སེམས་འགྱུ་ལྕི་མོ་ཞིག་གི་བརྒྱུད་རིམ།

     བཅུ་དྲུག་གི་ལང་ཚོ་པང་སྟེ།  རྒྱུས་མེད་ཀྱི་གནས་ཡུལ་འགྲིམ་པའི་བདག་གི་སྲིང་ཆུང་མ།  སང་ཉིན་གྱི་སྐྱ་རེངས་དང་མཉམ་དུ།  ཁྱོད་རང་ལམ་ལ་ཆས་དགོས། ཁྱོད་ཀྱིས་གཙང་འགྲམ་དང་ལུག་ཁྱུར་དུང་སེམས་ཀྱི་རྫི་གླུ་ལེན་བཞིན་ལམ་ལ་ཆས་དགོས།   ཁྱོད་ཀྱིས་སྦྲ་ཁྱིམ་དང་ཡུལ་མིར་ཕྱིར་དྲན་གྱི་མིག་་་་མདངས་བསྐྱུར་ཏེ་ལམ་ལ་ཆས་དགོས།  ལམ་ལ་ཆས་དགོས་པས།  གྲང་ཤུར་ཤུར་གྱི་བསམ་གཞིགས་མོད་པའི་ཁྱོད་ཀྱི་ཕུ་བོའི་སེམས་ངལ་ཧ་ཅང་ལྕི།    ནར་མ་སོན་པའི་ཕ་ཡུལ་གྱི་རྟོགས་ལྗོངས་ངོ་མ་ཉམ་རེ་་་་་་་ང་།  འཁྲབ་མི་ཚར་པའི་མི་ཡུལ་གྱི་སྐྱོ་གར་དངོས་ནས་ཡིད་རེ་མུག   ལྷ་ཀླུ་དང་གདོན་འདྲེ་མང་པའི་ཡུལ་གྲུ་འདི། རྙིང་ཞེན་དང་བག་འཁུམས་ཀྱིས་འཚོ་བའི་ཡུལ་གྲུ་འདི། སུ་ཞིག་ང་ཚོར་བསྐྱུར་བའི་མུ་འབྲེལ་གྱི་བརྙན་འཕྲིན་ཡིན།    སུ་ཞིག་གིས་རྩྭ་ཐང་དུ་རྨིས་པའི་རྟོགས་བཏགས་ཀྱི་རྨི་ལམ་ཡིན།  བདག་གི་སྲིང་ཆུང་མ།
    བཤད་རྒྱུན་ལ། གནས་ཡུལ་ནི་ཤམ་བྷ་ལའི་མཛེས་ལྗོངས་ཡིན་ཟེར།  བག་གསར་ནི་བུད་མེད་ཚོའི་གཟི་བརྗིད་ཡིན་སྐད།  གང་ལྟར།  ཕ་མ་དང་ཨ་ཁུས་ཁྱོད་རང་གཞན་ཡུལ་ལ་བཙན་དབང་གིས་བྱིན་པ་ནས།  ན་ཟུག་གི་སེམས་འགྱུས་གཅུན་པའི་ཁྱོད་ཀྱི་ཕུ་བོ་ལ་མིག་ཆུ་ཧ་ཅང་མོད། གྲགས་འགུལ་དང་འདོད་འདུན་ཅི་ཡང་མེད་པར།  ཁྱོད་རང་འདི་ལྟར་ལམ་ལ་ཆས་ན།   མཐོང་མ་མྱོང་བའི་བཟའ་ཟླ་དེས།  ཁྱོད་ལ་འཛུམ་དཀར་གྱིས་བསུ་མ་བྱེད་དམ།  སོང་མ་མྱོང་བའི་ཡུལ་ལྗོངས་དེས།  ཁྱོད་ལ་སྤྲོ་སྣང་གི་ཚོར་བ་བསྐྱེད་དམ།  བདག་གི་སྙིང་ནས་བརྩེ་བའི་སྲིང་ཆུང་མ།  ཁྱོད་ལ་དངོས་འབྲེལ་ཁག་པོ་མི་འདུག ལུང་བསྟན་དང་མོ་རྩིས་ཀྱིས་བསྒྱུར་བའི་ཡུལ་ཁམས་འདིར། སྔར་བཞིན་སྨག་རུམ་གྱི་རྒྱབ་ལྗོངས་ཤིན་ཏུ་མཐུག ཡུལ་ལྷ་དང་གཞི་བདག་བཀུར་པའི་ཕ་ཡུལ་འདིར། སྔར་བཞིན་གནས་བདག་དང་གཟུ་བོ་དབང་ཆེན་ཡིན།   དེའི་རྐྱེན་པས།  ཁྱོད་ཀྱི་རང་དབང་གི་མཁའ་དབྱིངས་དེ་ཇི་ལྟར་མཐོང་།  