ཕ་ཡུལ་གྱི་བུ་མོ།

ལྕགས་ཐར་རྩེ་རྒོད། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-01-14

   ཞོགས་པའི་མཚམས་སྤྲིན་གྱིས་ཁྱོད་ཀྱི་རྨི་ལམ་དང་མཛེས་སྡུག་གི་ལང་ཚོ་སྒུལ་དུས།  ཐོ་རེངས་སྐར་ཆེན་གྱིས་ཁྱོད་ཀྱི་འཛུམ་མདངས་དང་རེ་བའི་ཚེ་སྲོག་ཕྱེ་དུས།  
   ཁྱེད་ཀྱིས་ཡུལ་མི་ཚོའི་མིག་མདངས་དང་རྒྱུས་ཆེ་བའི་ཀྱག་ཀྱོག་གི་རྐང་ལམ་བརྒལ་ནས་ལུག་ཁྱུ་དང་མཚམས་སྤྲིན་བསྐོར།  ཁྱོད་ཀྱིས་ཁུ་བྱུག་གི་མགྲིན་ངག་དང་རྩྭ་ལྗང་གི་ཟིལ་བ་གཏོར་གྱིན་ཁ་སང་གི་གཏམ་བརྗོད་ཁུར།  གང་ལྟར་ཀྱང༌།  ཁྱོད་ཀྱི་སྙན་འཇེབས་ཀྱི་གླུ་སྐད་དང་དྭངས་གཙང་གི་དགོད་སྒྲ་འདི་མཆིས་པས།  ད་གཟོད་ཕ་ཡུལ་གྱི་སྤྲིན་དཀར་མཛེས་སྡུག་གིས་བསྐྱོད་ཅིང་སྤང་ལྗོངས་ཀྱི་མེ་ཏོག་འཛུམ་མདངས་ཀྱིས་ཕྱུག
    ཞོགས་པའི་ཉི་ཟེར་འཇམ་པོས་ཕ་ཡུལ་གྱི་རྨི་ལམ་དང་རི་ལུང་གི་ལྷིང་འཇགས་ཕྱེས་ཐེངས་རེ་རེར།  ཁྱོད་ཀྱིས་སད་པར་དཀའ་བའི་རྨི་ལམ་དེའི་ལྷག་མ་དང་ལུག་ཁྱུ་མཉམ་དུ་འཚོས།  ཁྱོད་ཀྱིས་ཕ་གིའི་རི་འདབས་ནས་འཁོར་འོངས་པའི་རྨིག་སྒྲ་དང་སྙན་འཇེབས་ཀྱི་གླུ་སྐད་ལ་ཉན།  ཁྱོད་ཀྱིས་ཀྱང་རང་ཉིད་ཀྱི་འདྲིས་ལོབས་སུ་སོང་བའི་གླུ་དབྱངས་དེའི་འགྱུར་ཁུགས་མགྲིན་ངག་ཏུ་དྲངས།   ཐག་རིང་གི་སྐར་ཚོགས་ལྟ་བུའི་ལུག་ཁྱུས་དབྱངས་རྟ་དང་རྩྭ་འཇམ་མཉམ་དུ་ལྡོད།  འགྱུར་ཁུགས་ཁྲོད་སྐྱེན་པའི་མེ་ཏོག་དང་ཕྱེ་ལེབ་ཚོགས་ཀྱིས་མགོ་ལྕོག་ལྡེམ་ཞིང་གར་སྟབས་བསྒྱུར།  ཕ་ཡུལ་གྱི་བུ་མོ།  ནམ་རྒྱུན་ས་སྲོད་ཀྱི་སྐྱི་སེར་དང་ནུབ་རིའི་ཡོལ་བ་སྟུག་པོས་ཁྱོད་ཀྱི་ལུས་པོ་དང་རྫ་སྒང་གི་སེམས་ཁམས་ལ་གྲང་ངར་སློང་དུས།  ཁྱོད་ཀྱིས་ཨ་མའི་རེ་སྒུག་དང་ཨ་ཕའི་རྒྱང་ལྟ་དེ་དྲན་ནས་ད་བཟོད་ལུག་ཁྱུ་རི་ངོས་ནས་བསྡུས་ཤིང་རི་འདབས་སུ་བསྐོར།  ཁྱོད་ཀྱིས་ཤ་དྲི་དང་འོ་དྲི་འཐུལ་བའི་རང་ཁྱིམ་དྲོན་མོ་དེ་དྲན་ནས་ད་བཟོད་སྐྱེན་འཚར་གྱི་རྐང་རྗེས་ཆུང་ཆུང་རང་ཁྱིམ་དུ་བསྒྱུར་འགོ་བརྩམས། 
     ཕ་ཡུལ་གྱི་མེ་ཏོག་ལས་ཀྱང་མཛེས་པའི་བུ་མོ་ལགས།  ཁྱོད་ཀྱིས་ལྩི་ཏིག་ཏིག་གི་སྙིང་གཏམ་དང་དུངས་སེམས་ཀྱི་ལོ་ཟླའི་ཁྲོད་རང་ཉིད་ཀྱི་སྐྱེས་འཚར་ཀློག་ན་ཡང༌། 
     ཕ་མ་དང་བཅས་པའི་ཕུ་ནུ་མིང་སྲིང་ཚོའི་མིག་ཟུང་དུ་ཁྱེད་རང་འདབ་ལག་མ་སྨིན་པའི་གསར་སྐྱེས་ཀྱི་ལྗང་བུ་ཞིག་ཏུ་སྙམ་མོད།  འོན་ཀྱང༌།  འདར་སིག་སིག་་་གིས་ཕ་ཡུལ་ལ་རྒྱང་ལྟ་བྱེད་མཁན་གྱི་བདག་གི་སེམས་ཁམས་སུ།  ཁྱོད་ནི་ཕ་ཡུལ་གྱི་ཆེས་བཀྲགས་མདངས་ལྡན་པའི་མཛེས་ལྗོངས་ཤིག་ཏུ་སྙམ།  ཁྱོད་ཡོད་པས་ད་བཟོད་ཕ་ཡུལ་གྱི་རི་ལུང་དང་དུས་བཞི་ལྗང་མདོག་གིས་ཁེངས།  ཁྱོད་ཡོད་པས་ད་བཟོད་ཕ་ཡུལ་གྱི་ཆུ་ཕྲན་དང་སྤྲིན་དཀར་བརྩེ་འཇམ་གྱིས་འཁྱུག  བུ་མོ་ལགས།  
      ཁྱེད་ཀྱིས་རིའི་ཕ་རོལ་ནས་འཁོར་འོངས་པའི་གླུ་སྐད་དེ་ད་དུང་དྲན་ནམ།  སྤང་མེ་ཏོག་གིས་ཁུར་བའི་ལོ་ཟླ་དེ་ད་དུང་བསམ་མམ།  ནམ་རྒྱུན།  བདག་གིས་ཀྱང་རིའི་ཕ་རོལ་གྱི་གླུ་ངག་དེ་དྲན་བཞིན་ཡོད་ལ་མེ་ཏོག་གི་འཛུམ་ཞལ་ལས་ཀྱང་སྡུག་པའི་བུ་མོ་དེ་འདི་ལྟར་བསམ་བཞིན་ཡོད།  ཕ་ཡུལ་གྱི་བུ་མོ……

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕ་ཡུལ་གྱི་བུ་མོ།

2010-01-14 ལྕགས་ཐར་རྩེ་རྒོད། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།