ཚེ་སྲོག་གི་འཛུམ་མདངས།

ཉིས་སྟོང་བརྒྱད་ལོའི་ལོ་མཇུག་གི་ཉིན་མོ་ཞིག་ལ། ཚེ་སྲོག་ཅེས་པའི་ལེ་ཚན་གྱི་དངོས་ར་ལས། འདོ་འཛིན་པ་ག་གེ་མོ་ཞིག་དང་གདོང་གཏད་ནས་ལངས་འདུག་པ་དེ་ནི་དེངས་རབས་ཀྱི་གཟར་མཆོར་ལེགས་པར་སྤྲས་པའི་བུད་མེད་མཛེས་མ་ཞིག་རེད། མོས་འཛུམ་མདངས་ལྷུག་ལྷུག་ངང་མདོ་འཛིན་པའི་དྲི་བ་ལན་འདེབས་ཀྱིན་མཆིས། ཁོ་མོའི་མིང་ལ་ཅིན་ཀྲི་ཧོང་ཟེར།  དྲིས་ལན་འདེབས་པའི་གོ་རིམ་ཁྲོད་ནས་མདོ་འཛིན་པས་མཚམས་སྦྱོར་བྱས་པ་བརྒྱུད་གནས་ཚུལ་འདི་ལྟབུ་ཞིག་རྒྱས་ལོན་བྱུང་བ་སྟེ། མི་ལོ་སུམ་ཅུའི་སོ་གྲངས་ལས་ཟིན་མེད་པའི་ཅིན་ཀྲི་ཧོང་ལ་བློ་ཡིད་ལས་འགོངས་པའི་ནུ་རྨེན་སྐྲན་ནད་བྱུང་ཡོད་པ་དང་། ནུ་འབུར་གཅོད་གཏུགས་ཀྱི་བཤགས་བཅོས་བྱས་ནས་ཡུན་རིང་མ་འགོར་པར་བཟའ་ཟླ་དང་ཁོ་མོ་གཉིས་ཀའི་བར་འཁོན་འགྲས་བྱུང་ནས་བཟའ་ཚང་ཐོར་ཤིང་། ལུས་སེམས་གཉིས་ཀར་སྐྱོ་སྡུག་གི་ཁུར་བོས་རབ་ཏུ་བསྣན་ཡོད་རུང་། མོས་སྔར་བཞིན་བློ་སེམས་རྩེ་གཅིག་ལ་ཞོག་ནས་རྫས་འགྱུར་སྨན་བཅོས་བྱ་རྒྱུར་མུ་མཐུད་དུ་རྒྱུན་སྐྱོང་བ་རེད། དེ་ལྟར་ཉིས་སྟོང་བརྒྱད་ལོའི་ལོ་མཇུག་ཏུ་སླེབས་པ་ན། སྨན་པས་ཁོ་མོའི་ལུས་སྟེང་གི་སྐྲན་ནད་ཀྱི་འབུ་ཕྲ་རྣམས་ལུས་ཀྱི་ཤ་གསེང་རུས་གསེང་ཀུན་ལ་ཁྱབ་ཡོད་པ་རྟོགས་ཤིང་། བཅར་འདྲིའི་སྟེགས་བུའི་སྟེང་གི་ཁོ་མོར་མཚོན་ན།  ཚེ་སྲོག་གི་འོད་མདངས་གཉོམ་པོ་དེ་གཏན་ནས་གཏན་དུ་གཟིམ་ལ་ཉེ་བ་རེད། ཡིན་ཡང་གཞུང་རྒྱུད་དྲང་ཞིང་སེམས་ཁོག་ཡངས་པའི་བུད་མེད་འདི་ཉིད་སྔར་བཞིན་འཛེམ་དོགས་སྤུ་ཙམ་ཡང་མེད་པར་བག་ཕེབས་ཤིང་ལྷོད་ཆགས་སེ་འདུག ཁོ་མོས་འདི་ལྟར་སྨན་བཅོས་བྱེད་མཚམས་བཞག་ནས་མི་རྣམས་ཀྱིས་གོང་བཀུར་ཐོབ་འོས་པའི་ཐག་གཅོད་ཅིག་གནང་བ་སྟེ། རང་གི་མིག་འབྲས་ཀྱི་སྐྱི་པགས་གཞན་ལ་སྦྱིན་གཏོང་བྱ་རྒྱུ་བྱས། ཅིན་ཀྲི་ཧོང་གིས་བདེ་ལེགས་ངང་འདྲི་གཞི་དྲུག་པོ་ལན་ཐེབས་ཤིང་། ཀྲུང་དབྱང་བརྙན་འཕྲིན་ཁང་གིས་ཕུལ་བའི་བཟོ་དབྱིབས་མཛེས་ཤིང་སྤུས་ཀ་ལེགས་པའི་ལག་ཁྱེར་གློག་ཀླད་ཅིག་ཁོ་མོར་ལེགས་སྐྱེས་སུ་ཐོབ། མོས་དེ་ནི་ཏག་ཏག་ལོ་ན་བཅུ་ཙམ་ལས་སོན་མེད་པའི་རང་གི་སྙིང་རྗེ་བའི་བུ་ཕྲུག་དེ་ལ་བྱིན། ལེ་ཚན་གྱི་དངོས་ར་རུ། ཁོ་མོས་ཆེད་དུ་མིག་སྐྱི་གཤག་བཅོས་བྱ་རྒྱུར་ཁས་བླངས་ཡོད་སའི་འབུམ་རམས་པ་ཞའོ་མིང་དང་མཇལ་འཕྲད་གནང་ཞིང་། དེ་མུར་ལས་ཡུལ་དངོས་སུ་མིག་སྐྱི་སྦྱིན་གཏོང་གི་གྲོས་མཐུན་ཡི་གེའི་སྟེང་མིང་རྟགས་བཀོད་པ་རེད། ཁོ་མོའི་བྱ་བྱེད་གང་ལ་བལྟས་ཀྱང་རྒྱུན་ལྡན་མིན་པའི་སྣང་ཚུལ་ཅི་ཡང་མི་མཐོང་ལ། གཞུང་རྒྱུད་དྲང་ཞིང་བག་ཆགས་པའི་འཛུམ་མདངས་ཤིག་གདོང་ན་ལྷམ་མེར་འཚེར་བས། སུས་ཀྱང་ཁོ་མོར་ན་ཚ་ལྕི་མོ་ཕོག་ཡོད་པ་རྩ་བ་ཉིད་ནས་ཤེས་མི་སྲིད། གལ་སྲིད་རེ་འདུན་རེ་མངོན་དུ་གྱུར་ཚེ། མོས་རང་ཉིད་ཀྱི་མིག་སྐྱི་དེ་བྱིས་པ་ཞིག་དང་བགྲེས་པོ་ཞིག་ལ་བརྗེ་སྤོར་བྱེད་ཐུབ་ན་སྙམ་ཟེར། མོས་བཤད་རྒྱུར་། བྱིས་པའི་མི་ཚེ་ནི་ཞོགས་པའི་ཉི་ཟེར་དང་མཚུངས་ཤིང་། ཉི་གཞོན་ལྟར་མཚེར་བའི་ལང་ཚོའི་འཚོ་བ་དེ་ད་ལྟ་གསར་དུ་འགོ་རྩོམ་དགོས་པས་དེ་ལ་འོད་སྣང་མཁོ་ཞིང་། རྒན་པར་མཚོན་ན་ཁོ་རང་འཚོ་བཞུགས་ཀྱི་ལོ་ཟླའི་ནང་འཇིག་རྟེན་གྱི་ལྟད་མོ་སྣ་ཚོགས་མཐོང་ལམ་དུ་མངོན་ནས་སེམས་ཁོང་དུ་ཕངས་སེམས་དང་བློ་འགྱོད་མེད་པར་བྱེད་དགོས་ཟེར། 

