དཔེ་ཁང་ཕྱི་ཡི་ “གསར་བརྗེ”དང་ནང་གི་མནོ་བསམ། ༡

                                                              ____2006ལོའི་སྤྱི་ཚོགས་དང་རིག་གནས་སྣང་ཚུལ་སྐོར་གྱི་དཔྱད་བརྗོད།

འདས་མ་ཐག་པའི་སྤྱི་ལོ་2006ལོར་འུ་ཅག་ལ་སྤྱི་ཚོགས་དང་རིག་གནས་སྣང་ཚུལ་གང་མང་ཞིག་བྱུང་བ་དང་།དེ་ལ་ཡང་མི་སྨྲའི་བརྟུལ་ཞུགས་འཛིན་མཁན་དང་སྨྲ་ལྕེ་ཁ་ལ་བསྒྱུར་མཁན་གང་མང་བྱུང་དང་འབྱུང་གི་ཡོད་པ་རེད།སྤྱིར་ན་སྣང་ཚུལ་གང་དང་གང་ཞིག་ཡིན་ཡང་དེ་ལ་ཚང་མས་ཡིན་མིན་དང་དྲང་ལྡོག་གི་བསམ་ཚུལ་ཅི་རིགས་བརྗོད་པ་ནི་མི་རྣམས་ཀྱིས་སྤྱི་ཚོགས་དང་རིག་གནས་སྣང་ཚུལ་དེ་རིགས་ལ་དོ་སྣང་བྱེད་བཞིན་པ་མཚོན་ལ།མ་ཟད།མི་ཉིད་ཀྱི་སྨྲ་བརྗོད་ཁེ་དབང་མངོན་འགྱུར་བྱེད་བཞིན་པའང་མཚོན།ལྷག་པར་དུ་ཤེས་ཡོན་ཅན་ཞིག་གི་ངོས་ཐད་ནད་གླེང་ན“རིག་གནས་སྣང་ཚུལ”དང་“སྤྱི་ཚོགས་སྣང་ཚུལ”འདི་དག་ལ་དུས་རྟག་ཏུ་དོ་སྣང་དང་ཐུགས་ཁུར་བྱེད་དགོས་ཤིང་།དུས་མཚུངས་སུ་རང་གི་རྒྱུ་འབྲས་བློ་མིག་དེ་དཔྲལ་བའི་མིག་གཉིས་བཞིན་དུ་བསྲུངས་ནས་དྲང་བདེན་སྐྱོང་བ་དང་ནག་ཉེས་ལ་དགག་སྒྲུབ་བྱེད་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ་བ་ཞིག་གོ།

ལོ་ངོ་འདིའི་ནང་བྱུང་བའི་སྣང་ཚུལ་གང་ཞིག་ཡིན་ཡང་སྤྱི་ཕྱོགས་ནས་བལྟས་ན་ཤེས་ཡོན་ཅན་ཚོའི་དཔེ་ཁང(书斋)ཕྱི་ནང་གི་ཆ་གཉིས་ནས་གླེང་ཆོག་སྟེ།ཤེས་ཡོན་ཅན་ཚོའི་དཔེ་ཁང་གི་ཕྱི་ནི་འ་འུར་ཟང་ཟིང་གི་ཆ་ནས་ཆེ་བའི་“གསར་བརྗེ”ཡི་མཁའ་དབུགས་སྟུག་པ་དང་།ཤེས་ཡོན་ཅན་ཚོའི་དཔེ་ཁང་ནང་གི་ལྷིང་འཇགས་ཞི་ལྷོད་ཀྱི་ཆ་ཤས་ཆེ་བའི་མནོ་བསམ་གྱི་སྡུག་ལ་སྦྱོར་བའོ།།གཤམ་དུ་སྣང་ཚུལ་གཙོ་བོ་ཁ་ཤས་ཟུར་དུ་ཕྱུང་ནས་གླེང་བ་ལ།

