རེ་རྐང་གླིང་ལ་སྤྲིངས་པའི་བསླབ་བྱ་བྱམས་བརྩེའི་ཆར་འབེབས་མ།

                                                                    ༡
       སྤྱིར་ཁོ་བོ་གཞན་ལ་དགག་རྩོམ་འབྲི་རྒྱུར་ཁྱོན་ནས་དགའ་བོ་མེད་ཅིང་། དེ་བས་ཀྱང་མི་རིགས་ནང་ཁུལ་གྱི་མཐུན་སྒྲིལ་ལ་གནོད་པའི་ལས་ཀ་བྱེད་རྒྱུར་མོས་པ་གཏན་ནས་མེད།  དེའི་རྒྱུ་མཚན་ནི།  འདས་ཟིན་པའི་ལོ་རྒྱུས་ཁྲོད་ཀྱི་འགལ་བ་དེ་དག་གིས་ད་ལྟའང་ད་དུང་ང་ཚོའི་སེམས་སུ་རྨ་ཁ་ཟབ་མོ་བཟོས་ཡོད་པས་སོ།།

  དེ་བས།  སྔོན་ཆད་བདག་གི་གྲོགས་པོ་ཁ་ཤས་ཀྱིས་རྒྱང་རིང་སར་སོང་ནས་བདག་ལ་ཕྱིར་བླ་བཙག་དང་ངན་གཏམ་གྱི་རྩོམ་ཡིག་འདྲ་བྲིས་མྱོང་ནའང་། བདག་གིས་རང་ཅག་གི་མཐུན་སྒྲིལ་ལ་འདང་བརྒྱབ་ནས་དེ་དག་ལ་ངོ་ཡ་བཟུང་མ་མྱོང་།

ཉེ་སྔོན་རེ་རྐང་གླིང་ཟེར་བའི་གསར་བུ་ཞིག་གིས་དྲ་ངོས་སུ་སྤུན་ཟླ་ནང་འཛིང་གི་སྔོན་འགྲོ་ལྟ་བུའི་དམོད་རྩོམ་<<རྫུ་བག་གིས་ཟས་ཟོསཚར་བའི་གྲྭ་བཙུན་རང་མོས་སྙན་ངག་འབྲི་མཁན་གྱི་སྡེ>>ཞེས་པ་བ་ཞིག་བྲིས་ཏེ་དྲ་ཚིགས་མང་བོར་ཡང་སྤེལ་བསྐྱར་སྤེལ་བྱེད་ཀྱིན་འདུག་ལ། ལྷག་པར་དུ་བདག་སོགས་གྲྭ་བཙུན་གཉོམ་ཆུང་འགའ་ཞིག་ལ་རིག་གསར་སྐབས་ཇི་བཞིན་མི་ངན་གྱི་ཞྭ་མོ་བསྐོན་ནས་འཐབ་རྩོད་བྱེད་ཀྱིན་འདུག་པ་མཐོང་ནའང་། རང་རེའི་སྤུན་ཟླའི་ལ་རྒྱ་དང་བརྩེ་སེམས་ལ་ནག་ནོག་གི་དྲི་མ་བཟོ་མ་འདོད་པར། རང་གིས་བསམ་པ་ཡར་སེམས་དང་སྐུད་པ་ཡར་འཁེལ་གྱི་དཔེ་ལྟར་ཁོ་རང་བཏང་སྙོམས་སུ་བཞག་པ་ཡིན།

  དྲ་ལམ་སོགས་ལས་རེ་རྐང་གླིང་ཞེས་པ་འདི་ཡང་བོད་ཡིག་གི་ལམ་ནས་སྙན་ངག་སོགས་ལ་སྦྱོང་བ་བྱེད་མཁན་གྱི་ན་གཞོན་སྡུག་རུས་ཅན་ཞིག་གི་བཟོ་ལྟ་འདུག་པ་མཐོང་བས། བདག་གིས་ཁོ་ལ་སྤུན་ཟླའི་འདུ་ཤེས་བཟུང་སྟེ། རང་གི་བགྲོ་གླེང་རྩོམ་ཡིག་<<དེང་རབས་དཔྱད་བརྗོད་པའི་སྐྱོན་ཆ>>ཞེས་པའི་ནང་དུ་ཁོ་རང་ལ་དཀྱེལ་ཡངས་ཀྱི་རྣམ་འགྱུར་གྱིས་བགྲོ་གླེང་དང་ཁ་ཏ་བསླབ་བྱ་ཅུང་ཟད་བྱས་པ་ཡིན།

  འོན་ཀྱང་མ་བསམས་ས་ནས་རེ་རྐང་གླིང་གིས་ཕྱིར་ལན་དུ། ཁོ་བོར་གླེང་འགེལ་དང་ངན་སྨྲས་ཀྱིས་གྲྭ་བའི་མི་གཞི་ལ་དམའ་འབེབས་བྱས་པའི་དམོད་རྩོམ་ཞིག་བྲིས་འདུག    རྒྱུ་མཚན་ནི།   ཁོ་རང་རིག་གཞུང་དང་སྙན་ངག་ལ་ཤ་ཚ་བ་མ་ཡིན་པར་མང་རའི་ཡུལ་གྱི་གྲྭ་བ་ཤེས་ཡོན་ཅན་ཚོའི་སྟེང་ལ་དམིགས་ཡུལ་གཞན་ཞིག་ཡོད་པའི་རྟགས་རེད། དེ་ལ་བལྟས་རྗེས་བདག་ལ་དགོད་རྒྱུ་ཞིག་ལས་ཁོང་ཁྲོ་ཁྱོན་ནས་ལངས་རྒྱུ་མ་བྱུང་།

