མི་དེའི་སེམས་པ་རྡོ་རེད།

                                                      _____  ཟུར་གཞན་ཞིག་ནས་རྒྱལ་སྲས་དྲི་མེད་ཀུན་ལྡན་གླེང་བ།
         རང་ཅག་བོད་པ་རྣམས་ནི་རྒྱུན་པར་རང་གི་རིགས་ཀྱི་ཆེ་བ་བརྗོད་དུས།ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པ། གཤིས་རྒྱུད་དྲང་ཞིང་ངང་རྒྱུད་འཇམ་པ།བྱམས་དང་སྙིང་རྗེ་ཆེ་བ།རྒན་བཀུར་ཆུང་བྱམས་ཡོད་པ་སོགས་བགྲང་ངེས་ལ།ལྷག་ པར་བྱམས་དང་སྙིང་རྗེ་ཡོད་མིན་ནི་ཁྱོད་ཉིད་བོད་མི་བཟང་གྲས་ཤིག་ཡིན་མིན་གྱི་ཚད་ཤིང་ལྟ་བུ་ཡིན། དེ་བས་ཕ་མེས་རྒན་གྲས་རྣམས་ཀྱིས་ནི་རང་གི་བུ་རབས་ཚ་རྒྱུད་དག་ཆོས་ལ་དད་ཅིང་དགེ་བའི་ལས་ལ་གཞོལ་བ།གཞན་ཕན་གྱི་ལྷག་བསམ་ཡོད་པ།མར་གྱུར་སེམས་ཅན་ཐམས་ཅད་ལ་འདྲ་མཉམ་དང་སྙིང་རྗེའི་མིག་གིས་བལྟ་བ ། སྲོག་གཅོད །རྫུན་སྨྲ།གདུག་རྩུབ། ངན་སྤྱོད་སོགས་མི་དགེ་བའི་ལས་དང་རིང་དུ་གྱེས་བའི་གཤིས་འཇམ་སྤྱོད་ཡག  ཚུལ་ལྡན་གཞུང་དྲང་ཅན་ཤ་སྟག་དུ་འགྱུར་སླད ། ལྷ་སྒྲུང་དང་གཏམ་རྒྱུད ། ངག་རྒྱུན། རྣམ་ཐར་སོགས་གང་རུང་གི་ལམ་ནས་བསམ་བློའི་སློབ་གསོ་ཡག་པོ་གཏོང་གི་ཡོད།དེ་དག་ལས་ལྷག་པར་རྒྱལ་སྲས་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་ལྟ་བུ་ནི་གཞན་ལ་ཕན་བདེ་སྐྲུན་ཕྱིར་ ཟང་ཟིང་གི་དངོས་པོ་ལྟ་ཞོག་ཐ་ན་རང་གི་ལུས་ཀྱི་དབང་བོ་དང་སྲོག་ཀྱང་འདོར་བར་ཕོད་པ། སོ་སོ་སྐྱེ་བོ་དག་གིས་རང་ བཞིན་གྱིས་སྒྲུབ་པར་དཀའ་བ།བློས་དཔོག་པར་དཀའ་བའི་རླབས་ཆེན་གྱི་སྐྱེས་བུ་ཞིག་གི་མཛད་པ་ལ་བསྔགས་པ་བརྗོད་ནས་མི་སོ་སོའི་རྒྱུད་ལ་བྱམས་དང་སྙིང་རྗེ་དགོས་པ།ང་བདེ་ང་སྐྱིད་ཀྱི་སྒེར་སེམས་ཁོ་ན་མི་འཆང་བར་གཉོམ་ཆུང་ལ་རྒྱབ་རོགས །དབུལ་བོ་ལ་སྦྱིན་པ་སོགས་མགོ་ནག་མི་ཡི་སྤྱི་ཚོགས་འདི་གཅིག་ལ་གཅིག་བརྟེན། གཅིག་གྲོགས་གཅིག་མཛད་ཀྱི་ཞི་བདེ་དང་དཔལ་ཡོན་གྱིས་ཁེབས་པའི་འཇིག་རྟེན་ཞིག་ཏུ་འགྱུར་བར་སྐུལ་མ་གཏོང་ཀིན་ཡོད།འདི་ནི་ང་རང་ཆུང་ངུའི་དུས་ནས་ཕ་མ་དང་གཉེན་ཉེ་དག་གི་མདུན་ས་ནས་བྱུང་བའི་རྒྱལ་སྲས་དྲི་མེད་ཀུན་ལྡན་དང་འབྲེལ་བའི་བསམ་བློའི་སློབ་གསོ་ཡིན །འདི་ནི་ཁ་སང་དུས་ཀྱི་ཡར་སྔོན་ལ་སྦྱིན་པའི་ཕ་རོལ་དུ་ཕྱིན་པའི་རྒྱལ་སྲས་ཁོང་བོད་རིགས་བུད་མེད་དཀྱུས་མ་ཞིག་གི་སེམས་ཁོང་གི་དཔའ་བོར་གྱུར་བའི་གཏམ་རྒྱུད་ཀྱི་གོ་རིམ་ཡིན།                                     
         ཁ་སང་དུས་ཀྱི་ཡར་སྔོན་ལ་ངས་ད་དུང་རང་གི་བུ་ཆུང་དང་ཚ་བོ་གམ་དུ་བླངས་ནས་བརྙན་འཕྲིན་ན་གཏོང་བཞིན་པའི་རྒྱལ་སྲས་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་ལ་བལྟ་རུ་འཇུག་གིན་ཡོད ། ཁ་སང་དུས་ཀྱི་ཡར་སྔོན་ལ་ངས་ད་རུང་བུ་དང་ཚ་བོ་གཉིས་ལ་ཁྱོད་གཉིས་ནི་ང་ཅག་བོད་པ་ཚང་གི་བུ་རྒྱུད་ཡིན་པས། ཁྱོད་གཉིས་ནི་ཕ་བཟང་བྱང་ཆུབ་སེམས་དཔའི་རིགས་རྒྱུད་ཡིན་པས་རྒྱལ་སྲས་དྲི་མེད་ཀུན་ལྡན་ནང་བཞིན་རྒྱུད་ན་སྙིང་རྗེ་ཡོད་དགོས་ནོར་ལ་གཏོང་ཕོད་ལྡན་དགོས།ཞེས་བསླབ་བྱ་གཏོང་གིན་ཡོད། རེད་དེ། ཆུང་ངུའི་དུས་ནས་བདེ་ལྡན་དག་ཞིང་ལྟ་བུའི་རྒྱལ་བོའི་ཕོ་བྲང་ནས་ནར་སོན་ཀྱང་རང་ཉིད་ཁོ་ན་བདེ་བ་སྐྱིད་པ་ཙམ་གྱིས་མི་ཚིམ་པར་གཉོམ་ཆུང་འབངས་མི་རྣམས་ལ་ཤ་ཚ་སྙིང་རྗེ་ཆེ་བ། དེ་དག་ཐམས་ཅད་སྡུག་བསྔལ་དང་སྡུག་ བསྔལ་གྱི་རྒྱུ་ལས་འབྲལ་ཕྱིར་ཟས་ནོར་ལོངས་སྤྱོད་ཀྱི་སྦྱིན་པ་ཕངས་མེད་བཏང་བ།
          ཁྱད་པར་དུ་ནོར་བུ་དགོས་འདོད་དཔུང་འཇོམས་སློང་མི་བྱུང་དུས་ཁོང་གིས་སྟོང་གསུམ༼འཇིག་རྟེན་ཡོངས་ཀྱི་ཁྱད་ནོར་འདི ། །བདག་ནི་འཆི་བའི་སྲོག་ལ་བབ་ཀྱང་རུང་། །ད་རེས་སྦྱིན་པ་ཆོས་ཀྱི་ལམ་ཡིན་པས། །བྲམ་ཟེ་བློ་གྲོས་ཁྱེད་ལ་སྟེར་བར་བྱ། །༽ཞེས་གཞན་གྱི་འདོད་བློ་ཚིམ་ཕྱིར་རང་གིས་སྡུག་བསྔལ་དང་དཀའ་བ་བརྒྱ་ཕྲག་ཁུར་དུ་ལེན་ཕོད་པ་སོགས་ནི་ཅི་འདྲའི་རླབས་ཆེ་ཞིང་ད་ད་ལྟའི་དུས་སུའང་ང་ཚོས་མིག་དཔེར་འཛིན་འོས་ཤིང་སློབ་སྦྱོང་ བྱེད་འོས་པའི་བླ་མེད་སྤྱོད་བཟང་ཞིག་རེད་ཨང་།
         ཡིན་ཡང་།ཡབ་རྒྱལ་པོའི་ཆད་པ་ཕོག་ནས་བདུད་རི་ཧ་ཤང་ལ་འགྲོ་བའི་ལམ་ཁར་རང་གི་དད་འདུན་ཁོ་ནའི་ཆེད་དུ་མ་བྲལ་བུ་བྲལ་གྱི་སྡུག་བསྔལ་མ་བསམ།ཁྱོ་བོར་ཆུང་མ་ཡི་ན་ཟུག་མ་ཚོར། རང་གི་ཕུགས་བསམ་ཉག་གཅིག་མངོན་དུ་འགྱུར་སླད། ཁྱིམ་ཉེ་དུ་ལ་འདྲ་མཉམ་དང་སྙིང་རྗེའི་མིག་གིས་མི་བལྟ་བར་གང་འདོད་སུ་བྱུང་ལ་ཕངས་མེད་སྦྱིན་པར་གཏོང་བ་འདི་འདྲ་ནི་ང་དང་ང་ལྟ་བུ་འཁོར་བའི་གཏིང་རིང་ལ་ཐིམས་ཡོད་པའི་འགྲོ་མི་ཕལ་བ་ཞིག་གི་མིག་ལ་ནི་མཆོག་ཏུ་གྱུར་བའི་ཀུན་སྤྱོད་ཅིག་ཏུ་ཡེ་ནས་སྣང་རྒྱུ་མ་བྱུང་།       
         ཡང་གཅིག་བཤད་ན་རྒྱལ་སྲས་ཁོང་རང་ཉིད་བྱང་ཆུབ་སེམས་དཔའ་ཡིན་ན་དེ་འདྲའི་དཀའ་བ་བཟོད་ཐུབ་ཏུ་ཆུགས་ཀྱང་།རྟོག་པ་ཚད་ངེས་ཅན་ལོན་མེད་པའི་བུ་དང་ཆུང་མས་ནི་དེ་འདྲ་བཟོད་པར་ག་ལ་ནུས།དེ་མི་ནུས་ཚུལ་ནི་རྒྱལ་པོས་ལྕམ་སྲིང་གསུམ་བྲམ་ཟེ་དག་ལ་སྦྱིན་པ་ཤེས་རྗེས་བཙུན་མོ་མནྡེ་བཟང་མོས༼ཁོག་པའི་སྙིང་གི་མིང་སྲིང་གསུམ་པོ་དང་། །མ་ཤི་གསོན་བྲལ་བྱེད་པའི་དུས་བྱུང་ངོ་། །བདག་ཅག་མ་བུ་རྣམས་ཀྱི་སྡུག་བསྔལ་འདི། །ངན་པ་བྲམ་ཟེ་ཁྱོད་ཀྱིས་མ་ལན་ནམ། །ཞེས་སྨྲས་ནས་ བརྒྱལ་བར་གྱུར་ཏོ། །༽ཞེས་པ་ལས་ཤེས་ཡོང་། དེ་བས། དུས་དེ་རིང་གི་སྤྱི་ཚོགས་གནས་བབས་འདི་ནས་ཁྱིམ་པ་ཕལ་བ་ཞིག་གི་ཚོར་རྟོག་གིས་རྣམ་ཐར་འདི་ལ་བསྐྱར་དུ་དཔྱད་པ་ཞིག་བཏང་ན། ང་ནི༼ཡབ་ལ་མ་འཁྲེང་ཡུམ་ལ་མ་སེམས་པར། །བྲམ་ཟེ་ཐུགས་དགོངས་རྫོགས་ཕྱིར་སོངས་ ཤིག་ཨང་།།༽ཞེས་གཅེས་པའི་བུ་ལ་བཙན་དབང་གི་བཀའ་འབེབ་པའི་ཕ་གཤིས་གྱོང་དེ་ལས༼མི་འགྲོ་ཞུས་ན་ཡབ་ཀྱི་དམ་བཅའ་འགལ། །ཐུགས་དགོངས་