མདོ་འཛིན་པས་ཁོ་མོའི་མགོ་སྐྱེས་སྐྲ་ལོ་ཧ་ཅང་ཡག་པོ་འདུག་ཅེས་བསྔགས་བརྗོད་བྱེད་སྐབས། ཁོ་མོར་ཅུང་འཛུམ་བཞིན། དེ་སྔར་དུས་ཡུན་རིང་བོ་ཞིག་ལ་རྫས་འགྱུར་སྨན་བཅོས་བྱས་པས་སྐྲ་ལོའི་ཉག་རྐང་གཅིག་ཀྱང་མ་ལུས་པར་བྱིལ་སོང་བ་དང་།  ཕྱིས་སུ་བསྐྱར་དུ་སྐྱེས་རྗེས་མྱུར་དུ་མགོའི་སྐྲ་སི་ལི་བཟོས་པ་ཡིན། ངས་རང་ཉིད་མཛེས་ཤིང་ཡིད་དུ་འོང་བའི་ངང་འཇིག་རྟེན་འདི་དང་ཁ་བྲལ་དུ་གཞུག་དགོས་ཟེར། ཁོ་མོའི་སྐད་ཆ་ཚིག་གཅིག་པོ་དེས་ཚོགས་ར་ཡོངས་ཀྱི་སྐུ་མགྲོན་གྲངས་མེད་པ་ཞིག་ལ་མིག་མཆི་དབང་མེད་ངང་ཤོར་དུ་བཅུག་ཅིང་། བརྙན་འཕྲིན་འཕྲིན་ཆས་མདུན་ཀྱི་ང་རང་ཡང་སེམས་འགུལ་ཚད་མེད་ཐེབས་ནས་མིག་ཟུང་མཆི་མས་གང་བར་གྱུར། ཁོ་མོས་ཚོགས་ར་ཡོངས་སུ་མིག་མཆི་འདོན་པ་དང་སྐྱོ་སྡུག་གི་སྨྲེ་ངག་བཏོན་ན་འདོད་གི་མེད་མོད། འོན་ཀྱང་མདོ་འཛིན་པ་སྔར་བཞིན་ཁ་བརྡའི་ཁྲོད་ནས་ཐེངས་མང་བོར་མགྲིན་པར་བརྣང་ཞིང་མིག་ཟུང་མཆི་མས་ཁེངས་པ་གྱུར། མོས་སེམས་འགུལ་རབ་ཏུ་ཐེབས་པའི་ངང་ནས་བཤད་རྒྱུར།  ཅིན་ཀྲི་ཧོང་གི་བླ་མེད་ཀྱི་སྙིང་སྟོབས་དང་གཞན་ཕན་སྙིང་རྗེ་ཡི་ལྷག་བསམ་དྲོན་མོ་དེ་མཐོང་རྗེས་ང་ཚོས་རང་ཉིད་ལ་ཞིབ་ལྟ་ཐེངས་ཤིག་གྱིས་དང་། གལ་ཏེ་ང་ཚོས་རང་གཞན་གཉིས་ཀའི་གནས་བབ་བརྗེས་ནས་ཞིབ་འདང་རེར་བརྒྱབ་ཐུབ་ཚེ་འཚོ་བའི་ཁྲོད་ད་དུང་བརྒལ་མི་ཐུབ་པའི་དཀའ་སྡུག་གི་རི་བོ་ག་ཙམ་མཆིས་ཨང་།

