ཕུ་བོ་ལ་ཕུལ་བའི་མིག་ཆུ།

      ང་ད་ལྟ་ནར་སོན་ནས་གཉོམ་ལག་རྒྱས་ཡོད། གཉོམ་ལག་རྒྱས་ནས་འཕུར་བཞིན་པའི་གླག་ཕྲུག་ཞིག་ཏུ་གྱུར་ཡོད། འཇིག་རྟེན་དཀར་ངོགས་འདི་རུ་སླེབས་ནས་ད་ལྟའི་བར་དུ་ང་ལ་རྒྱབ་སྐྱོར་དང་རོགས་རམ་གནང་མཁན་གྱི་གྲོགས་པོ་ཧ་ཅང་མང་ནའང༌།  དེའི་ནང་ནས་ཞེན་འདང་ཆེ་བ་ཞིག་ཡོད་པ་ནི་ཕུ་བོ་ཁྱོད་རང་གཅིག་པུ་ཡིན་ནོ།།
       སྔོན་ཆད་ཁྱོད་ཀྱིས་ང་ལ་དབྱངས་གསལ་སོ་བཞི་བསླབ་ནས་ངག་གི་སྒོ་འཕར་ཡངས་མོར་ཕྱེས་མྱོང་ལ། སུམ་རྟགས་དག་གསུམ་གྱི་རྩ་ཚིག་གྱེར་ནས་འགྲོ་འདུག་སྤྱོད་གསུམ་གྱི་ཐོག་མའི་ཉེན་ཁ་ལས་གྲོལ་མྱོང༌།ཕུ་བོ་ཁྱོད་ཀྱིས་རྒྱབ་སྐྱོར་དང་བྱམས་བརྩེ་མེད་ན་ང་ད་ལྟ་སྨྱུག་ཐོགས་པ་ཞིག་ཏུ་འགྱུར་ཐུབ་མེད་ལ། སློབ་ཁྲིད་ཀྱི་སྟེགས་བུ་རུ་འགྲེང་ནས་སྐད་ཆ་དྲང་བདེན་ཞིག་བཤད་ཐུབ་མཁན་གྱི་དགེ་རྒན་ཞིག་ཏུ་དེ་བས་ཀྱང་འགྱུར་ཐུབ་མེད། ཕུ་བོ་ལགས། ད་ལྟ་ངས་དེ་དག་ལ་མནོ་བསམ་གཏོང་བཞིན་གཏོང་བཞིན་ཁྱོད་རང་དྲན་བཞིན་ཡོད། ཕ་ཡུལ་དང་ཁ་གྱེས་ནས་ས་མཐའ་འགྲིམས་པའི་ལོ་ཟླ་འདི་དག་ལ།    ངས་རང་གི་ཕ་མ་དང་གཉེན་ཉེ་དྲན་ནས་མིག་ཆུ་བཞུར་མྱོང་ལ།  ཕུ་བོའི་མ་འོངས་པའི་མདུན་ལྗོངས་རེ་ལྟོས་དང་འོད་སྣང་གིས་ཁེངས་པར་སྨོན་ལམ་བརྒྱབ་མྱོང༌།   ཁ་བ་མར་མར་འབབ་དུས།།ཕ་ཡུལ་ཡིད་ལ་དྲན་བྱུང་།། ཟེར་བའི་གཏམ་དེ་ཅི་འདྲའི་བདེན་ཨང༌། ཁ་བ་ནི་ཕུ་བོའི་བརྩེ་སེམས་ཡིན་ལ།   ཚོ་ཁག་ཅིག་གི་རྣམ་ཤེས་གསོན་པོ་ཀྱང་རེད།ཁ་བ་མེད་པའི་ལོ་ཟླ་འདི་དག་ནི་ང་ལ་ཕ་མ་མེད་པའི་ལོ་ཟླ་དང་མཚུངས་ལ།   ཕ་མ་མེད་པའི་ལོ་ཟླ་ནི་ཅི་འདྲའི་དོན་སྙིང་དབེན་ཞིང་དྲོད་འཁོལ་མེད་པའི་འཚོ་བ་ཤིག་རེད་ཨང༌། ད་ལྟ་བསམ་གཞིག་གི་ཀློང་ལ་ཕྱིར་དྲན་གྱི་མདའ་མོ་བསྲིངས་ན་སྔོན་བྱོན་མཁས་པ་དག་གི་གསུང་ཚིག་རེ་རེ་ཐོས་ན་ཕུ་བོ་ཁྱེད་ཀྱི་བྱས་རྗེས་མཐོང་ཐུབ་ལ།   ཁོ་ཚོས་བཞག་པའི་གསུང་འབུམ་རེ་རེ་མཇལ་ན་ཕུ་བོ་ཁྱོད་ཀྱི་བཀའ་དྲིན་སེམས་ལ་ལྷུང་འགྲོ། ཡིན་ནའང༌།  དེ་དག་ནི་ལོ་རྒྱུས་རེད།   འདས་ཟིན་པའི་ལོ་ཟླ་དག་གི་ནང་ནས་བྱུང་བའི་ཁྱོད་ཀྱི་སྟོབས་དང་ནུས་པ་ཡིན་ལ།  ཁྱོད་ཀྱི་ཞུམ་མེད་ཀྱི་སྙིང་སྟོབས་དང་བླ་སྲོག་ཀྱང་ཡིན་མོད།  