སྒེའུ་ཁུང་།
སྒེའུ་ཁུང་ལས་ཉི་མ་རི་ལ་ནུབ་འགྲོ སྒེའུ་ཁུང་ལས་ཟླ་བ་མཚོ་ལ་ལྷུང་འགྲོ མི་རྣམས་ཡ་མཚན་ཅི་ཡང་མ་སྐྱེས ཁོ་བོ་སྒེའུ་ཁུང་སྟེང་ཧད་དེ་ཡུན་རིང་འགོར
སྒེའུ་ཁུང་ལས་རྒྱང་གཟིགས་གནང་བའི་ཚེ་ན དེ་ལས་ཐོབ་ཤོར་ཅི་ཡང་མཐོང་སྲིད་དེ
མཐའ་མེད་པའི་ནམ་མཁའ་དང་སྤྲིན་པ རི་རབ་དང་གཙང་པོ ཡང་ན འགྱུར་སླ་བའི་སྐྱེ་ཁམས་དང་འདབ་ཆགས་གླིང
སྒེའུ་ཁུང་སྟེང་བྱ་ཁྱུ་རང་དབང་གིས་ལྡིང་སྐོར་རྒྱག་པ་ནི་ཁོ་རང་ཆུང་དུས་སུ རྐང་རྗེན་གྱིས་ཉེ་འཁོར་གྱི་བྱིས་པ་ཚོ་དང་ལྷན་དུ་ཆུ་འགྲམ་དུ་རྩེད་མོ་གཡེང་ནས་ཤོག་བྱ་གཏོང་བ་དང་ཇི་འདྲའི་མཚུངས་ཨང
སྒེའུ་ཁུང་ནི་མུན་ནག་གི་འཇིག་རྟེན་ཞིག སྒེའུ་ཁུང་ནི་འོད་སྣང་གི་འཚོ་བ་ཞིག
སྒེའུ་ཁུང་ཕྱི་ནང་དུ འཚོ་བ་བཞུར་ཀྱིན་འདུག
ལོ་ཟླ་རྒས་ཀྱིན་འདུག མི་རྣམས་ཡ་མཚན་ཅི་ཡང་མ་སྐྱེས ཁོ་བོ་སྒེའུ་ཁུང་སྟེང་ཧད་དེ་ཡུན་རིང་འགོར
རྩོམ་ཁུངས། ༢༠༠༧ལོའི་གངས་རྒྱན་མེ་ཏོག