ཁྱོད་ཀྱི་སྙིང་གཏམ་དང་གནས་ལུགས་ལ་སུ་ཡིས་ཉན།  ཡང་གཅིག་བཤད་ན།  ཁྱོད་ཀྱི་གནས་བདག་ནི་ཨ་ཕའི་མནའ་བཅད་རེད། གཉེན་གྱི་བར་ནི་ཁོང་གི་དབུས་གྲོགས་རེད། དེའི་སྟབས་ཀྱིས། ཁྱོད་ཀྱིས་་ལྗིད་ཏིག་ཏིག་གི་སེམས་ངལ་ཁུར་ཏེ་ཁུ་སིམ་མེར་ལམ་ལ་ཆས་ན་བཟང་། ཁྱོད་ཀྱིས་སྐྱོ་ལྷིང་ལྷིང་གི་མིག་ཆུ་འབྱིད་ཀྱིན་འཇམ་ཐིང་ངེར་གནས་ལ་སོང་ན་འོས། བདག་གི་སྲིང་ཆུང་མ།  འདི་ནི་མི་རབས་ནས་མི་རབས་ཀྱི་འགྲོ་ལུགས་ཤིག་རེད།  འདི་ནི་བུད་མེད་ཚོའི་ལས་དབང་དུ་སྨིན་པའི་བགོ་སྐལ་ཅིག་རེད། 
                                                                                             
      གྲང་ཤུར་ཤུར་གྱི་དགུན་ཟླ་ངོ་མ་འཁྱག་ཅིང་རྩུབ།  སྐྱ་ཐིང་ཐིང་གི་གནས་ལམ་དངོས་ནས་རིང་ཞིང་དོག ད་ནི་སྐྱ་རེངས་ཀྱི་ཐུ་འོག་ནས་འབུས་པའི་ཞོགས་ལྗོངས་རེད། བདག་གི་སྲིང་ཆུང་མ། ངུ་མཚམས་ཞོག་ཡ། གནས་ཡུལ་ནི་ཕ་ཡུལ་གྱི་བུད་མེད་ཚོ་ཅིས་ཀྱང་བརྒྱུད་དགོས་པའི་མི་ཚེ་ཡི་བགྲོད་ལམ་ཡིན་པས།  མགོ་བོ་དགྱེ་དང་། ཨ་ཕ་དང་ཕུ་ནུས་ཁྱོད་ལ་སྐྱེལ་མ་བྱེད་བཞིན་མཆིས།  རྨིག་སྒྲ་དང་གླུ་སྒྲས་ཁྱོད་ལ་རྟེན་འབྲེལ་ཞུ་བར་བྲེལ། བདག་གི་བྱམས་ཤིང་བརྩེ་བའི་སྲིང་ཆུང་མ།  ཡིད་མ་སྐྱོ།  སེམས་མ་སྡུག   ཡུལ་ཁམས་འདིའི་སྨག་རུམ་སྔར་བཞིན་ཟབ་ཅིང་སྟུག་པས། ང་ཚོས་མུ་མཐུད་དུ་ཁ་དོག་བྲལ་བའི་གཏམ་རྒྱུད་ཀྱི་བརྗོད་བྱ་མི་འཐུ་ག་མེད་རེད། ཉེ་འབྲེལ་ཚོའི་ཨུ་ཚུགས་སྔར་བཞིན་བརྟན་ཅིང་བརླིང་བས། ང་ཚོས་མུ་མཐུད་དུ་མེས་པོ་ཚོའི་ལོ་ཟླ་བསྐྱར་ཟློས་མི་བྱེད་ཐབས་མེད་རེད།  དྲང་མོར་བཤད་ན།  ལྗང་མྱུག་ལྟར་ནེམ་ཞིང་སྣུམ་པའི་ལང་ཚོ་དང་།   རྨི་ལམ་ལྟར་མཛེས་ཤིང་སྡུག་པའི་བརྩེ་དུང་ལ་མཁོ་བ་ནི་རང་དབང་གི་ནམ་ཟླ་དང་།  བདེ་སྐྱིད་ཀྱི་དཔྱིད་ཆར་ཡིན་པ་ངོ་མ་བདེན།   ཡིན་ཡང་།    ཁོག་ཡུག་དང་བག་ཆགས་ཀྱིས་བསྐྲུན་པའི་མནར་གཅོད་ཀྱིས།  ང་ཚོས་སྐྱོ་དུང་དུང་གི་སེམས་འགྱུ་མང་པོའི་ན་ཟུག་རྒུམ་གྱིན།  འདི་ལྟར་འདར་ལྕུག་ལྕུག་གི་ལོ་ཟླ་མི་བསྐྱལ་ཐབས་མེད་རེད།  ད་ནི་ངུ་མཚམས་ཞོག་ཡ།  ཁྱོད་ཀྱིས་འདི་ལྟར་ལེ་བར་བརྒྱ་ཕྲག་གི་ལམ་ཐག་ངུ་བཤུམས་ཀྱིས་བཅད་ན།  ཁྱོད་ལ་སྙིང་ནས་བརྩེ་བའི་ཕུ་བོ་ངས་ངོ་མ་བཟོད་ཐབས་བྲལ།
                                                                                                                                     
          སྲིང་ཆུང་མ།  བདེ་མོ་བྱོས།  ད་ལྟ་ང་ཚོ་ཕྱིར་ལམ་ལ་ཆས་རན།  ང་ཚོས་ཁྱོད་ཀྱི་བདེ་སྡུག་གི་མི་ཚེ་གཞན་ཡུལ་ལ་བཙུགས་ཏེ་ཕྱིར་ལམ་ལ་ཆས་དགོས།  ང་ཚོས་ཁྱོད་ཀྱི་དྭངས་གཙང་གི་ལང་ཚོ་ཡུལ་མཐར་སྤྱུགས་ཏེ་ཕྱིར་ལམ་ཆས་དགོས།   ང་ཚོ་སོང་ཤུལ་གྱི་ཁྱོད་ནི་རྫ་མཐར་འཁྱམས་པའི་ཤེའུ་ཇི་བཞིན།  འཁྱབ་སིབ་སིབ་ཀྱི་ཚོར་འདུས་སྦྲུམ་སྲིད་ལ།        ང་ཚོ་སོང་ཤུལ་གྱི་ཁྱོད་ནི་ཁེར་རྐྱང་གི་ཡུལ་གྱར་བ་ནང་་་་་་་བཞིན།  སྐྱོ་ལྷིང་ལྷིང་གི་མཆི་མས་བརླན་སྲིད་པས་ངའི་འདེགས་འཇོག་གི་གོམ་ཁ་ཧ་ཅང་ལྕི།     བདག་གི་སྲིང་ཆུང་མ། ང་ཚོ་སོང་རྗེས། ཁྱོད་ཀྱིས་རང་སེམས་ཀྱི་སྐྱོ་གདུང་སྤོབས་པར་བསྒྱུར་ཏེ། རང་ཡུལ་དང་གཅིག་མཚུངས་ཀྱི་རྩྭ་ཐང་འདིར་གླུ་སྐད་གསར་བ་ཞིག་གི་དབྱངས་རྟ་འདྲེན་རོགས། བདག་གི་སྲིང་ཆུང་མ།  ད་ནི་འཚོ་བ་གསར་བ་ཞིག་གི་སྐུད་སྣེ་ལ་འཇུས་ཟིན་པས།   རང་གིས་རང་ལ་བདག་སྐྱོང་བཟང་པོ་བྱོས།  ཕ་མ་དང་ཕུ་ནུ་མེད་ས་ན། ཨ་མྱེས་དང་ཨ་ནེ་ཁྱོད་ཀྱི་ཕ་མ་ཡིན་ལ། བཟའ་ཟླ་དང་གཉེན་མོ་ནི་ཁྱོད་ཀྱི་ཕུ་ནུ་ཡིན་པས། ཁྱོད་ཀྱི་འཚོ་བ་ལ་སྔར་བཞིན་བདེ་སྐྱིད་ལྡན་པར་ཡིད་ཆེས་ཡོད། ཁྱོད་ཀྱི་མདུན་ལ་སྔར་བཞིན་ཀྱག་ཀྱོག་མེད་པའི་སྨོན་འདུན་ཞུ།  བདག་གི་སྲང་ཆུང་མ།
                                                                                                                                      