ཡིན་ནའང༌།  མཚར་སྡུག་འོད་སྟོང་འབར་བའི་སྔོན་ཆད་ཀྱིས་ད་ལྟའི་ཚབ་བྱེད་མི་ཐུབ་ལ།   བ་ཚྭའི་དྲི་དང་འགྲོགས་པའི་ཁ་སང་གིས་དེ་རིང་གི་སྐོམ་པ་ག་ལ་སོད།    ཕུ་བོ་ལགས།  དུས་ནི་མི་འགྱུར་མི་ནི་འགྱུར་བ་ཡིན་ནམ།  མི་ནི་མི་འགྱུར་དུས་ནི་འགྱུར་བ་ཡིན།    གང་ལྟར་ཁྱོད་འདི་འདྲའི་བལྟས་བལྟས་རིག་རིག་ཤིག་ལ་རྒས་ཞིང་འཁོགས་པ་ཤིག་ཏུ་ཅི་ལྟར་གྱུར་སོང༌།   ཁྱོད་འདི་འདྲའི་རྐང་པ་འཐེང་ཞིང་མིག་ཟུང་ལོང་བ་ཤིག་ཏུ་ཅི་ལྟར་གྱུར།  སྔོན་ཆད་ཁྱེད་ཀྱིས་དཀྲོལ་མྱོང་བའི་པི་ཝང་དཀར་པོ་དེ་སུ་ཞིག་གིས་འཕྲོག་ནས་བུད་སོང་ངམ།    ཕུ་བོ་ལགས།  ཁྱེད་ཀྱིས་ང་ལ་ཤོད་དང༌།   ཁྱེད་ལ་བརྙས་བཅོས་བྱེད་མཁན་གྱི་ཁྲམ་པ་དེ་སུ་ཞིག་ཡིན་ནམ།སྔོན་ཆད་འུ་ཚང་གི་ལུག་ཁྱུ་དཀྲོགས་མཁན་གྱི་ལྭ་བ་ལྗང་ཁུ་གྱོན་མཁན་དེ་ཚོ་ཡིན་ནམ།   ཡང་ན་སྦྲ་ནག་གི་ཆོན་ཐག་གཅོད་མཁན་གྱི་ཞྭ་དམར་པོ་གྱོན་མཁན་དག་ཡིན།    ད་ལྟ་འུ་ཚང་གི་ར་སྐོར་ཡོད་ཚད་ཀྱང་ཁྱིམ་མཚེས་ཚང་གི་བདག་བཟུང་བྱེད་གྱིན་འདུག་ལ།  འུ་ཚང་གི་མགོ་ཐོག་གི་ནམ་མཁའ་སྔོན་པོ་དེ་ཡང་གཞན་གྱི་ནམ་མཁའ་རུ་འགྱུར་གྱིན་ལགས།   ཁྱེད་ཀྱི་བུ་ཆུང་ཡང་རང་ཁྱིམ་ལས་བུད་ནས་གཞན་ཁྱིམ་བསྙེགས་ནས་བུད་སོང༌།   མ་ཎི་རྡོ་བརྐོས་དང་དར་ལྕོག་གི་རྣམ་ཤེས་དགུན་གྱི་ལྷགས་རླུང་གི་རལ་ཁ་རྣོན་པོས་ཚལ་བར་གཙེས་ནས་རྨེག་མེད་དུ་སོང་ཤུལ་ན་འུ་ཚང་གི་སྒོ་བྱང་ཡོད་ཚད་ཀྱང་མུན་ནག་གི་ཁྲོད་ན་དུས་ཀྱི་ཆར་རླུང་གིས་འཇིག་ལ་ཉེ།  ཨ་ཕས་ཀྱང་བརྙན་འཕྲིན་ལས་འཆར་འོངས་པའི་ཡི་གེའི་དོན་གོ་མི་ཐུབ་ཟེར་ལ།   ཨ་མས་ཀྱང་ཨ་ཅེ་ཡིས་བསྐུར་འོངས་པའི་འཕྲིན་ཡིག་ཀློག་མི་ཤེས་འདུག་ཟེར།   སྲིང་ཆུང་མས་ཀྱང་གལ་ཏེ་ཁྱོད་རང་ཁང་བརྩེགས་མང་པོའི་གྲོང་ཁྱེར་ཞིག་ནས་འཕྲད་ཚེ་ངོ་མི་ཤེས་ཟེར་རོ།།  ད་དུང་སྔོན་ཆད་ཁྱེད་རང་ལུག་རྫི་བྱས་མྱོང་བའི་ཡངས་པའི་ཐང་ཆེན་དག་ལ་ད་ལྟ་ཁང་པ་གསར་པ་བརྒྱབ་ནས་མཐོ་སྒང་འདི་ཡང་གྲོང་ཁྱེར་ལྟ་བུ་ཆགས་འདུག
        ཕུ་བོ་ལགས།  ད་ནི་ཁྱོད་རང་གཉིད་ལས་སད་རན་འདུག འཕག་འཚག་དང་འུར་སྒྲ་ཞིག་གི་ཀློང་ནས་སད་རན་འདུག  ན་ཟུག་དང་ངུ་འབོད་ཤིག་གྱེར་ནས་སད་རན་འདུག 
