དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་སྐོར་གྱི་ལྟ་ཚུལ་ཉུང་ངུ།

      དེང་བོད་ཀྱི་ན་གཞོན་རེ་འགས་ཆོས་ཆོས་དང་འཇིག་རྟེན་འཇིག་རྟེན་ཞེས་དང༌།དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་ཐ་དད་བྱེད་དགོས་ཞེས་ཀི་རིང་ཕེ་རིང་འདེབས་ཀྱིན་འདུག་པས།གཞུང་ལུགས་རྒྱ་མཚོ་འདོམ་གྱིས་མ་འཇལ་ཞིང༌།སྲིད་ཀྱི་ཁྲི་འཕང་རྡོག་པས་གནོན་མ་མྱོང་བའི་ཕྲན་ཆུང་བདག་གིས་ཀྱང་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་གཉིས་ཀྱི་སྐོར་ལས་བརྩམས་ཏེ་རང་གི་ལྟ་ཚུལ་ཉུང་ཙམ་གངས་ལྗོངས་སྐྱེས་འགྲོའི་སྙན་ལམ་དུ་ཕུལ་ན་འདོད་དོ།།
      སྤྱིར་འཇིག་རྟེན་ས་སྒང་ཟླུམ་པོ་འདིའི་སྟེང་དུ་ཆོས་ལུགས་དང་སྲིད་ལུགས་ཞེས་མིང་འདི་གཉིས་ཡོངས་སུ་གྲགས་པ་ཞིག་རེད།ཡིན་ནའང༌། འཛམ་གླིང་ཤར་ནུབ་སོ་སོར་མཚོན་ན་ཆོས་སྲིད་གཉིས་ལ་གོ་བ་ལེན་སྟངས་མི་འདྲ་ཡང་ཁོ་བོས་འདི་ལྟར་སྨྲ་ན་འདོད་དེ།ཆོས་ལུགས་དང་སྲིད་ལུགས་གཉིས་ཞེས་པའི་ཆོས་ལུགས་དེ་ལ་འཛམ་གླིང་ས་སྒང་ཟླུམ་པོའི་སྟེང་དུ་བལྟས་པ་ཡིན་ན་གྲུབ་མཐའ་གཉིས་སུ་དབྱེ་ཆོག་ལ།དེ་ནི་འཇིག་རྟེན་བྱེད་པོ་ཡོད་པར་སྨྲ་བ་དང་འཇིག་རྟེན་བྱེད་པོ་མེད་པར་སྨྲ་བ་གཉིས་རེད།དེང་སྐབས་འཛམ་བུ་གླིང་ན་ཆོས་ལུགས་ཆེན་པོ་བཞི་ཞེས་བགྲང་གི་འདུག་ལ།དེ་བཞི་ནི་ཡེ་ཤུའི་ཆོས་ལུགས།ཁ་ཆེའི་ཆོས་ལུགས།བྲམ་ཟེའི་ཆོས་ལུགས།ནང་བའི་ཆོས་ལུགས་བཞི་རེད་འདུག  དེ་དག་ལས་སྔ་མ་གསུམ་ནི་འཇིག་རྟེན་བྱེད་པོ་ཡོད་པར་སྨྲ་བའི་ལུགས་དང༌། ཕྱི་མ་གཅིག་ནི་འཇིག་རྟེན་བྱེད་པོ་མེད་པར་སྨྲ་བའི་ལུགས་རེད། འཇིག་རྟེན་བྱེད་པོ་མེད་པར་སྨྲ་བའི་ལུགས་ནི་ལོ་རྒྱུས་ཀྱི་ཆ་ནས་ཨང་རིམ་གྱི་གཉིས་པ་རེད།འཕེལ་རྒྱས་ཀྱི་ཆ་ནས་བལྟས་ན་དུས་རབས་ཉི་ཤུ་བ་དང་ཉེར་གཅིག་གི་ནང་དུ་འཇིག་རྟེན་བྱེད་པོ་མེད་པར་སྨྲ་བའི་ལུགས་ལ་མི་ཞུགས་ཚད་ཨང་རིམ་དང་བོར་སླེབས་ཡོད་པ་རེད།དེ་མ་ཟད་དེང་སྐབས་ནུབ་ཕྱོགས་ཀྱི་མཁས་པ་མང་བོས།  འཇིག་རྟེན་བྱེད་པོ་མེད་པར་སྨྲ་བའི་ལུགས་ནི།  ཆོས་ལུགས་དང་མཚན་ཉིད་རིག་པ་གཉིས་ཀྱི་གང་གི་ཁོངས་སུ་གཏོགས་མིན་ལ་རྩོད་པ་བྱེད་ཀྱིན་པའི་སྒང་རེད། བོད་ཀྱི་རྒྱལ་རབས་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐབས་ལ་འཇིག་རྟེན་བྱེད་པོ་མེད་པར་སྨྲ་བའི་ལུགས་ཏེ།  