       ད་ནི་མཚན་མོའི་ཆུ་ཚོད་བཅུ་གཉིས་རེད། དཀར་གསལ་གྱི་ཟླ་བ་མེད་ལ།   ཕྲ་ཚོམ་གྱི་རྒྱུ་སྐར་བསྒྲིབས་པས་མུན་པའང་ཧ་ཅང་སྟུག    བདག་གི་སྲིང་ཆུང་མ།     ང་རང་ཕ་ཡུལ་དང་གྱེས་ཏེ་ཕྱིར་གྲོང་ཁྱེར་ལ་ཐོན་་་་ཡོད།  ད་ལྟ་ངས་ཚན་རྩལ་གྱི་མཐོ་རླབས་འཕྱུར་བའི་ཡུལ་གྲུ་འདིའི་གྲུ་ཟུར་ཞིག་ནས།  ཁྱོད་ཕྱོགས་ཀྱི་ནམ་མཁའ་ལ་དྲན་པ་བསྲིང་གིན།  ཁ་དོག་སྣ་ཚོགས་ཀྱི་གློག་འགྱུས་སྤྲས་པའི་མཚན་ལྗོངས་རིང་མོ་འདི།  འཁྱག་སོབ་སོབ་ཀྱི་མངན་པས་རློན་བཞིན་གདའ།  མི་ཡུལ་གྱི་མཛེས་ལྗོངས་མཐོང་མ་མྱོང་བའི་ཁྱོད་ནི་ངོ་མ་ལས་ངན་རེད། ཁང་བརྩེགས་དང་འཕྲུལ་ཆས་མོད་པའི་གྲོང་ཁྱེར་གྱི་བཞིན་གསར་མིག་མདུན་དུ་བཤམས་ཐེངས་རེར།  ངས་རྗེས་ལུས་དང་རྨོངས་དད་ཀྱི་རྩྭ་ཐང་ལ་ལེ་བདའ་བྱས། ངས་ཕ་མ་དང་ཕུ་ནུའི་ལས་དབང་ལ་མིག་ཆུ་དྲངས།  བདག་གི་སྲིང་ཆུང་མ།  བེའུ་རྫི་ནས་ལུག་རྫི།  ལུག་རྫི་ནས་གནས་ཡུལ།  གནས་ཡུལ་ནས་ཡང་བསྐྱར་ལུག་རྫི།  ཨ་ཨ།ཡིད་སྐྱོ་བའི་ཕ་ཡུལ་གྱི་བུད་མེད་ཚོའི་སྤྱི་འགྲོས་འདི་ནམ་ཞིག་ལ་མཇུག་སྒྲིལ་་་་་ཐུབ། ངས་མི་ཚོགས་དང་རླངས་འཁོར་གྱི་འདུ་འཛིའི་ཁྲོད་ནས།  ནོར་ནག་དང་ལུག་ཁྱུས་བྲན་པའི་ཕ་ཡུལ་ལྷག་ཏུ་དྲན། གློག་ཀླད་དང་ཁ་པར་གྱི་ལག་ལེན་ཁྲོད་ནས། ལྕགས་ཁེམ་དང་འུར་ཆ་བཟུང་བའི་ཡུལ་མི་དག་ལྷག་ཏུ་དྲན། བདག་གི་སྲིང་ཆུང་མ་ཡ། ད་ལྟ་ཁྱོད་ཀྱིས་ཅི་ཞིག་བྱེད་ཀྱིན་ཡོད།  རྟ་ནོར་ལུག་གསུམ་གྱི་ཟློས་གར་ཁྲོད་ན་སྙན་དུང་དུང་གི་རྫི་གླུ་དབྱངས་རྟར་འདྲེན་བཞིན་མཆིས་སམ།  ཨ་ནེ་ཨ་མྱེས་ཀྱི་འཇམ་རྩུབ་ཁ་ལོག་ཁྲོད་ན་སྐྱོ་ཤུར་ཤུར་གྱི་མཆི་མས་མཁུས་ཚོས་རློན་བཞིན་གདའ།   ཕྱིར་འདང་དང་མིག་མདུན་གྱི་དོན་་དངོས་བར་ན་ཐོབ་ཐང་དང་རྒྱལ་ཁ་ཅི་ཡང་མེད་པའི་ཕུ་བོ་ང་། ད་ལྟ་ངོ་མ་སྨྱོ་ལ་ཁད། བདག་གི་སྲིང་ཆུང་མ་ལགས།  ངས་གྲོང་ཁྱེར་གྱི་དཀྱིལ་དབུས་ནས་ཕུགས་བསམ་གྱི་ཀི་རིང་ཞིག་བཏབ་ན།  བས་མཐའི་ལྷིང་འཇགས་ཀྱི་རྩྭ་ཐང་དེ་དཀྲོག་ཐུབ་བམ། 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་འགྱུ་ལྕི་མོ་ཞིག་གི་བརྒྱུད་རིམ།

2010-01-21 སྐལ་རྒྱམ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།