་ཞིག་རེད་འདོད་ཀྱིན་ཡོད་པས།  འདི་ལྟ་བུའི་རིང་ལུགས་གཞུང་དབེན་གྱི་བསམ་ཚུལ་ཞིག་བྲིས་པ་དགོངས་འགལ་མེད་པར་ཞུ། 
         སྦ་གསང་མེད་པའི་སྐད་ཆ་དྲང་མོར་བཤད་ན།  གྲོགས་མོ་གདུགས་དཀར་སྒྲོལ་མས་བྲིས་པའི་གསོ་རིག་ཕྱོགས་ཀྱི་དཔྱད་རྩོམ་རེ་འགའ་གསོ་རིག་གི་དུས་དེབ་གང་མང་ཞིག་ནས་མིག་གིས་མཐོང་གིན་བསྡད་མོད།   དོན་དུ་ཞིབ་ཀློག་བྱེད་པའི་དུས་ཚོད་ཡེ་ནས་ཡོད་མ་སོང༌།     ཡིན་ཡང༌།  དུས་དེ་རིང་ཁོ་མོས་རང་གི་ཆེད་ལས་རང་བཞིན་གྱི་གསོ་རིག་དེབ《རུས་སྦྱོར་གཡུ་ཐོག་དགྱེས་པའི་མཆོད་སྤྲིན》ཞེས་པ་ཞིག་རང་རེའི་རྐང་ཚའི་ཉམས་ང་བའི་ཁོར་ཡུག་ལ་ལེགས་སྐྱེས་སུ་ཕུལ་བ་ནི་རང་སྒེར་ནས་རྟེན་འབྲེལ་ཞུ་གི་ཡོད་པར་མ་ཟད།   རང་རྫོང་བོད་སྨན་ཁང་གི་ཁོ་མོའི་ལས་གྲོགས་དག་གིས་ཀྱང་སྣ་གཉེར་གཉེར་དང་ངོ་ནག་ནག་མི་བྱེད་པར་རྫོང་བོད་སྨན་ཁང་གི་གསོ་རིག་གི་དཔེ་དེབ་ཐོག་མར་ངོས་བཟུང་སྟེ།       ཀུན་སློང་རྣམ་པར་དག་པ་ཞིག་རང་རྒྱུད་ལ་བཞག་ནས་གསོ་རིག་གི་ལས་ལ་མཐོང་ཆེན་བྱས་ན་བོད་རང་གི་དཔལ་ལྡན་རྒྱུད་བཞི་འདི་ནི་ཐུན་མོང་མ་ཡིན་པའི་རྩ་བར་ངེས་བཟུང་བ་ནོར་འཆུག་མེད་ལ།     གསོ་རིག་སྨྲ་བ་རྣམས་ཀྱིས་བོད་ལུགས་གསོ་རིག་གོང་སྤེལ་ལ་དགེ་ཕན་ཆེན་པོར་ཡོད་པའི་བསམ་ཚུལ་སྐྱེས།   དེ་མིན་གཞན་ཁོ་བོས་གང་ཡང་མི་གླེང་ལ། གླེང་ཡང་རིན་ཐང་ཆུང་བས་རང་ཚོད་ཟིན་གི་ཡོད།  ཡིན་ནའང༌། མ་གླེང་མཐུ་མེད་ཀྱི་དོན་དངོས་རང་བཞིན་ཞིག་ཡོད་པ་ནི་ངས་ནི་ཁོ་མོའི་རིག་གཞུང་གི་ཟབ་ཚད་མི་ཤེས་མོད།  ཁོ་མོ་ནི"ཀུན་སྤྱོད་རིག་གནས་ཀྱི་སྤུས་ཚད"མཐོ་བའི་བུད་མེད་ཅིག་ཡིན་པ་ར་སྤྲོད་ཐུབ།   སྤྱིར་ན་ངས་ནི་ཁོ་མོ་ངོ་མི་ངེས་ཤིང་ཁྱད་པར་དུ་བརྩམས་ཆོས་ཀྱི་འབྲི་རྩལ་ནས་དེ་བས་ཀྱང་རྒྱུས་མེད་ཅིག་ཡིན།  རེད་མོད།    ཉེ་སྔོན་གནའ་མཁར་ཟི་ལིང་གྲོང་ཁྱེར་དུ"སྐབས་དང་པོའི་རྐང་ཚའི་ན་གཞོན་སློབ་ཆེན་པའི་བསམ་བློའི་བགྲོ་གླེང་ཚོགས་འདུ" བསྡུ་སྐབས་རང་ཕ་ཡུལ་གྱི་ཤེས་ཡོན་པ་དག་ཆེད་འབོད་བྱེད་པའི་གྲོས་གཞི་ཡོད་པས་ཁོ་མོ་ནི་དེའི་ཁྲོད་ཀྱི་གཅིག་ཡིན་པས་ང་རང་ཆེད་དུ་ཁོ་མོའི་གཞུང་ལས་ཁང་དུ་སོང་ནས་མོ་རང་བཙལ་ཏེ་འབྲེལ་ཡོད་ཀྱི་བརྡ་ཡིག་སྟེར་སྐབས།    