ཀུ་རེའི་རིན་ཐང་།

བདེ་སྐྱིད་སྒྲོལ་མ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-11-19

ཨ་མའི་བུ་ལོ། དེ་རིང་ཉིན་གང་བོར་ཁྱོད་ཀྱིས་མཆི་མ་ཅི་འདྲ་མང་པོ་ཞིག་བཏོན་ཡོད་ཨང་། མི་རྒན་དེ་ཚོ་སྟེ།ཁྱོད་ཀྱི་ཨ་ཕ་དང་ཨ་ཞང་།ཨ་ནེ།ཨ་ཁུ།ཐ་ན་ངོ་མི་ཤེས་པའི་ཁྱིམ་མགྲོན་ཚང་མས་ཀྱང་ཁྱོད་ལ་མཚམས་རེར་དགོད་ཁ་སློང་ཞིང་མཚམས་རེར་ཀུ་རེ་རྩེ་བཞིན།  ཁོ་ཚོས་བསམ་བཞིན་དུ་ཁྱོད་དགའ་བའི་དངོས་པོ་གང་རུང་རང་གི་རུམ་ལ་བཅུག་ནས་ཁྱོད་ལ་འགྲན་ཁ་སློང་བར་བྱེད། ཁོ་ཚོས་ཁྱོད་ལ་ལབ་གླེང་སྣ་ཚོགས་གྱིས་ནས་ཁྱོད་ཀྱི་དཀའ་སྡུག་འཚོལ་ཞིང་། ཁོ་ཚོས་ངོ་གདོང་གིས་ཚུགས་ཀ་འདྲ་མིན་བཟོས་ནས་ཁྱོད་ལ་སྐྲག་འཇིགས་སློང་།  ཁོ་ཚོས་ཁྱོད་ལ་ཆ་རྐྱེན་ཡོད་ཚད་བརྩིས་མཐར་ཁྱོད་རང་བྱ་ཐབས་བྲལ་བའི་བཟོ་ལྟ་ལ་ལྟད་མོ་བལྟས་ནས། ད་གཟོད་ཧ་ཅང་ཡིད་ཚིམ་ཞིང་རྒྱལ་ཁ་ཐོབ་པའི་དགའ་འབོད་སྣ་ཚོགས་སྒྲོག་པར་བྱེད། ཁོ་ཚོས་ཁྱོད་ནི་གསོན་ཉམས་ལྡན་པའི་རྩེད་ཆས་ཁྱད་མཚར་ཅན་ཞིག་གི་ཚད་དུ་བཞག་འདུག་པ་ལས།  ཁོ་ཚོས་ནམ་ཡང་བསམ་མེད་བྱིས་པ་ཞིག་གི་ཡིད་ཀྱི་གདུང་བ་སྣང་མེད་དུ་བཞག་ཡོད། ཉིན་གང་བོར་ཁྱོད་ནི་དཔའ་རྒོད་ཁེར་ཆད་ཅིག་དང་འདྲ་བར་ཁོར་ཡུག་གི་མི་རྒན་རེ་རེའི་གདུག་རྩུབ་ཀྱི་ཀུ་རེ་སྣ་ཚོགས་དང་བཞད་གད་ཀྱི་དྲག་རྒོད་རེ་རེ་ལས་ཐར་ཐབས་བྱེད་དགོས་པས། གཉིད་ལོག་པའི་ཁྱོད་ཀྱི་ངོ་གདོང་ནའང་སྐྱོ་སྣང་ཞིག་མངོན་ཡོད། འདི་ལ་རྒྱུ་མཚན་ལོས་ཡོད་དེ། ཁོ་ཚོའི་བྱ་སྤྱོད་དེ་དག་ཁྱོད་ལ་མཚོན་ན་དངོས་གནས་ལས་སླ་མོའི་ཀུ་རེ་རྐྱང་རྐྱང་ཞིག་མ་ཡིན། ཨ་མའི་བུ་ལོའི་མིག་ཟུང་གི་མཆི་མའི་རིན་ཐང་དང་བྱས་པ་ཨ་ཉོག་ཅིག་གི་གཉོམ་དྲགསཔའི་སྙིང་ཤུགས་ཡིན་པ་མི་རྒན་དེ་ཚོས་ནམ་ཡང་རྟོགས་སྲིད་ཀྱི་མ་རེད།