རྫོགས་ཕྱིར་བདག་ཀྱང་འགྲོ་བར་ཞུ། །༽ཞེས་ཡབ་ཀྱི་དམ་བཅའ་བསྲུང་ཕྱིར་རང་ཉིད་དཀའ་བའི་ལམ་ལ་ཆས་པའི་ལྕམ་སྲིང་ ལེགས་ལྡན་ལེགས་དཔལ་སོགས་ཀྱི་གཤིས་དྲང་གཞུང་བཟང་ལ་དད་སེམས་དང་དུངས་བ་སྐྱེ་བཞིན་ཡོད། ང་ནི་༼བྲམ་ཟེའི་ཐུགས་དགོངས་རྫོགས་ཕྱིར་ཁྱོད་སོངས་ལ། །ང་དང་ཁྱད་མེད་བྲམ་ཟེའི་ ཐུགས་དང་བསྟུན། །༽ཞེས་དང༼ང་ཡིས་ཅི་འདོད་སྟེར་བའི་དམ་བཅའ་བྱས། །ང་ཡི་སྦྱིན་པའི་བར་ཆད་མ་བྱེད་པར། །ཚོགས་གཉིས་བྱང་ཆུབ་བསྒྲུབ་པའི་གྲོགས་བྱེད་ཅིང་། །བདག་ ཀྱང་མ་བསམ་བྲམ་ཟེའི་གཡོག་ལ་སོང་། །ང་ཡི་ཞབས་ཏོག་དེ་ཡིས་འགྲུབ་པ་ཡིན། །༽ཞེས་མི་ལོ་དུ་མའི་སྐྱིད་རོགས་སྡུག་རོགས་གཅིག་པུ་སེར་སྣ་སྤུ་ཙམ་མེད་པར་གཞན་ལ་སྟེར་བར་ཕོད་པའི་ཁྱོ་ག་ཁྲེལ་མེད་དེ་ལས༼ང་བྲམ་ཟེ་ལ་གནང་ན་རྒྱལ་བུ་ལ་གཡོག་གསོལ་བ་འདྲེན་མི་མེད་པས་མི་གནང་བར་ཞུ༽ཞེས་རང་ཉིད་རིན་མེད་དུ་གཞན་ལ་བྱིན་ཡང་སེམས་ནས་ད་དུང་ཁྱོ་གའི་སྐྱིད་སྡུག་ཁོ་ན་དྲན་གྱིན་པའི་ཆུང་མ་མནྡེ་བཟང་མོའི་བློ་སེམས་རྩེ་གཅིག་གི་བརྩེ་དུང་ལ་ཡིད་འགུལ་གྱི་མཆི་མ་འཆོར་གྱི་ཡོད།
       མདོར་ན་རང་ཉིད་ལའང་ལང་གོག་གོམ་པ་མཉམ་བསྲེས་ཀྱིས་ནར་སོན་བཞིན་པའི་བུ་ཆུང་ཞིག་ཡོད་པ་དྲན་ཡོང་ན ། རང་ཉིད་ལའང་ཉིན་མཚན་དུས་ཚུགས་མཉམ་རོལ་གྱིས་ ཁྱིམ་སྐྱོང་བཞིན་པའི་ཁྱོ་ག་ཞིག་ཡོད་པ་དྲན་ཡོང་ན།དུས་དེ་རིང་རྒྱལ་སྲས་དྲི་མེད་ཀུན་ལྡན་ཁོང་ལ་མཐའ་མཇུག་གི་སྡོམ་ཚིག་ཅིག་འཇོག་འདོད་པ་ནི་མི་དེའི་སེམས་པ་རྡོ་རེད་ཅེས་པ་དེ་ཁོ་ནའོ། །

རྩོམ་ཁུངས། སེང་རྡོར་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་དེའི་སེམས་པ་རྡོ་རེད།

2009-11-09 ཁ་བ་ལྷ་མོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།