ལེ་ཚན་འདིའི་ཐོག་མཐའ་བར་གསུམ་ཀུན་ཏུ་ཅིན་ཀྲི་ཧོང་གིས་བཞིན་ལ་ཡལ་མེད་ཀྱི་འཛུམ་མདངས་ཞིག་རྒྱུན་འཁྱོངས་བྱས་ཤིང་། ཁ་སེམས་དྲང་མོས་རང་ཉིད་ཀྱི་ནད་རྟགས་སྐོར་གླེང་བ་དང་། རང་སེམས་ཀྱི་རེ་འདུན་བརྗོད་པ། རང་ཉིད་ཀྱི་ཤ་ཚ་བའི་ཉེ་འབྲེལ་རྣམས་ལ་དུང་ཞེན་ཟབ་མོའི་ངང་འབྲེལ་འདྲིས་བྱ་བཞིན་དུས་གདའ་བས།  ཁོ་མོ་དང་མདོ་འཛིན་པ་གཉིས་ཀྱིས་འཆད་བཞིན་པ་དེ་ནི་ཕལ་ཆེར་མི་གཞན་ཅིག་གི་གཏམ་རྒྱུད་ཡིན་པ་དང་མཚུངས། སྐུ་མགྲོན་གྱི་སྟེགས་བུའི་སྟེང་དང་བརྙན་འཕྲིན་འཕྲིན་ཆས་མདུན་གྱི་གཟིགས་མོ་བ་བགྲངས་ལས་འདས་པ་ཞིག་གིས་ཁ་རོག་ངང་རང་ཉིད་ཀྱི་མིག་མཐའི་མཆི་མ་བར་མེད་དུ་འཕྱི་བཞིན་མཆིས།

ང་ཚོས་མཛེས་སྡུག་གིས་ཕྱུག་པའི་བུད་མེད་ཞིག་འཇིག་རྟེན་འདི་ནས་བག་ཕེབས་ངང་གཏན་དུ་གྱེས་བཞིན་པ་བདེན་དཔངས་བྱས་ཤིང་། ཁོ་མོའི་ཉམས་འགྱུར་ལྡན་པའི་མིག་ཤེལ་མཐའ་དཀྲིས་ནག་པོ་ཅན་དང་། དེངས་རབས་ཀྱི་དར་སྲོལ་ཆེ་བའི་མགོ་སྐྱེས་སྐྲ་ལོ་སོགས་སྨྲ་བརྗོད་བྲལ་བའི་སྟོབས་ཤུགས་གང་རུང་ཞིག་གིས་སྐུ་མགྲོན་གྲངས་མེད་པ་ཞིག་གི་ཡིད་སེམས་དབང་མེད་དུ་བཀུགས་པ་རེད། ལོ་གསར་རྙིང་གཉིས་ཀྱི་བསྣོལ་མཚམས་འདིར། འཇིག་རྟེན་མི་ཡུལ་འདིར་གཏན་དུ་ཁ་གྱེས་བཞིན་པའི་ཚེ་སྲོག་ཞིག་གིས་ང་ཚོར་ཕྱིར་འདང་རྒྱག་འོས་པའི་བརྗོད་གཞི་ཟབ་མོ་ཞིག་བསྐྱུར་ནས་བཞུད་སོང་།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚེ་སྲོག་གི་འཛུམ་མདངས།

2010-01-01 ཨ་པཎ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།