མི་བཤད་ཐབས་མེད་ཀྱི་སྐད་ཆ་ཁ་ཤས།

      སང་ཉིན་མི་རྣམས་ཀྱིས་ང་ནི་ཚེ་སྲོག་འབོར་ལ་ཉེ་བའི་བྱེའུ་ཞིག་རེད་ཟེར་ན་ཐང་།སང་ཉིན་མི་རྣམས་ཀྱིས་ང་ནི་རྣམ་ཤེས་མེད་པའི་སྙན་ངག་པ་ཞིག་ཟེར་རེད་ནའང་ཐང༌། འོན་ཀྱང༌། ཁོ་ཚོས་བཤད་པའི་སྐད་ཆ་ཐ་དག་ངའི་སྙིང་གི་གསེབ་སར་བཅུགས་ནས་བསམ་བློའི་སྒམ་ནང་ནས་དཀྲུགས་དཀྲུགས་མང་པོ་ཞིག་བཏང་དུས།དེ་དག་ནི་བདག་གི་དཔེ་དེབ་ལྟ་བུའི་སློབ་སྦྱོང་གི་མཁོ་ཆས་ཤིག་གི་གྱུར་འདུག་པས་ངས་ཁོ་ཚོར་ངའི་ཚེ་སྲོག་ལྟ་བུའི་སྙན་ངག་ཚིག་རྐང་ཁ་ཤས་ཀྱིས་དྲིན་ལན་འཇལ་འོས། རྒྱུ་མཚན་ཁོ་ཚོའི་བདག་ལ་སྤོབས་པ་མེད་ན་ཡར་ཐོན་མེད་པ་དང༌། ཡིད་ཆེས་མེད་ན་ལེགས་འགྲུབ་མེད་པ་བཤད་སོང༌། ད་དུང་ང་རྒྱལ་ནི་རང་གི་བཙལ་དགོས་བ་ཞིག་དང་སྤོབས་པ་ནི་རྣོ་ལྕགས་ལྟར་མཁྲེགས་པོ་ཞིག་ཡིན་དགོས་པ་སོགས་མི་ཚེའི་ཁྲོད་ཆེས་གལ་ཆེ་བའི་སྐད་ཆ་དག་བཤད་སོང༌། སྤོབས་པ་འདི་རྣོ་ལྕགས་ལྟ་བུ་ཞིག་ཏུ་གྲུབ་དུས་ཁྱོད་ཀྱི་བྱ་བྱེད་ཀྱིས་ཁྱོད་ཀྱི་སྒེར་ཚིགས་དེ་ཡང་ཆགས་སྲིད། ཕམ་ཁའི་ཁྲོད་ནས་ཐོབ་པའི་རྒྱལ་ཁ་ནི།གལ་སྲིད་ཁྱོད་རླངས་འཁོར་ཁ་ལོ་བ་ཞིག་ཡིན་ན། ཁྱོད་ཀྱིས་རླངས་འཁོར་མ་སྐོར་སྔོན་ལ་ལག་རྩལ་ཡོད་ཚད་སྦྱངས་ཡོད་ན་ཡང༌།ཁྱོད་ཀྱིས་རླངས་འཁོར་སྐོར་བའི་དུས་སུ་ཡང་བསམ་བློ་གཏོང་དགོས། ཁྱོད་ཀྱིས་བསམ་བློ་མི་གཏོང་བར་གང་འདོད་དུ་ཆས་ན། ཁྱོད་ཀྱིས་ཁྱོད་རང་གི་ནག་ཉེས་ཁུར་དགོས་བ་ངས་བཤད་མ་དགོས།འོན་ཀྱང་དུས་རྗེས་སུ་ཁྱོད་ལ་ཡོད་པ་ནི་ལམ་ནང་ནས་ནོར་འཁྲུལ་མི་བྱུང་བ་དེ་རེད་ལ། ངའི་སྙན་ངག་གི་ཁྲོད་ནས་ཡིན་ན་ཆོག་སློབ་སྦྱོང་གི་ཁྲོད་ནས་ཡིན་ན་ཆོགད་དུང་སྤྱི་ཚོགས་ཀྱི་ཁྲོད་ནས་ཡིན་ནའང་ཆོག ངའི་ནོར་འཁྲུལ་ཁྲོད་ནས་རྙེད་པའི་གནས་ལུགས་ནི། རང་གི་བཟོས་བའི་ ནོར་འཁྲུལ་ངོས་ལེན་བྱེད་རྒྱུ་དེ་ཡིན་མོད། ཡིན་ན་ཡང་མི་ལ་སྡུག་མོལ་བྱེད་དུས་མིང་རྫུན་མ་གཡར་ནས་སྐད་ཆ་ངོ་ཚ་མེད་པར་བཤད་མཁན་དེ་ཚོའི་ལྷག་ཏུ་ངོས་ལེན་བྱེད་འོས། ཁོ་ཚོའི་སྐད་ཆའི་ནག་ཉེས་ཁོ་ཚོ་ཁུར་དུ་མ་ཞིག་ན་ཁོ་ཚོའི་སྐད་ཆ་མི་མཁོ་བ་དེ་དག་ད་དུང་མཚམས་འཇོག་གི་རེད་དམ། ངས་ཁོ་ཚོའི་སྐད་ཆ་སྐད་ཆར་རྩིར་ཀྱིན་མེད། ཁོ་ཚོའི་སྐད་ཆ་སྐད་ཆར་རྩིར་དགོས་ན་གཙང་སྤྱོད་ཁང་གི་སྐྱག་འབུ་དག་གི་སྐད་སྒྲ་དེ་དག་ཡང་མིའི་སྐད་ཆར་རྩིས་ཆོག་ཆོག་རེད། དེའི་དབང་གིས་ངས་ཁོ་ཚོ་ལ་ཁྱོད་ནི་ཁྱོད་ཀྱིས་གྲུབ་པའི་བེམ་པོ་རུལ་བ་དེའི་རྣམ་ཤེས་རྫུན་མ་རེད་ཅེས་བཤད་ཀྱིན་ཡོད། ངས་འདི་ནས་བཤད་བཞིན་པ་ནི་མིང་ནམ་ཡང་བཤད་མི་ཕོད་པའི་མི་དེ་ཚོ་ཡིན་པ་ལས། མི་རིགས་ལ་དུངས་བ་དཀར་ཞིང་སྐད་ཆ་ལ་རིན་ཐང་ཡོད་བའི་མི་བུ་ཚོ་མིན། ད་དུང་པིར་མིང་ཡོད་པ་ཐ་དག་དེ་བས་མིན།ངས་བཤད་བཞིན་པ་ནི་དུས་རབས་རྙིང་བའི་མི་འཚོང་མཁན་ཚོའི་ནང་བཞིན་ནམ་ཡང་མིང་བཤད་མི་ཕོད་པའི་མི་ངན་ཐ་ཤལ་བ་ཁོ་ཚོ་དང་འདྲ་བའི་མི་མིང་བཤད་མི་ཕོད་པ་དེ་ཚོ་ཡིན་པ་ལས་གཞན་སུ་ཡང་མེད། ངས་འདི་ལྟར་བཤད་དོན། ང་ཚོ་མི་ངོ་མ་ཞིག་བྱེད་ནས་མི་ལ་སྐད་ཆ་བཤད་མི་ཐུབ་ན། ང་ཚོ་མི་ངོ་མ་ཞིག་གི་ལུས་ཕུང་འདི་ཕ་མ་ཟུང་གིས་སྦྱིན་པ་ཡང་དོན་མེད་ཞིག་མ་རེད་དམ།ང་ཚོ་ལོ་ངོ་ག་ཚོད་ཞིག་གི་རྗེས་སུ་མི་ངོ་མ་ཞིག་བྱེད་དགོས་ནི་རེད། ང་ཚོའི་མིག་གིས་འཛམ་གླིང་ཧྲིལ་བོ་མི་མཐོང་ན་ཡང་ང་ཚོ་དང་ཁ་ཐག་ཉེ་བའི་རྒྱལ་ཁབ་འདི་དག་གི་བྱ་ལས་མཐོང་ན་ཆོག་ཆོག་རེད།དཔེར་ན་ལོ་ངོ་བརྒྱ་ཡི་སྔོན་གྱི་རྒྱ་གར་དང་འབྲོག་པ་སོགས་ཀྱི་འཚོ་བ་ཇི་ལྟར་རོལ་བ་དང༌། འཇར་པན་དང་འཇར་མན་བ་སོགས་ཀྱིས་རང་གི་དོན་དུ་བྱ་ལས་ཇི་ཞིག་སྒྲུབ་པ་སོགས་ཤེས་ན་ཧ་ཅང་བཟང་གི འདི་དག་ལ་མིག་གི་བལྟ་བཞིན་རང་ལ་ལྟོས་དང༌། མི་རིགས་ཀྱི་ནང་ཁུལ་དུ་མིང་རྫུན་མ་བྲིས་ནས་སྡུག་དམོད་བྱད་ནས་ཉི་མ་གཏོང་རན་རེད་དམ། ལག་པ་སྟོང་པ་རུམ་ལ་བཅུག་ནས་འགྲོ་རན་རེད་དམ། མི་ཞིག་མི་རུ་མ་གྲུབ་པར་འདྲེ་རུ་གྲུབ་དུས་ཇི་འདྲའི་སྙིང་རྗེ་བོ་ཞིག་དང་ཇི་འདྲའི་འཇིགས་སུ་རུང་བ་ཞིག་རེད་ཨང༌།རུས་གསེང་ན་ན་ཟུག་མེད་པའི་མི་འདི་ཚོའི་སྐད་ཆ་མཐོང་གིན་མཐོང་གིན་ངས་ཡང་བཤད་ན་མི་འདོད་པས་མཚམས་འདི་ནས་ཅུང་ཙམ་མཇུག་རྫོགས་སོ།། ༢༠༠༩ལོའི་ཟླ་༧ཚེས་༥ཉིན་ལྷ་ས་ནས་བྲིས།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་བཤད་ཐབས་མེད་ཀྱི་སྐད་ཆ་ཁ་ཤས།

2010-01-06 ས་དམར་གྲགས་པ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།