མཚན་མོ་འདི། ངའི་ཁྱིམ་གཞི་ཡིན།

 མཚན་མོ་འདིར་མིག་ཟུང་ཆེན་པོར་ཕྱེས་དང་ནམ་མཁའ་དང་ས་གཞིའི་རྒྱ་ཁྱོན་འཇལ་ཐུབ། འཚམས་བརྒྱད་པོ་ལ་ལྐོག་ལྟ་རེ་བྱོས་དང་།དེ་ནས་འབུ་སྲིན་གྱི་ཞལ་རས་མཐོང་ཐུབ།

  མཚན་མོ་འདིའི་ངོ་གདོང་ལས་སྲང་ལམ་ལ་བལྟོས་དང་།དེ་ལས་ཉི་ནུབ་ཀྱི་འོག་གི་ཚང་མལ་བཙལ་བའི་བྱེའུ་ཆུང་དག་མཐོང་ཐུབ་ལ། རང་གི་སེམས་པ་གཤགས་པའི་གནའ་བོའི་ལོ་མ་གྱོན་པའི་བགྲེས་པོ་དག་དྲན་ཡོང་། དེ་དུས། དགུན་ཆང་འཐུང་བའི་མིའི་རིགས་ཀྱིས་རི་རབ་དང་གཙང་བོ་བསྐྱུར་ནས་རང་གི་སྡོད་ཁང་དུ་ལོག་འགྲོ

   མཚན་མོ་འདིར་རྒྱང་རིགས་མཛོད་དང་།སྨག་ནག་པོའི་རྒྱང་རིང་གི་རི་བོ་དེའི་རྒྱབ་གཟིགས་མཐོང་ཐུབ་ལ། ཚིག་མཛོད་ལྟ་བུའི་ལོ་རྒྱུས་ཀྱི་ཤོག་ལྷེ་རེ་རེ་ལས་ཀ་མད་སུམ་ཅུའི་མཛེས་རིས་ཤིག་རྙེད་ཐུབ། དེ་དུས། འགྱུར་སླ་བའི་མི་གཤིས་དག་ཀྱང་གསལ་བོར་མཐོང་ཐུབ།

  མཚན་མོ་འདིའི་གཤོག་ཐོག་ནས།ཡངས་པའི་འཇིག་རྟེན་ཞིག་གི་བླ་སྲོག་བཏུས་ནས།རང་ཉིད་ལ་མཆོད་འབུལ་བྱས་ཆོག་ལ།སྐབས་སྐབས་སུ། སྲིད་པའི་མེ་ལོང་གི་སྒོ་མོ་རང་ལ་གཏད་ནས་ཁྱོད་ཀྱི་སྙིང་ཁམས་དཀྲུགས་དུས།བོར་ཟིན་པའི་ལྡབ་ལྡིབ་ཀྱི་སྐད་ཆ་ལ་ནག་ཉེས་ཐེབས་ཡོད།

  མཚན་མོ་འདིར་རླུང་བུའི་ངུ་སྐད་ཀྱི་ཀློང་ནས། རོལ་དབྱངས་དཀྲོལ་མཁན་ཡོད་ལ། ཞབས་བྲོ་བ་ཡང་ཡོད། མཚམས་ལ་མཚམས་ལ། སྒོ་དང་སྒེའུ་ཁུང་མེད་པའི་གྲོང་ཁྱེར་འདི་ནས། མཚན་མོ་འདི་ལ་ལག་པ་ཞིག་སྟེར་ངེས། དེ་དུས། མཚན་མོ་འདིར་ངེད་ཚང་གི་ཁྱིམ་གཞི་ཡིན།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཚན་མོ་འདི། ངའི་ཁྱིམ་གཞི་ཡིན།

2009-11-01 མགར་རྩེ་བ། ཀློག་གྲངས། མཆན ཡོད།

 མཚན་མོ་འདིར་མིག་ཟུང་ཆེན་པོར་ཕྱེས་དང་ནམ་མཁའ་དང་ས་གཞིའི་རྒྱ་ཁྱོན་འཇལ་ཐུབ། འཚམས་བརྒྱད་པོ་ལ་ལྐོག་ལྟ་རེ་བྱོས་དང་།དེ་ནས་འབུ་སྲིན་གྱི་ཞལ་རས་མཐོང་ཐུབ།

  མཚན་མོ་འདིའི་ངོ་གདོང་ལས་སྲང་ལམ་ལ་བལྟོས་དང་།དེ་ལས་ཉི་ནུབ་ཀྱི་འོག་གི་ཚང་མལ་བཙལ་བའི་བྱེའུ་ཆུང་དག་མཐོང་ཐུབ་ལ། རང་གི་སེམས་པ་གཤགས་པའི་གནའ་བོའི་ལོ་མ་གྱོན་པའི་བགྲེས་པོ་དག་དྲན་ཡོང་། དེ་དུས། དགུན་ཆང་འཐུང་བའི་མིའི་རིགས་ཀྱིས་རི་རབ་དང་གཙང་བོ་བསྐྱུར་ནས་རང་གི་སྡོད་ཁང་དུ་ལོག་འགྲོ

   མཚན་མོ་འདིར་རྒྱང་རིགས་མཛོད་དང་།སྨག་ནག་པོའི་རྒྱང་རིང་གི་རི་བོ་དེའི་རྒྱབ་གཟིགས་མཐོང་ཐུབ་ལ། ཚིག་མཛོད་ལྟ་བུའི་ལོ་རྒྱུས་ཀྱི་ཤོག་ལྷེ་རེ་རེ་ལས་ཀ་མད་སུམ་ཅུའི་མཛེས་རིས་ཤིག་རྙེད་ཐུབ། དེ་དུས། འགྱུར་སླ་བའི་མི་གཤིས་དག་ཀྱང་གསལ་བོར་མཐོང་ཐུབ།

  མཚན་མོ་འདིའི་གཤོག་ཐོག་ནས།ཡངས་པའི་འཇིག་རྟེན་ཞིག་གི་བླ་སྲོག་བཏུས་ནས།རང་ཉིད་ལ་མཆོད་འབུལ་བྱས་ཆོག་ལ།སྐབས་སྐབས་སུ། སྲིད་པའི་མེ་ལོང་གི་སྒོ་མོ་རང་ལ་གཏད་ནས་ཁྱོད་ཀྱི་སྙིང་ཁམས་དཀྲུགས་དུས།བོར་ཟིན་པའི་ལྡབ་ལྡིབ་ཀྱི་སྐད་ཆ་ལ་ནག་ཉེས་ཐེབས་ཡོད།

  མཚན་མོ་འདིར་རླུང་བུའི་ངུ་སྐད་ཀྱི་ཀློང་ནས། རོལ་དབྱངས་དཀྲོལ་མཁན་ཡོད་ལ། ཞབས་བྲོ་བ་ཡང་ཡོད། མཚམས་ལ་མཚམས་ལ། སྒོ་དང་སྒེའུ་ཁུང་མེད་པའི་གྲོང་ཁྱེར་འདི་ནས། མཚན་མོ་འདི་ལ་ལག་པ་ཞིག་སྟེར་ངེས། དེ་དུས། མཚན་མོ་འདིར་ངེད་ཚང་གི་ཁྱིམ་གཞི་ཡིན།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།