ཟླ་བ་དྲན་པ།

མཚན་མོ་སླེབས་པ་ནི་ང་ལ་ན་ཟུག་མང་དུས་ཡིན་ལ

ཟླ་བར་སྒུག་པ་ནི་ང་རང་མཚན་མོར་སྐྲག་པས་ཡིན

རྒས་འཁོགས་ཀྱི་ས་གཞི་མཚན་མོའི་སྨག་གིས་བཏུམ་པའི་མོད་ལ  བདག་སེམས་ཀྱི་ཕྱི་ནང་ཀུན་ལ་མུན་ནག་གི་ཡོལ་བས་ཁེབས་འོང   སྒེའུ་ཁུང་ཕྱི་རོལ་ན་འཚང་ཁ་ཤིག་ཤིག་བྱེད་པར་སྐར་ཚོགས་ལས   བདག་གིས་དྲན་པའི་འོད་སྣང་སྦྱིན་མྱོང་བའི་ཟླ་བ་དྲན་བྱུང 

གོ་ཐོས་སུ   རི་བོང་ནམ་མཁའ་བརྡིབ་པར་ཧ་ཅང་སྐྲག་ཟེར  སྐྲག་སྣང་དེའི་དབང་གིས   སྨག་ནག་པོའི་མཚན་མོ་རེ་རེར    རི་བོང་གིས་མིག་ཟུང་ཅེར་ནས་བསྡད་ཡོད་ཟེར    གཏམ་རྒྱུད་དེ་མཇུག་མ་རྫོགས་པར   སྐྱི་གཡའ་བའི་མཚན་མོས་འཇིགས་སྐྲག་གི་མཆེ་སྡེར་བཏེགས་ནས་ང་སར་སླེབས་བྱུང་ཨང

 བདག་གིས་ཟླ་བ་དྲན་དོན་ནི    ཟླ་བའི་ཁྲོད་དུ་རི་བོང་དཀར་ཆུང་ཞིག་འདུག་པ་དང      བརྩེ་བའི་ལྷ་མོ་ཞིག་འདུག་པས་ཡིན       སྐབས་དེ་དག་ཏུ   བདག་གིས་རི་བོང་དང་ལྷ་མོའི་ལས་དབང་ཟླུམ་པོ་འཁྲེང་སེམས་ཀྱི་སྣེ་མོར་བཏེགས་ནས   འོད་ཀྱི་འཇིག་རྟེན་ཆེན་པོ་ཞིག་ཏུ་འབྱོར་ཡོད་པ་རྟོག་བཟོ་བྱས་ཤིང    འོད་ཀྱི་འཇིག་རྟེན་དེ་ནས་བདག་གིས་ནམ་མཁའ་དང་གཙང་པོར་འཐིམ་པའི་འུ་ཅག་གི་མེས་པོ་ཚོ་དང་ལན་གཅིག་མཇལ་འདོད

ཟླ་བ་མེད་པའི་མཚན་མོར   བདག་གིས་དབུགས་གཏོང་ལེན་གྱི་བར་ནས་ཀྱང་ཕྱི་རོལ་གྱི་གྲག་འགུལ་ལ་ཉན་དགོས་བྱུང   མཚན་མོའི་ཕྱི་རོལ་ཧ་ཅང་ལྷིང་འཇགས་ཡིན་ཡང  ལྷིང་འཇགས་ཀྱི་གཏིང་རིམ་དུ་ཅེ་སྤྱང་གི་འདུར་རྒྱུག་མོད་ཅིང་ལོ་རྒྱུས་ཀྱི་ཁྲག་དམར་འཛག་གིན་ཡོད     དེ་བས་བདག་གིས་ཟླ་བར་སྐྱབས་འཇུག་ཞུ་ཞིང་རེ་སྨོན་བྱེད་ཀྱིན་ཡོད    ད་དུང་གསོལ་བ་འདེབས་ཀྱིན་ཡོད

མཚན་མོ་སླེབས་པ་ནས   ང་རང་གཏན་ནས་གཉིད་མ་ཐུབ   མཚན་མོའི་སོ་ཁ་ནས་ང་ལ་རྨི་ལམ་མང་བྱུང  རྨི་ལམ་གྱི་ཁྲོད་དུ་ང་རང་སྔར་བཞིན་མཚན་མོར་སྐྲག་གིན་འདུག    འཁྱོལ་དཀའ་བའི་མཚན་མོས་ང་རང་ཁྱུར་མིད་བྱེད་པར་སྐྲག་གིན་འདུག  སྨག་ནག་པའི་མཚན་མོས་ང་རང་གཉིད་ལས་དཀྲོག་པར་སྐྲག་གིན་འདུག

རྩོམ་ཁུངས། ༢༠༠༨ལོའི་གངས་རྒྱན་མེ་ཏོག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཟླ་བ་དྲན་པ།

2009-12-02 ཡེ་ཤེས་སྐྱབས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།