ཁོ་མོ་ནི་ངས་ཐོག་དང་པོ་ཞལ་ངོ་ཤེས་པ་ཡིན་པས་རིག་གནས་དང་འབྲེལ་ཡོད་ཀྱི་ཁ་བརྡ་མང་པོ་ཞིག་བྱེད་པའི་གོ་སྐབས་མེད་སོང༌།  ཡིན་མོད། ཁོ་མོ་ནི་གཞན་བརྩི་གུས་ལུགས་ཅན་ཞིག་ཡིན་པས་ཡིད་སྤྲོ་བ་ཞིག་རེད།     གུས་ལུགས་ཙམ་གྱིས་ཡོད་ཚད་མི་རྟོགས་མོད།    ཆེས་མ་མཐའི་འཚོ་བའི་གུས་བཀུར་ཤེས་པ་དེས་ཤེས་ཡོན་པ་ཞིག་གི་རང་གཤིས་འཛིན་གི་ཡོད་ཚད་རེད།   སྤྱིར་ན་ང་ནི་བུད་མེད་དག་གིས་བཅོས་མའི་མཛད་སྤྱོད་ལ་སུན་པོ་ཡོད་པའི་སྐྱེས་ཕོ་ཞིག་ཡིན་པའི་ཆ་ནས་གང་ཡིན་ལ་ཁ་བརྡ་མི་བྱེད་ལ།     ཤེས་མིན་ལ་ཨ་གསར་བྱེད་རྒྱུར་དེ་འདྲའི་དགའ་བོ་མེད་མོད།       རྫོང་བོད་སྨན་ཁང་གི་སྨན་པ་གདུགས་དཀར་སྒྲོལ་མ་ནི་རང་གིས་རྒྱུས་ལོན་པ་ལྟར་ན་ཁོ་མོ་ནི་བུད་མེད་ལྷག་བསམ་ཅན་ཞིག་ཡིན་པའི་ཚོར་བ་ང་ལ་བཞག་སོང༌།   དེ་བས་ངས་ནི་ནམ་རྒྱུན་འཚོ་བའི་ཁྲོད་དུ་ཤེས་ལྡན་པའི་བློ་གྲོས་ལ་བརྩི་བཀུར་བྱེད་ཀྱིན་ཡོད།གལ་ཏེ་རང་བྱུང་ཁམས་འདི་ན་ཤེས་ལྡན་པའི་ཉེན་མཆོང་གི་སྤོ་སེམས་མེད་ན།  འཛམ་གླིང་ནཱའོ་པའེ་ཨར་གྱིས་ཚེ་སྲོག་གིས་ཚོད་ལྟ་བྱས་པའི་འགས་སྨན་མེད་ལ།ཧྥ་རན་སུའི་རི་མོ་མཁས་ཅན་དེ་མིན་ན།  “བརྩེ་དུང་གི་སིལ་ཏོག”འབོད་པའི་གྲོ་མ་གྲི་ཡང་ངེད་ཅག་སུ་ཡིས་ཟ་ཕོད་དམ། ཤེས་ལྡན་པ་ནི་མིའི་རིགས་ཀྱི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་སྔོན་ཁྲིད་པ་ཡིན་མོད།    རང་རེའི་ཁོར་ཡུག་ནས་ཤེས་ཡོན་པའི་ཆོ་ལོ་ཐོབ་པའི་མི་ནི་མ་རུང་ཐན་ལྟས་ཤིག་ལ་བརྩི་ཞིང་རྒྱང་ཕོད་གཏོང་བའི་ཁྲེལ་མེད་ཀྱི་ལས་ཀ་གཉེར་གྱིན་པའི་འདི་འདྲའི་སློབ་གསོའི་ཁ་དབུགས་རྫོབ་པོ་ཞིག་ནས་གནས་ལུགས་ལ་རྣ་བ་གཡར་མཁན་མེད་ལ།  ཤེས་ཡོན་ཅན་གྱི་རྩིས་ཐང་ལ་མཐོང་ཆེན་བྱེད་པའི་སྲོལ་ནི་ཡེ་ནས་མི་འདུགསྐད་ཆ་བཤད་དེ་བར་སྐབས་འདིར་ཐོན་དུས་ང་ནི་མ་གཞི་ནས་རིག་གནས་པ་དང་སློབ་གསོའི་ལས་དོན་ལ་ཞེན་དྲགས་པའི་དབང་གིས་སྤྱིའི་གནས་ཚུལ་ཙམ་ལས་གང་ཡང་གླེང་མ་སོང་བ་རང་གིས་ཤེས་ཀྱིན་ཡོད་མོད།     