  སེམས་ཅན་གཞན་ལ་དོན་མེད་དུ་འཚེ་བ་བྱེད་པ་ནི་བྱ་སྤྱོད་ལེགས་པོ་ཞིག་ཏུ་ཁས་ལེན་མཁན་ཁྱོན་ནས་མེད། དེ་བས། དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས། རྒྱལ་སྤྱིའི་ཁྲིམས་ལུགས་ཟེར་བའི་ངན་པ་ལངས་ཤོར་ཚོར་ཁ་གཏད་གཅོག་བྱེད་ཀྱི་ལག་ཆ་མང་བོ་ཞིག་བཟོ་དགོས་བྱུང་བ་རེད། དེས་ན་ངེས་དོན་གྱི་ཤེས་ཡོན་ཅན་ཞིག་ཏུ་འགྱུར་འདོད་ཡོད་མཁན་ཚོས་འདི་དག་ལ་ངོ་ལོག་གཏན་ནས་བྱེད་མི་རུང་། རྒྱུ་མཚན་ནི། དེ་དག་ལ་ངོ་ལོག་བྱས་ན་རང་སྡུག་རང་གིས་ཉོ་བར་འགྱུར་བས་སོ།།

   ད་ལྟ་ང་ཚོའི་མགོ་ཐོག་གི་ནམ་མཁའ་དང་རྐང་འོག་གི་ས་གཞི་ཡོད་ཚད་འགྱུར་ནས་ལྷག་མེད་དུ་འགྲོ་ལ་ཉེ་བའི་སྐབས་འདིར། ཁྱེད་ཀྱིས་མ་མཐའ་ཡང་རང་རེའི་མི་རབས་རྗེས་མ་ཚོའི་ཆེད་དུ་དྭངས་གཙང་གི་མཁའ་དབུགས་ཁམ་གང་དང་།  ཡང་ན་མཛེས་སྡུག་གི་སྤྲིན་པ་ཚོམ་བུ་ཞིག    ཞིམ་མངར་གྱི་སྦྲང་ཆར་ཐིགས་པ་གཅིག་ཀྱང་འཇོག་མ་ཐུབ་ཚེ།  ལོ་རྒྱུས་ཀྱིས་ཁྱེད་རང་ཀུ་ཡངས་ལ་གཏན་ནས་གཏོང་མི་སྲིད། དེ་བས་རང་གི་ཁ་རུལ་གྱིས་མི་མང་ཚོགས་པའི་ཁོར་ཡུག་ལ་འབག་བཙོག་མི་བཟོ་རྒྱུ་དེ་གལ་ཆེན་ཞིག་མ་རེད་དམ།

  ན་གཞོན་ཚོའི་མཚར་ལོངས་དང་བདེ་ཐང་ནི་མི་རིགས་ཤིག་གམ་ཡང་ན་རྒྱལ་ཁབ་ཅིག་གི་འཕེལ་རྒྱས་དང་བདེ་འཇགས་ལ་འབྲེལ་ཡོད་པས། ཁྱེད་ཀྱིས་དོན་མེད་དུ་རང་ཉིད་ཉེས་ཅན་ཞིག་ཏུ་བསྒྱུར་ག་ལ་རུང་།

  འདིར་རེ་རྐང་གླིང་ལ་ཡང་བསྐྱར་བསླབ་བྱ་ཁ་ཤས་གཏང་རྒྱུ་ཡོད་པ་ནི། རིག་གཞུང་བགྲོ་གླེང་གི་སྟེགས་བུར་མཁོ་བ་ནི་གནམ་དཔྱོད་དང་བློ་གྲོས། ལྟ་བ་དང་བསམ་བློ་སོགས་ཡིན་པ་ལས། མུ་ཅོར་དང་ཀུ་ཅོ། རྫུན་གཏམ་དང་འཆལ་གཏམ་མ་ཡིན་པ་ཤེས་པར་བྱའོ།། ཞེས་པ་འདི་ཡིན།

                                                               ༡༠

      ཀ་ཡེ། བདག་གི་ཤེས་ཡོན་ཅན་ལགས། བདེན་པ་དོར་ཏེ་གཡོ་སྒྱུ་མ་འདེམས། ཅིའི་ཕྱིར་ཞེ་ན། ཁྱོད་དང་ང་ཡི་ཕྱིར་དུའོ།།

  ཀྱེ་མ། བདག་གི་སྙན་ངག་པ་ལགས། སྙུ་གུ་བསྐྱུར་ནས་མེ་མདའ་མ་འཛིན། ཅིའི་ཕྱིར་ཞེ་ན། འཇིག་རྟེན་ཞི་བདེའི་ཆེད་དུའོ།།

                                                                  ༢༠༠༨་༤་༡༢ཉིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རེ་རྐང་གླིང་ལ་སྤྲིངས་པའི་བསླབ་བྱ་བྱམས་བརྩེའི་ཆར་འབེབས་མ།

2009-10-30 གཟི་མིག་གསུམ་པ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།