གྲྭ་བའི་གནད་དོན་གྲྭ་བས་ཐག་གཅད་དགོས།

    སྤྱི་ཚོགས་གང་དང་གང་ཡིན་རུང་འཕེལ་རྒྱས་དང་འཐུས་ཚང་གི་ངོ་བོར་འགྲོ་དགོས་ན་ཐོག་མར་གང་ན་སྐྱོན་དང་ཉེས་པའི་ཆ་རེ་ཡོད་ཡོད་དག་དག་ཐེར་གཙང་སེལ་བྱེད་དགོས་པ་ལས། མུ་མཐུད་དུ་གབ་སྦས་དང་གསང་ཉར་གྱིས་དུས་འདའ་བར་བྱས་ན་ནམ་ཞིག་སྤྱི་ཚོགས་ཧྲིལ་བོ་རུལ་ཉེན་ཆེ་བའི་དུས་ལ་སླེབས་ངེས། དེ་བས་ང་ཚོ་སྙུག་ཐོགས་པ་སུས་ཀྱང་རང་གི་ཕྲག་ཏུ་དུས་ཀྱིས་བཀལ་བའི་མི་རིགས་དང་སྤྱི་ཚོགས་ཀྱི་འགན་འཁྲི་རེ་རང་ཆས་སུ་ཡོད་པའི་ཚོར་ཤེས་འོག་རང་ཉིད་གང་དུ་འཚོ་སྡོད་ཀྱི་ཁོར་ཡུག་དེ་དང་སྤྱི་ཚོགས་དེ་ནས་དགེ་སྐྱོན་གསེད་བགྲོལ་དང་ལེགས་ཉེས་ཐེར་འདོན་གྱི་ཕྱོགས་སུ་སྨྱུག་ཁ་བསྲིངས་པ་ནི་དོན་གྱིས་སྟོང་བའི་རྒན་མོའི་ཅོ་འཛིང་ལྟ་བུ་ཞིག་གཏན་ནས་མིན་པས་ཅིས་ཀྱང་དགོས་ངེས་སུ་མཆིས།