རྩོམ་ཁུངས། སྙན་ངག་དེབ

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀུ་རེའི་རིན་ཐང་།

2009-11-19 བདེ་སྐྱིད་སྒྲོལ་མ། ཀློག་གྲངས། མཆན ཡོད།

ཨ་མའི་བུ་ལོ། དེ་རིང་ཉིན་གང་བོར་ཁྱོད་ཀྱིས་མཆི་མ་ཅི་འདྲ་མང་པོ་ཞིག་བཏོན་ཡོད་ཨང་། མི་རྒན་དེ་ཚོ་སྟེ།ཁྱོད་ཀྱི་ཨ་ཕ་དང་ཨ་ཞང་།ཨ་ནེ།ཨ་ཁུ།ཐ་ན་ངོ་མི་ཤེས་པའི་ཁྱིམ་མགྲོན་ཚང་མས་ཀྱང་ཁྱོད་ལ་མཚམས་རེར་དགོད་ཁ་སློང་ཞིང་མཚམས་རེར་ཀུ་རེ་རྩེ་བཞིན།  ཁོ་ཚོས་བསམ་བཞིན་དུ་ཁྱོད་དགའ་བའི་དངོས་པོ་གང་རུང་རང་གི་རུམ་ལ་བཅུག་ནས་ཁྱོད་ལ་འགྲན་ཁ་སློང་བར་བྱེད། ཁོ་ཚོས་ཁྱོད་ལ་ལབ་གླེང་སྣ་ཚོགས་གྱིས་ནས་ཁྱོད་ཀྱི་དཀའ་སྡུག་འཚོལ་ཞིང་། ཁོ་ཚོས་ངོ་གདོང་གིས་ཚུགས་ཀ་འདྲ་མིན་བཟོས་ནས་ཁྱོད་ལ་སྐྲག་འཇིགས་སློང་།  ཁོ་ཚོས་ཁྱོད་ལ་ཆ་རྐྱེན་ཡོད་ཚད་བརྩིས་མཐར་ཁྱོད་རང་བྱ་ཐབས་བྲལ་བའི་བཟོ་ལྟ་ལ་ལྟད་མོ་བལྟས་ནས། ད་གཟོད་ཧ་ཅང་ཡིད་ཚིམ་ཞིང་རྒྱལ་ཁ་ཐོབ་པའི་དགའ་འབོད་སྣ་ཚོགས་སྒྲོག་པར་བྱེད། ཁོ་ཚོས་ཁྱོད་ནི་གསོན་ཉམས་ལྡན་པའི་རྩེད་ཆས་ཁྱད་མཚར་ཅན་ཞིག་གི་ཚད་དུ་བཞག་འདུག་པ་ལས།  ཁོ་ཚོས་ནམ་ཡང་བསམ་མེད་བྱིས་པ་ཞིག་གི་ཡིད་ཀྱི་གདུང་བ་སྣང་མེད་དུ་བཞག་ཡོད། ཉིན་གང་བོར་ཁྱོད་ནི་དཔའ་རྒོད་ཁེར་ཆད་ཅིག་དང་འདྲ་བར་ཁོར་ཡུག་གི་མི་རྒན་རེ་རེའི་གདུག་རྩུབ་ཀྱི་ཀུ་རེ་སྣ་ཚོགས་དང་བཞད་གད་ཀྱི་དྲག་རྒོད་རེ་རེ་ལས་ཐར་ཐབས་བྱེད་དགོས་པས། གཉིད་ལོག་པའི་ཁྱོད་ཀྱི་ངོ་གདོང་ནའང་སྐྱོ་སྣང་ཞིག་མངོན་ཡོད། འདི་ལ་རྒྱུ་མཚན་ལོས་ཡོད་དེ། ཁོ་ཚོའི་བྱ་སྤྱོད་དེ་དག་ཁྱོད་ལ་མཚོན་ན་དངོས་གནས་ལས་སླ་མོའི་ཀུ་རེ་རྐྱང་རྐྱང་ཞིག་མ་ཡིན། ཨ་མའི་བུ་ལོའི་མིག་ཟུང་གི་མཆི་མའི་རིན་ཐང་དང་བྱས་པ་ཨ་ཉོག་ཅིག་གི་གཉོམ་དྲགསཔའི་སྙིང་ཤུགས་ཡིན་པ་མི་རྒན་དེ་ཚོས་ནམ་ཡང་རྟོགས་སྲིད་ཀྱི་མ་རེད།

རྩོམ་ཁུངས། སྙན་ངག་དེབ

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།