ནང་བའི་ཆོས་ཀྱི་དབུ་བརྙེས། བོད་ཀྱི་རྒྱལ་རབས་སོ་གཉིས་པ་སྲོང་བཙན་སྒམ་པོའི་སྐབས་སུ་ནང་བའི་ཆོས་ལུགས་ཀྱི་སྲོལ་ཕྱེ།བོད་ཀྱི་རྒྱལ་རབས་སོ་བརྒྱད་པ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་ནང་བའི་ཆོས་ལུགས་ང་ཚོ་བོད་ཡུལ་དུ་ཆེས་ཆེར་དར་བར་བྱས།  དེང་སྐབས་ནང་ཆོས་བོད་ལས་བརྒལ་ཏེ་འཛམ་གླིང་གོ་ལ་འདིའི་ག་ས་གང་དུ་དར་གྱིན་འདུག  ད་དུང་ཕྱི་རྒྱལ་མཁས་པའི་བཤད་སྲོལ་ཞིག་ལ།  ཡེ་ཤུ་ཆོས་ལུགས་དང་ཁ་ཆེ་ཆོས་ལུགས་ཀྱི་མཚོན་ཆ་བཟུང་ནས་འཛམ་གླིང་དུ་དར་རྒྱས་བྱུང་ཞིང༌།  ནང་བའི་ཆོས་ལུགས་ཀྱིས་ཞི་བདེ་བསྣམས་ནས་འཛམ་གླིང་དུ་ཕེབ་བྱུང་ཞེས་པའི་བཤད་ཚུལ་ཞིག་ཀྱང་བྱུང་འདུག  ཕྲན་ཆུང་བདག་གིས་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་ཐ་དད་བྱེད་ཐབས་མེད་པར་འདོད་ལ།  འདི་གཉིས་ནི་ནང་ཆོས་བོད་དུ་དར་ནས་ཡུན་རིང་སོང་བའི་སྐབས་སུ་ནང་ཆོས་ལ་དད་པའི་མིའི་བསམ་བློའི་འཕེལ་རིམ་མམ་བསམ་བློའི་ཆེ་ཆུང་གི་ཆ་ནས་བཞག་པ་ཞིག་རེད་སྙམ།   ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་ཞེས་མིང་གཉིས་སུ་བཀར་མེད་པ་ཁོང་གིས་གསར་བཏོད་མཛད་པའི་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་ཀྱི་དང་བོ་ལ། ལྷ་དཀོན་མཆོག་གསུམ་ལ་མོས་གུས་བསྐྱེད་པ་ཞེས་བཞག་འདུག་ལ།   གཉིས་པར། དམ་པའི་ཆོས་བཙལ་ཞིང་བསྒྲུབ་པ་ཞེས་བཞག་འདུག་པས་ལྷ་ཆོས་དང་མི་ཆོས་ཞེས་དབྱེ་མེད་པ་གསལ་བོ་རེད།ཕྱིས་སུ་བཀའ་གདམས་པའི་དགེ་བའི་བཤེས་གཉེན་དག་གིས། འཇིག་རྟེན་མི་ཆོས་དང་མཐུན་ན་དམ་པའི་ལྷ་ཆོས་མིན། འཇིགརྟེན་མི་ཆོས་དང་འགལ་ན་དམ་པའི་ལྷ་ཆོས་ཡིན།  ཞེས་གསུངས་ཤིང༌།  དེ་ནི་ཆོས་རྣམ་པར་དག་པ་སླད་མེད་པ་ཞིག་བསྒྲུབ་དགོས་ཞེས་ པའི་དོན་རེད་མ་གཏོགས་སྤྱིར་བཏང་དེ་གཉིས་མེ་ཆུ་ལྟ་བུའི་འགལ་ཟླ་ཞིག་རེད་ཅེས་པ་མ་རེད།དེ་ནི་གང་གི་ཤེས་ཟེར་ན། ཁོ་བའི་མེ་ཏོག་ཕོག་པའི་ལྷ་སྐལ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་སྨོས་ན༧རྗེ་བཙུན་བློ་བཟང་རྒྱ་མཚོ་དཔལ་བཟང་བོ་མཆོག་གིས། འཇིག་རྟེན་ཡ་རབས་དང་མཐུན་ན་དམ་པའི་ལྷ་ཆོས་དང་མཐུན་ཞེས་གསུངས་པ་འདིས་ཤེས་སོ།།  དེས་ལས་ཡ་རབས་བྱས་ན་དགེ་བ་དང་ལས་མ་རབས་བྱས་ན་སྡིག་པ་ཡིན་པ་འདི་ཡང་ཤེས་དགོས།མིའི་རིགས་ཀྱིས་སློབ་གསོ་མྱངས་པའི་མཐར་ཐུག་ནི་ལེགས་ཉེས་   བླང་དོར་ཤེས་རྒྱུ་དེ་ཡིན་པ་སྨོས་མེད་ཡིན་ལ། བོད་ཀྱི་ནང་བའི་ཆོས་ལུགས་ནི་འཚེ་མེད་ཞི་བདེའི་ངོ་བོ་ཅན་གྱི་རིག་པའི་གཞུང་ལུགས་ཤིག་ཡིན་པས་བོད་ཙམ་མ་ཟད་འཛམ་གླིང་གི་མིའི་རིགས་ཐམས་ཅད་ལ་ཁ་འབྲལ་མི་རུང་བའི་རིག་པའི་གཞུང་ལུགས་ཤིག་ཀྱང་རེད།རྒྱ་ནག་གི་སློབ་དཔོན་དབྱིན་ཀྲི་པེའོ་ལགས་ཀྱིས། ཚན་རིག་གི་བྱ་བ་ཕལ་མོ་ཆེ་ནི་རང་ཕྱོགས་ལ་གནས་སྐབས་ཕན་པ་ཙམ་ལས་མིའི་འགྲོ་བ་སྤྱི་ལ་མི་ཕན་པར་མ་ཟད།རང་ལས་གཞན་ལ་གནོད་པ་ཏག་ཏག་རེད། ཅེས་དང༌། སངས་རྒྱས་ཆོས་ལུགས་ཀྱིས་གཞན་ལ་གནོད་པའི་གཞི་སེམས་ཀྱི་ཉེ་རིང་ཕྱོགས་འཛིན་དང་བྲལ་  བའི་སྒོ་ནས་དངོས་ཐོག་བདེན་འཚོལ་བྱེད་པ་དང༌།གཞན་དོན་རྐྱང་རྐྱང་སྒྲུབ་པའི་རྨང་གཞི་བྱེད་པ་རེད། ཅེས་གསུངས་པ་དང༌། རང་བདེ་འདོད་པ་དང་སྡུག་མི་འདོད་པ་ནི་སེམས་ལྡན་གྲོག་སྦུར་ཡན་ཆད་གཅིག་མཚུངས་ཡིན་པ་འདི་ཁས་མི་ལེན་པ་ཞིག་ཡོད་ན།དེ་ནི་དབང་བོ་མི་དྭངས་པ་ཞིག་ཡིན་པ་གསལ་བོ་རེད། དེས་ན་རང་གཞན་ཐམས་ཅད་ལ་བདེ་བ་སྒྲུབ་འདོད་དང༌། རང་གཞན་མཐའ་དག་གི་སྡུག་བསྔལ་སེལ་འདོད་ཀྱི་མི་རླབས་ཆེན་ཞིག་སྐྱེད་སྲིང་བྱེད་དགོས་ན་ནང་བའི་ཆོས་ལུགས་ལ་སློབ་སྦྱོང་མ་བྱས་པར་ཐབས་གཞན་མེད་དོ།།  དེས་ན་མི་སོ་སོ་རང་ཉིད་དང་རྒྱལ་ཁབ་གང་གི་ངོས་ནས་བལྟས་ན་ཡང་ཆོས་ལུགས་དང་སྲིད་ལུགས་གཉིས་ཐད་ཐད་བྱེད་ཐབས་མེད་ལ་  མ་འོངས་པར་བོད་པ་ཚང་འཛམ་གླིང་ཐོག་གནས་དགོས་ན།  ཆོས་ལུགས་དང་སྲིད་ལུགས་གཉིས་ཐད་ནས་ཡོན་ཏན་ཅན་གྱི་མི་སྣ་བོད་གཉོར་སྐྱོང་ཐུབ་པ་དགོས་པ་ལས།རང་གཞན་གཉིས་འཕུང་བྱེད་པའི་མི་སྣ་དགོས་པ་མ་རེད།
      བོད་སྤྱི་བར་སེམས་དཀར་མཁན་ཞིག་ཡིན་ན། དོན་དངོས་ཀྱི་བོད་སྤྱི་བའི་ཕན་གནོད་ལ་བསམ་གཞིགས་ཡང་དག་གནང་དགོས་པ་ལས། སྟོང་སྣང་སྐྱིད་པོ་ཞིག་གི་ངང་ནས་འཕྲུལ་སྣང་བན་བུན་གྱིས་ཁ་ཕོ་འཐེན་ན་དགོས་པ་སྤུ་ཙམ་ཡང་མེད་པ་མ་ཟད།དེ་ལས་ལྷག་པའི་གནོད་པ་འབྱུང་རྒྱུའི་ཉེན་ཁ་འདུག           
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་སྐོར་གྱི་ལྟ་ཚུལ་ཉུང་ངུ།

2010-01-12 སྒ་བུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།