རང་བྱུང་ནགས་ཚལ་གྱི་སྨྲེ་ངག

ང་བརླན་ཤིག་ཤིག་ཆར་རྒྱུན་དང་། དྲོད་ལམ་ལམ་གྱི་ཉི་འོད། ད་དུང་ལྷག་བསམ་རྣམས་དག་གིས་བརྒྱན་པའི་ཀུན་བཟོད་མ་མ་སྟེ་ས་ཆེན་པོ་ལ་བརྟེན་ནས་འཚར་ལོངས་བྱུང་།  ངས་རང་བྱུང་ཁམས་ཀྱི་ལྷ་མོ་རྣམས་ལ་བཅོས་མིན་གྱི་སེམས་གཏིང་ནས་མཛེས་སྡུག་བསྐྲུན།ངས་བྱེ་ཕུང་གི་ཇག་རྒོད་ཚོར་ཛ་དྲག་གི་རྒོལ་ལན་སློག  ངས་ད་དུང་རླུང་འཚུབ་ཀྱི་འཇབ་རྒོལ། ཤྭ་འོད་ཀྱི་གཡོ་ཇུས། ཆར་ཆུ་ཡི་འཇམ་ཤ། རྩ་ཆེ་བའི་རི་སྐྱེས་སྲོག་ཆགས། ངག་སྙན་པའི་ལྷ་བྱ་ཁུ་བྱུག་ལ་སོགས་པ་སྲུང་སྐྱོབ་དང་འགྲོ་བ་མིའི་རིགས་ལ་སྨན་པའི་དོན་བཟང་ཤ་སྟག་སྒྲུབ་པ་ཡིན།  ཀྱེ་ཀྱེ་འགྲོ་བ་མི།  ཀྱེ་ཀྱེ་མགོ་ནག་བོད། ངས་འདི་ལྟར་ཡོད་ཚད་ཕུལ་སྟེ་ཁྱོད་ཚོར་འོད་སྣང་དང་། བདེ་སྐྱིད། མཛེས་སྡུག  ཕན་བདེ་ཁོ་ན་བགྱིས་པ་མཐོང་ཨེ་བྱུང་། གསན་ཨེ་བྱུང་།

  ཀྱེ་མ་ཀྱེ་ཧུད། སྙིང་རྗེ་མེད་པའི་འགྲོ་བ་མི། ཀླད་རྨོངས་ཆེ་བའི་གངས་ཅན་བོད། ཁྱོད་ཚོས་སྨྱོ་ཧམ་གྱི་ཀུ་ཅོ་སྒྲོག་བཞིན། རྣོ་དཔལ་གྱི་དགྲ་སྟ་ཐོགས་ཏེ་ང་དང་ངའི་རིགས་རྒྱུད་ཀྱི་ཡན་ལག་དང་ཉང་ལག  ལུས་ཕུང་བཅས་རྡུམ་སེ་བཅད་ཅིང་སྐག་སེ་བཅག   ཅི་འདོད་དུ་ཚལ་བར་གཏུབས་ཏེ་གང་སར་ཁྱེར།  ད་དུང་བདག་གི་སྡང་དགྲ་སྟེ་མེ་ཆེན་པོའི་ཞལ་ཟས་སུ་ཕུལ།

        ཨུ་ཧུད། ངས་སྙིང་ཅི་ཞིག་སྒྲུབ་ན་ད་གཟོད་ཁྱོད་ཚོས་བདག་ཡ་ང་བའི་མནར་གཅོད་འདི་ལས་གློད་སྲིད་ཨང་།

ད་ལྟ།ཆར་རྒྱུན་གྱི་དངོས་གྲུབ་དབེན་ཞིང་རླུང་འཚབ་དང་ཐན་སྐྱོན་གྱི་བསྟན་པ་རྒྱས་ན་ཡང་། འགྲོ་བ་མིའི་རིགས།  སྔར་བཞིན་ཅི་མི་སྙམ་པར་ང་ལ་སྡང་དོན་ཅི།  ཁྱོད་ཚོ་སྟེ། ཁྱོད་ཚོ་ལ་མཁས་བླུན་མེད་པར། རྒན་གཞོན་མེད་པར། ང་དང་ངའི་རིགས་རྒྱུད་ཀྱི་ཁྱིམ་གཞི་ཆེན་པོ་གཏོར་བའི་དགེ་བ་གང་། བདག་གིས་མཁའ་དབུགས་དྭངས་གཙང་ཞིག་དང་། ཁོར་ཡུག་མཛེས་སྡུག་ཅིག་བསྐྲུན་པ་ནོར་འཁྲུལ་ཨེ་རེད། བདག་གིས་བྱེ་ཕུང་གི་རླབས་རྒྱུན་བཀག་པ་དང་། སྔོ་ལྗང་ལྗང་གི་གོས་བཟང་བཀླུབས་པ་ཉེས་སྐྱོན་ཡིན་ནམ།

འགྲོ་བ་མི།ཞིབ་ཏུ་སོམས་དང་། ང་མེད་ན་ཁྱོད་ཚོའི་ཚེ་སྲོག་གི་སྒྲོན་མེ་ཇི་ལྟར་འབར།  ང་མེད་ན་ཁྱོད་ཚོའི་འོད་སྣང་གི་འཚོ་བ་ཇི་ལྟར་རོལ། གསན་ཨེ་བྱུང་། འགྲོ་བ་མི།  མགོ་ནག་བོད།

རྩོམ་ཁུངས། ༢༠༠༤ལོའི་རྨུ་ཐག་དུས་དེབ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རང་བྱུང་ནགས་ཚལ་གྱི་སྨྲེ་ངག

2009-11-20 བྱ་མདོ་གུར་ཀུམ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།