        ཕུ་བོ་ལགས།  གཉིད་ལས་སད་རན་འདུག  ཕྱོགས་བཞི་མཚམས་བརྒྱད་ན་ཁྱེད་ཀྱི་བུ་དང་བུ་མོ་མང་པོས་ཁྱོད་རང་གཉིད་ལས་སད་དགོས་པར་འབོད་བརྡ་སྒྲོག་བཞིན་འདུག་པ་ཐོས་མྱོང་ངམ།   འཇིག་རྟེན་གསུམ་ན་སེམས་ཅན་གྲངས་མེད་ཀྱིས་ཁྱོད་ཀྱི་མི་སྡུག་པའི་ཞལ་རས་དང་ཉམ་ཆུང་གི་སྤོབས་པ་ལ་འཁང་ར་བྱེད་གྱིན་འདུག་པ་ཐོས་མྱོང་ངམ།  ཕུ་བོ་ལགས།  དུས་རབས་ཉེར་གཅིག་ནི་ཚན་རིག་དང་རིག་གནས་ཀྱི་དུས་རབས་ཤིག་ཡིན་པར་གྲགས།  དེ་ལྟར་ཡིན་ན་གྲོགས་པོ་ཁྱོད་རང་འདི་ལྟར་རི་སྒང་དང་ལུང་ཁུག་བསྲུངས་པའི་སྒོམ་ཆེན་བྱས་ནས་མ་བསྡད་པར་ཡོད་ཚད་ལ་མིག་རྒྱང་ཤིག་བྱོས་དང༌།  ཡོད་ཚད་ཀྱིས་རང་གི་ཕ་ཡུལ་དང་གཉེན་ཉེ་ཚོའི་ཆེད་དུ་ཡོད་ཚད་ལ་འབད་བཞིན་འདུག   མ་འོངས་པའི་མིག་རྒྱང་དང་བསམ་གཞིག་དེའི་སླད་དུ་འདུར་རྒྱུག་ལ་བྲེལ་གྱིན་ལགས།  ད་དུང་ཚན་རིག་པ་དང༌།  རིག་གནས་པ། ཆེད་མཁས་པ་སོགས་ཀྱིས་ཀྱང་བརྩམས་ཆོས་དང་གླེགས་བམ་གྱི་བར་ན་དུས་རབས་ཉེར་གཅིག་ནི་གྲོགས་པོས་གྲོགས་པོ་བསླུ་བའི་འགྲན་རྩོད་ཀྱི་དུས་སྐབས་ཤིག་ཡིན་པར་བརྗོད་གྱིན་གདའ།  དེ་ལྟར་ཡིན་ན་གྲོགས་པོ་ཁྱོད་ཀྱིས་ཀྱང་འུ་ཚང་གི་ར་སྐོར་དང༌།ནམ་མཁའ་འདིའི་ཆེད་དུ་གཉིད་ལས་སད་དགོས་པ་མིན་ནམ།   གཏི་མུག་གི་ཀློང་ནས་སད་རན་རེད།  རྨོངས་མུན་གྱི་ཐང་ནས་ལངས་རན་རེད།  ཡོད་ཚད་མདུན་སྐྱོད་ལ་བྲེལ་དགོས་པར་འདུག   ཕུ་བོ་ལགས།  མཚམས་རེར་ངས་ཁྱོད་རང་འདི་ལྟར་གཉིད་ཞིམ་པོ་ཞིག་གི་ཀློང་ནས་སྔུར་བ་གཉོམ་པོ་ཤིག་འཐེན་བཞིན་གཉིད་ལོག་པའི་ངང་ཚུལ་ལ་བསམ་བློ་ཤིག་བཏང་ན་ང་ངོ་མ་འདི་ལྟར་གཉིད་ན་འདོད་མོད།    འུ་ཚང་གི་མ་འོངས་པའི་སྟོན་ཁའི་ལོ་ཏོག་ལ་བསམ་བློ་ཤིག་བཏང་ན་འདི་ལྟར་གཉིད་ལས་བསྡད་ན་ཆོག་གམ། ཕུ་བོ་ལགས།   གཉིད་ལས་སད་པར་བྱོས་དང༌།   ཁྱོད་ལ་དུངས་པའི་གྲོགས་པོ་མང་པོས་ཐག་རིང་དང་ཐག་ཉེ་གང་རུང་ན་ཁྱེད་ཀྱི་མཛེས་སྡུག་གི་ལམ་ཆེན་ཡངས་པར་སྨོན་འདུན་རྒྱག་བཞིན་འདུག་གོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕུ་བོ་ལ་ཕུལ་བའི་མིག་ཆུ།

2010-01-18 ལྡོང་སྨིན་དྲུག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།