གནམ་འོག་ན་གནས་ལུགས་བརྩི་མཁན་དང་རྒྱུ་འབྲས་དྲང་བདེན་གྱི་བྱ་བ་གཉེར་མཁན་ཤིན་ཏུ་ནས་མེད་པའི་རེ་ཆད་དང་སྐྱོ་སྡུག་གང་མང་ཞིག་གི་ཁྲོད་ནས་ད་གཟོད་འདི་འདྲའི་སྐད་ཆ་མང་པོ་ཞིག་ཁ་ནས་རང་དབང་མེད་པར་ཤོར་སོང་བ་བདེན་མོད།ལར་ནས་རྒྱུ་མཚན་མེད་པ་ཞིག་ཡེ་ནས་མིན་པ་འདྲ།   ང་ཚོའི་ཁོར་ཡུག་ལ་འདི་ལྟ་བུའི་སྡུག་དམེ་ཞིག་དང་བསམ་འཆར་ཞིག་ནམ་ཡང་མཁོ་གལ་ཆེ་ཚུལ་རེད།     ཐོག་མར་ཁོ་ཚོར་སློབ་གསོའི་འདུ་ཤེས་དང་རིག་གནས་ཀྱི་འདུ་ཤེས།  དགག་བཞག་གི་འདུ་ཤེས།   གནས་ལུགས་ཀྱི་འདུ་ཤེས།     བགྲོ་གླེང་གི་འདུ་ཤེས་སོགས་ཀྱི་ཀུན་སློང་གོམས་པ་ནས་བརྩམས་ཆོས་གང་ཞིག་གི་ཚད་གཞི་མཐོ་བའི་དགོངས་དོན་ལ་བསྟོད་པ་དང་ཞན་ཆ་ལ་ཐེར་འདོན་བྱས་ན་ད་གཟོད་ཧ་གོ་བའི་གནས་སུ་འདུག་པ་མ་གཏོགས།དྲང་བདེན་གྱིས་དཔྱད་བརྗོད་གནད་ལ་ཁེལ་བ་ཞིག་བྲིས་ཀྱང་ཁོ་ཚོས་ཕྱོགས་ཞེན་དང་གནད་དོན་ཡོད་ཀི་ཟེར་ལ།    དོན་དངོས་ཀྱི་འཁྱོགས་བརྗོད་ལ་དགག་བཞག་ནན་མོ་བྱས་ན་གནས་ལུགས་མེད་ཚུལ་དང་ཁྲེལ་མེད་ང་རྒྱལ་ཆེ་ཚུལ་གྱིས་སྒྲོ་བཏགས་ཏེ་ངལ་བ་འབྲས་མེད་དུ་གྱུར་འགྲོ་བས་ངས་ནི་སྨན་པ་གདུགས་དཀར་སྒྲོལ་མའི《རུས་སྦྱོར་གཡུ་ཐོག་དགྱེས་པའི་མཆོད་སྤྲིན》 དང་འབྲེལ་ཞོར་གྱི་སྐད་ཆ་མང་པོ་ཞིག་བཤད་སོང་བར་དགོངས་འགལ་མེད་པར་ཤོག ཐེངས་འདིར་ཁོ་བོས་གྲོགས་མོ་གདུགས་དཀར་སྒྲོལ་མའི་གསོ་རིག་གི་དཔེ་དེབ་འདི་ལ་སྤྱིའི་བམ་པོ་ཙམ་ལས་འབྲི་བའི་འཁུར་དུ་མ་བླངས་མོད།ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་རྒྱུ་ནི་བོད་ལུགས་གསོ་རིག་དར་རྒྱས་གཏོང་རྒྱུའི་འགག་རྩ་ཡིན་པས།རྒྱལ་ཁབ་འཕྲོད་བསྟེན་པུའུ་དང༌།  རྒྱལ་ཁབ་སློབ་གསོ་ཨུ་ཡོན་ལྷན་ཁང༌། ཞིང་ཆེན་འཕྲོད་བསྟེན་ཐེན་སོགས་འབྲེལ་ཡོད་སྲིད་གཞུང་སྡེ་ཁག་གིས་བོད་ལུགས་གསོ་བ་རིག་པ་ལ་མཐོང་ཆེན་དང་རྒྱབ་སྐྱོར་བྱས་ཏེ་ཆེད་སྦྱོང་སྨན་པའི་ཤེས་ཡོན་ཅན་དག་གསོ་སྐྱོང་གནང་རྒྱུ་ནི་གལ་འགངས་ཆེ་བ་ཞིག་རེད་འདོད་ལ།    