    དེ་ཡང་གྲྭ་གཞོན་སྙུག་ཐོགས་པ་ཞིག་ཡིན་ཚེ་རང་ཉིད་འཚོ་སྡོད་ཀྱི་གྲྭ་སའི་ཁོར་ཡུག་གི་དོན་གནད་གླེང་བ་གཙོར་འཛིན་བྱེད་དགོས་ལ། དེ་མིན་སློབ་གྲྭ་དང་གཞི་རིམ་སྤྱི་ཚོགས་གང་ཞིག་ཡིན་རུང་དེར་ཡོད་ཀྱི་སྙུག་ཐོགས་པ་ཚོས་སྤྱི་ཚོགས་ལ་དོ་ཁུར་ཡོད་པའི་དགག་གཞག་སྤྲོ་རྒྱུ་ནི་འདིར་བཤད་དང་འཆད་འགྱུར་བའི་བརྒྱ་བཤད་ཚིག་གི་རྩ་བ་ཡིན།
    ང་ལ་སྔ་ལོར་གྲོགས་པོ་ཞིག་གིས་ཧ་ཅང་ཤ་ཚ་མདོག་གིས་(དོན་ངོ་མར་ང་ལ་ཤ་ཚ་བ་ཡིན་ཀྱང་སྲིད།)རྩོམ་ཡིག་འབྲི་ནའང་གཞན་སྐྱོན་གླེང་བའི་རྩོམ་ཡིག་དེ་འདྲ་གཏན་ནས་མ་འབྲི་ཟེར། དེ་འཕྲལ་དུ་ངའི་མིད་པའི་ཁ་སྒོར་ལན་ཞིག་སློག་རྒྱུ་འཚང་བྱུང་མོད། འོན་ཏེ་གུ་ཡངས་པའི་བསམ་བློ་ཞིག་གི་སྣེ་ནས་དེ་མུར་ཁ་རོག་གེར་ཁོའི་བཤད་དོན་ལ་མགོ་བོ་གཡུག་ཙམ་བྱས་པ་ཡིན།
     འདས་ཟིན་པའི་སྐད་ཆ་འདི་ངས་འདིར་ཆེད་དུ་གླེང་དགོས་དོན་ནི། འུ་ཚོའི་སྤྱི་ཚོགས་སྟེང་འདི་ལྟ་བུའི་བསམ་ཚུལ་དང་བསམ་ཚུལ་ལག་ལེན་དུ་འཁྱེར་མཁན་ཧ་ཅང་མང་ལ། དེའི་རིགས་ཀྱི་བཀག་རྒྱ་དང་ཤུགས་རྐྱེན་དངོས་སུ་ཐེབས་པའི་རྩོམ་པ་བོ་དང་སྙུག་ཐོགས་པའང་མང་དག་ཅིག་ཡོད་ངེས་པས། དེ་དག་ནི་འུ་ཚོའི་སྤྱི་ཚོགས་ལེགས་བཅོས་ལ་འཕྲད་པའི་ནང་གི་འགལ་རྐྱེན་འདག་དཀའ་བ་ཞིག་ཡིན་པས། སྤྱི་ཚོགས་ལ་དོ་ཁུར་བསྣམས་པའི་རྩོམ་པ་བོ་དང་སྙུག་ཐོགས་པ་སུ་ཞིག་ཡིན་རུང་གཞི་རྩ་རང་ཉིད་ལ་བསམ་བློའི་རང་ཚུགས་དང་ཁེར་གཤིས་ཡོད་པའི་སྒོས་གོམ་ཁ་མདུན་བསྒྱུར་གྱི་ལས་སུ་རེམས་དགོས་པ་ལས། ཤ་ཉེ་རིང་དང་གྲོགས་གྲོགས་མོ་ཚོའི་ཤ་ཚ་བའི་གཏམ་གྱིས་རང་གི་བསམ་བློའི་ཁ་ཕྱོགས་དང་སྨྱུ་གུའི་འཁྱུག་འགྲོས་ལ་ཤུགས་རྐྱེན་ཐེབས་སུ་ཅིས་ཀྱང་འཇུག་ཏུ་མི་རུང་།
      དེ་མིན་སྤྱི་ཚོགས་ཀྱི་དོན་གནད་ཅི་ཞིག་གླེང་གཞིར་བརྩམས་ཀྱང་ཐོག་མཐའ་བར་གསུམ་དུ་དངོས་ཡོད་དང་དྲང་བདེན་གཙིགས་སུ་འཛིན་རྒྱུ་གལ་ཆེ་ལ། གོ་ལོ་ཐོས་ལོ་དང་ཟེར་སྒྲོས་ངག་སྒྲོས་ཙམ་གྱིས་ཁུངས་བཟུང་སྟེ་གཞན་ལ་ཟུག་རྐྱང་བྱེད་པའི་ཧོལ་རྒྱུགས་ཀྱི་ངང་ཚུལ་རིང་དུ་འདོར་རྒྱུ་ནི་དེ་བས་ཀྱང་གཞི་རྩའི་ལངས་ཕྱོགས་ལྟ་བུར་འཛིན་དགོས་པར་འདོད།
       ངས་འདི་ལྟར་བསྒྲུབ་བྱ་སྣ་མང་གི་བསམ་ཕྱོགས་བཟུང་སྟེ་འདི་བྱེད་དགོས་དང་དེ་བསྒྲུབ་དགོས་ཞེས་ཁ་ཕོ་ལྟ་བུ་ཞིག་སྒྲོགས་དགོས་དོན་ཡང་། རང་ཉིད་ལ་རང་ཚུགས་ཡོད་དང་ཁེར་གཤིས་ལྡན་ཞེས་འུད་སྒྲོག་བྱས་པ་མིན་མོད། ད་བར་དུ་གཡས་ཀྱི་མི་ཁ་དང་གཡོན་གྱི་འཕྱ་དམོད་ལ་མ་འཛེམ་པར་སྤྱི་ཚོགས་ཀྱི་སྐྱོན་གནད་གཙོར་གླེང་བའི་ལངས་ཕྱོགས་ཤིག་འཛིན་ཁུལ་བྱས་པའི་ཉམས་མྱོང་དངོས་ཚོར་དང་། སྔ་ཕྱིར་སྤྱི་ཚོགས་ལ་དོ་ཁུར་བཟུང་བའི་འགན་འཁྲིའི་འདུ་ཤེས་ཤིག་གིས་སྐུལ་འདེད་ཡང་ཡང་བྱས་རྐྱེན་ལོ་དང་ཟླ་བའི་གསེང་ནས་རིང་ཙམ་བརྣག་པའི་རང་གི་བསམ་ཚུལ་ཞིག་མ་འཁྱོག་བདེན་དྲང་དུ་བྲིས་པ་ཡིན་ནོ།། 

      ༢༠༠༩།༧།༡༣ཉིན།

རྩོམ་ཁུངས། སེང་རྡོར་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྲྭ་བའི་གནད་དོན་གྲྭ་བས་ཐག་གཅད་དགོས།

2009-11-09 ཤིས་ཚང་ལྗང་མྱུག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།