ཞོར་དུ་ང་ཚོའི་རྐང་ཚ་རང་ངོས་ནས་ཀྱང་མུ་མཐུད་དུ་སྨན་པ་གདུགས་དཀར་སྒྲོལ་མས་བརྩམས་སྣང་མཛད་པའི《རུས་སྦྱོར་གཡུ་ཐོག་དགྱེས་པའི་མཆོད་སྤྲིན》ལྟ་བུའི་གསོ་རིག་གསར་རྩོམ་གྱི་རིན་ཐང་ངེས་ཅན་ཡོད་པའི་དཔེ་དེབ་ཇེ་མང་དུ་འགྲོ་རྒྱུ་ནི་མ་འོངས་རྩོམ་པ་པོ་དག་གི་ངལ་རྩོལ་དང་གསོ་རིག་ཆེད་སྦྱོང་གི་སྨན་པ་དག་གིས་ཧུར་བརྩོན་བྱ་དགོས་པའི་དོན་བྱ་དང་ནད་པའི་ཁམས་ལ་ཕན་པའི་རྒྱུ་རྩོམ་རྒྱུ་ནི་མི་དམངས་ཀུན་གྱི་རེ་བ་དང་བྱང་ཚད་འཕྲོད་བསྟེན་ཁང་སོགས་ཀྱི་འགན་དུ་བརྩིས་ཆོག་པའི་དོན་གནད་ཡིན་པས།རྣམ་པ་ཀུན་ཏུ་གསོ་རིག་ལས་གནས་ལ་གོང་བཀུར་བྱེད་རྒྱུ་ནི་བདག་གི་རེ་བ་ཡིན་པས་འཕྲོད་བསྟེན་སྡེ་ཁག་གི་མི་སྣ་དག་གིས་སྟོང་ཟད་དུ་མི་གཏོང་བའི་ཞེ་འདུན་ཤིན་ཏུ་ཆེའོ།། ཡིན་ཡང༌།དུས་རྟག་ཏུ་ངེས་རྒྱུ་ཞིག་ལ་ངས་ནི་ཁ་ངོ་ཤེས་པ་ཙམ་ལ་ཁ་ཡག་མི་བཤད་ལ།ཞལ་ངོ་མ་ངེས་ན་གུས་ལུགས་མེད་པ་ཞིག་གཏན་ནས་མིན།བདག་གིས་གནས་ལུགས་ཀྱི་དོན་དུ།འདྲ་མཉམ་གྱི་དོན་དུ།   རྩིས་ཐང་གི་དོན་དུ།གདེང་འཇོག་གི་དོན་དུ།དགག་བཞག་གི་དོན་དུ།སྙིང་སྟོབས་ཀྱི་དོན་དུ།འདུ་ཤེས་ཀྱི་དོན་དུ།རིག་གནས་ཀྱི་དོན་དུ།རིན་ཐང་གི་དོན་དུ།མི་རིགས་ཀྱི་དོན་དུ།ཕ་ཡུལ་གྱི་དོན་དུ།ཐུན་མོང་གི་དོན་དུ།འགན་འཁུར་གྱི་དོན་དུ།མདོར་ན་མི་བུ་རང་གི་རྩ་དོན་གྱི་དོན་དུ་ཅིས་ཀྱང་བསམ་གཞིགས་བྱས་ན་འགྲིག་ལ།མི་རང་རང་གི་འཇོན་ཐང་ལྟར་སྐད་ཆ་ལ་འགན་འཁྲིའི་དགོས་པའི་ཆོས་ཉིད་ལ་བདེན་ཁ་ལྷོད་པ་ཙམ་ལས་གཞན་གང་ཡང་མིན་པ་ཀློག་པ་པོ་དག་གིས་མཁྱེན་པར་མཛོད་དོ།།   
 
                                                                                    ༢༠༡༠ལོའི་སྤྱི་ཟླ་གཉིས་པའི་ཚེས༥ཉིན་བྱང་རྒྱུད་འོམ་བུ་གླིང་ནས་སྦྱར། 
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ནད་ཡམས་གང་ཐོན་ཁྲོད་ཀྱི་སྨན་ལེགས་ཤིག

2010-02-21 ཞོགས་ཆར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།