རྒྱན་ལྤགས་སྲེག་སྦྱོར་གྱི་ལས་འགུལ།

2006ལོའི་ལོ་གསར་གྱི་སྔ་བར་དུ་རྒྱན་ལྤགས་རྣམས་མེ་ལ་སྲེག་པ་དང་གསེར་དངུལ་གྱི་རྒྱན་ཆ་རྣམས་སྤོང་དགོས་ཚུལ་གྱི་གླེང་ཕྱོགས་ཤིག་ག་ས་གང་དུ་རླུང་ལྟར་གྲགས་པ་དང་།མི་རྣམས་ཀྱི་སེམས་ཡང་གླེང་ཕྱོགས་དེ་དང་བསྟུན་ནས་འཕྱོ་ལྡེམ་ཡང་ཡང་བྱས།ལ་ཤས་ཀྱིས་དེ་ནི་ངེས་པར་དུ་ལག་བསྟར་དགོས་ཤིང་།བསྟན་རིན་ཡོད་པའི་དོན་སྙིང་ཅན་གྱི་བྱ་བཞག་ཅིག་རེད་ཟེར།ཡང་ལ་ཤས་ཀྱི་རྒྱན་ལྤགས་རྣམས་ཡིན་གཅིག་མིན་གཉིས་མེ་ལ་སྲེག་དགོས་དོན་མི་འདུག་ཟེར།ཕྱིན་ཆད་ལུས་ལ་མ་གོན་ཚེ་འགྲིག་ཡོད་པ་རེད་ཟེར།ཡང་ལ་ཤས་ཀྱིས་ཁ་བཤད་ཆ་ཡི་ཝུ་དང་ལག་ལེན་གསེར་གྱི་ཐིགས་པ་ཟེར་བ་ལྟར་མི་རང་ཉིད་ཀྱི་སྟེང་ལ་བབས་ཚེ་ད་གཟོད་ཇི་འདྲ་ཞིག་ཡིན་པ་ཧ་གོ་ཡོང་གི་རེད་ཟེར།ཡང་ལ་ཤས་ཀྱིས་གང་ལྟར་ད་ཐེངས་རྒྱན་ལྤགས་མེ་ལ་སྲེག་ཐུབ་གི་མ་རེད་ཟེར།ཏག་ཏག་ཡིན་མིན་གྱི་གླེང་ཕྱོགས་སྣ་ཚོགས་བཟོ་བཞིན་པའི་སྒང་ལ་ཁ་བའི་ལྗོངས་ཀྱི་གྲུ་ཟུར་ཞིག་ནས་རྒྱན་ལྤགས་རྣམས་མེ་ལ་སྲེག་པའི་དུ་སྔོན་དགུང་ལ་ཟུག་པར་གྱུར། དེ་ནས་བཟུང་དཀར་མཛེསདང་། རྟའུ། ཀ་རིང་། བིས་མདོ། རེབ་གོང་། གཅན་ཚ། མཛོད་དགེ རྔ་བ། ལྷ་ས། གཙོད། བླ་བྲང་སོགས་སུ་སྲམ་ལྤགས་དང་གཟིག་ལྤགས། སྟག་ལྤགས་སོགས་གཙོས་པའི་རྒྱན་ལྤགས་རྣམས་མེ་ལ་སྲེག་པའི་མགོ་བརྩམས་ཏེ་ལས་འགུལ་ལྟ་བུ་ཞིག་འཕྱུར། ལས་འགུལ་འདི་ནི་རི་བོ་ཧི་མ་ལ་ཡའི་ཕ་རོལ་གྱི་གསུང་སྐད་ཅིག་དང་འབྲེལ་བའི་ཞིང་།གཞིས་སྡོད་ནས་སྦྱོར་བ་དངོས་ལ་འཇུག་མཁན་ཡང་རི་བོ་ཧི་མ་ལ་ཡའི་ཕ་རོལ་དུ་ཆོས་འཇལ་ལ་སོང་སྟེ་ཕྱིར་ཐོན་པའི་མང་ཚོགས་ཕལ་བ་དག་རེད། མང་ཚོགས་ཕལ་བ་དག་གིས་བསླངས་པའི་ལས་འགུལ་འདི་ལ་ཁོ་བོས་ཐོག་མར་ཡིན་འཇོག(肯定)བཅས་རྗེས་སུ་ཡི་རང་བྱས་པའི་དུས་མཚུངས་སུ་རང་ཉིད་ཀྱི་བློ་སྤོབས་དང་རྟོགས་པ། བློ་སྦྱོང་། དཔའ་གདེང་སོགས་མང་ཚོགས་ཕལ་བ་ཞིག་ལའང་མི་དོ་བར་ད་དུང་ཤེས་ཡོན་ཅན་དུ་ཁས་འཆེས་བཞིན་པའི་བྱ་སྤྱོད་འདི་ལ་ཐེ་ཚོམ་དང་།རང་གི་རྣམ་ཤེས་ལ་ཚ་འདྲི་ཐེངས་ཤིག་མི་བྱེད་ཐུ་མེད་བྱུང་།ལས་འགུལ་འདི་ནི་ཁོ་བོར་མཚོན་ན་རང་གི་ལྕི་ཡང་སྲང་ལ་འཇལ་བའི་རྒྱ་མ་ལྟ་བུ་ཞིག་ཏུ་གྱུར་པ་དང་།ལས་འགུལ་འདི་ནི་རང་གིས་རང་ལ་ཕྱིར་རྟོག་བྱེད་པའི་བསམ་གཞིག་གི་ཐེམ་སྐས་ལྟ་བུ་ཞིག་ཏུའང་གྱུར།ལས་འགུལ་འདིའི་གལ་ཆེན་རང་བཞིན་དང་ལོ་རྒྱུས་ཀྱི་དོན་སྙིང་སོགས་མི་གཞན་གྱིས་མང་དུ་བརྗོད་ཡོད་པས་ན་ཁོ་བོས་འདིར་བསྐྱར་ཟློས་དང་ཡིག་ཚོགས་ཀྱི་ངལ་བ་ལྷུར་མི་ལེན་ཞིང་།ལོ་ངོ་གཅིག་འགོར་བའི་དེ་རིང་གི་ཉིན་མོར་ལས་འགུལ་དེ་ལ་ཡང་བསྐྱར་བསམ་གཞིག་རེ་བཏང་ན་དྲན་འཆར་འདི་འདྲ་ཡང་འབྱུང་སྟེ།
(1)འུ་ཅག་གི་ལོ་རྒྱུས་དང་ད་ལྟའི་གནས་བབ་གང་ལ་བལྟས་ཡོང་ན།བླ་སྤྲུལ་དང་ཆོས་ལུགས་པ་ནི་རང་རེའི་སྤྱི་ཚོགས་འདིའི་ཡོད་ཚད་དང་སྲོག་ཤིང་ལྟ་བུར་གྱུར་འདུགབླ་སྤྲུལ་དང་ཆོས་ལུགས་པས་གསུངས་པ་ནི་ད་གཟོད་ཚད་མར་འཛིན་ཞིང་གཙུག་ཏུ་བཀུར་ལ།བླ་སྤྲུལ་དང་ཆོས་ལུགས་པས་བསྟན་པ་ནི་ད་གཟོད་བདེན་པར་མཐོང་ཞིང་གཙུག་ཏུ་བཀུར་ལ།བླ་སྤྲུལ་དང་དང་ཆོས་ལུགས་པས་བསྟན་པ་ནི་ད་གཟོད་བདེན་པར་འཛིན་ཞིང་སྙིང་ནས་དད།ཡོད་ཚད་བླ་སྤྲུལ་དང་ཆོས་ལུགས་པས་ཁ་ལོ་བསྒྱུར་པའི་སྤྱི་ཚོགས་འདིའི་ནང་དུ་སྒེར་ཚུགས་དང་དགག་སྒྲུབ་ཀྱི་གོ་ཆ་སྤྲས་པའི་ཤེས་ཡོན་ཅན་དག་ནི་ཇི་འདྲའི་ཉམ་ཆུང་ཨང་།བླ་སྤྲུལ་དང་ཆོས་ལུགས་པའི་མདུན་དུ་རང་གི་ཕ་མ་དང་དགེ་རྒན་སོགས་མི་བུར་མི་བརྩི་ལ།བླ་སྤྲུལ་དང་ཆོས་ལུགས་པའི་གམ་དུ་བདེན་དོན་དང་རང་དབང་ཞེས་པའང་མིང་གི་ལྷག་མ་ཙམ་མོ།།ཤེས་ཡོན་ཅན་ཚོས་ཧུར་བརྩོན་ཆེན་པོས་འཕག་འཚག་ཇི་ལྟར་བྱས་ཀྱང་རུང་།ཤེས་ཡོན་ཅན་ཚོས་ཧུར་བརྩོན་ཆེན་པོས་ང་རོ་ཆེན་པོས་བསྒྲགས་ཀྱང་རུང་།ཤེས་ཡོན་ཅན་ཚོས་དཀའ་སྡུག་ཆེན་པོས་རྒྱུ་འབྲས་བློ་མིག་ཇི་ལྟར་བརྩིས་ཀྱང་རུང་།བླ་སྤྲུལ་དང་ཆོས་ལུགས་པ་དག་གི་དབང་གྲགས་ཀྱི་མདུན་དུ་དེ་དག་ནི་རྒྱ་མཚོའི་ནང་དུ་རྡོ་འཕངས་པ་ཇི་བཞིན་ངལ་བ་འབྲས་མེད་ཁོ་ནར་ཟད།བདེན་དོན་མི་གཙོ་དབང་གྲགས་གཙོ་ཞིང་།དཔྱོད་ཤེས་མི་གཙོ་དད་པ་གཙོ་བ།ཤེས་ཡོན་མི་གཙོ་བླ་སྤྲུལ་གཙོ་བ་འདི་ནི་འུ་ཅག་གི་མི་རིགས་འདིའི་སྐྱོ་གར་ཞིག་ཡིན་ནམ་ཡང་ན་གཟི་བརྗིད་ཅིག་ཡིན་སོང་།མི་རིགས་ཀྱི་བླ་སྲོག་ཤེས་ཡོན་ཅན་མ་ཡིན་པར་བླ་སྤྲུལ་དང་ཆོས་ལུགས་པ་དག་ཡིན་པའི་འུ་ཅག་གི་ལས་དབང་ནི་ཇི་འདྲ་ཞིག་ཡིན་པ་མ་སྨྲས་ཀྱང་།དེ་ནི་ “ཁ་གདངས་ན་ཁོག་རིག”པའི་དཔེ་ལྟར་གསལ་པོར་མཐོང་མི་ཡོང་ངམ།

(2)སྲེག་སྦྱོར་གྱི་ལས་འགུལ་འདི་ལ་རྐྱེན་བྱས་ཏེ་རྔ་བ་ནས་སྐལ་བཟང་སྦྱིན་པ་དང་ཅོ་ལེབ་ཟླ་བ་སོགས་མི་བུ་བདུན་ལ་བསྙོན་འཛུགས་ཉེས་འགེལ་གྱིས་ཉིན་བཅུ་ལྷག་གི་རིང་ལ་བཀག་སྐྱིལ་བྱས་པ་རེད།དོན་རྐྱེན་དེར་དམིགས་ནས་སྐུ་ཞབས་ཞོགས་དུང་ལགས་ཀྱིས་ངག་ཐོག་རྒྱབ་སྐྱོར་གྱི་ཚུལ་གྱིས་(ལོ་རྒྱུས་ཀྱི་བརྗེད་མི་སྲིརྔ་བ་རྫོང་ནས་བཀག་སྐྱིལ་ཐེབས་པའི་སྤུན་གྲོགས་སྐལ་བཟང་སྦྱིན་པ་དང་ཅོ་ལེབ་ཟླ་བ་སོགས་ལ་སྤྲིངས་པའི་འཕྲིན)ཞེས་པ་སྤེལ་ཏེ་དྲང་བདེན་སྐྱོང་བའི་བླ་ལྷག་གི་འདུན་པ་དྲག་པོ་མཚོན་པར་བྱས། ངག་ཐོག་རྒྱབ་སྐྱོར་གྱི་འཕྲིན་ཡིག་འདི་ཐོག་མར་བོད་མིའི་རིག་གནས་དྲ་རྒྱའི་(藏人文化网)སྟེང་དུ་བུད་མེད་རྩོམ་མཁན་འོད་ཟེར་ལགས་ཀྱི་རྒྱ་ཡིག་ཟིན་བྲིས“绛红色的地图

ཞེས་པར་སྦྱར་བྱང་གི་ཚུལ་དུ་སྤེལ་བ་དང་། དེའི་འཕྲོར་ཁོ་བོའི་རྒྱ་ཡིག་ཟིན་བྲིས་ “燃烧的思想”ཞེས་པར་བཀོད། འཕྲིན་ཡིག་འདི་སྤེལ་མ་ཐག་གྲོགས་ཁྲི་སེམས་དཔའ་ལགས་དང་ངེད་གཉིས་ཀྱིས་ཀྱང་རྒྱབ་སྐྱོར་ཤུགས་ཆེན་བྱེད་པའི་སེམས་བྱུང་གིས་རང་གི་མིང་རྟགས་(སྨྱུག་མིང)བཀོད་དེ་སྦྱར་བྱང་སྤེལ་བ་ཡིན།

དོན་རྐྱེན་འདི་འདྲ་ཞིག་བྱུང་བར་ཚང་མས་སེམས་ཀྱིས་མི་བཟོད་ཅིང་ཞེ་སྤོ་གཏིང་ནས་ལངས་ཀྱི་ཡོད་ནའང་།ཤེས་ཡོན་ཅན་གྱི་སྡེ་ན་ཁ་བཤད་ཙམ་ལས་ལག་ལེན་གྱི་ངག་ཐོག་རྒྱབ་སྐྱོར་བྱས་མཁན་ཤིན་ཏུ་ཉུང་བ་རེད།འཕྲིན་ཡིག་འདི་སྤེལ་བའི་སྒང་ལའང་ང་ཚོས་ཉེ་འཁོར་གྱི་ལས་གྲོགས་དང་གྲོགས་པོ་དག་ལ་ངག་ཐོག་རྒྱབ་སྐྱོར་བྱེད་པར་བསྐུལ་མོད།ཚང་མས་གོང་གི་འཕྲིན་ཡིག་འདི་ལ་མྱོང་རོལ་བྱེད་པ་ཙམ་ལས་རྒྱབ་སྐྱོར་བྱེད་མི་ནི་ཉིན་མོའི་སྐར་མའི་དཔེ་རུ་གྱུར།དེ་བས་འུ་ཅག་གི་ཤེས་ཡོན་ཅན་དུ་རློམ་པ་ཕལ་མོ་ཆེ་ནི་ནམ་ཡང་ལག་པ་ཕུ་རུང་དུ་བསྡུས་པའི་ལྟད་མོ་པ་ཡིན་པ་ལས།ཕུ་ཐུང་དཔུང་རྩར་འརྫེས་པའི་ལག་ལེན་པ་ནི་མ་ཡིན་ནོ།།ད་ལྟའི་སྤྱི་ཚོགས་ལ་མཁོ་བ་ནི་མི་རིགས་ཀྱི་བདེ་སྡུག་ཐེད་ལ་བོར་བའི་མཁས་པ་དག་མིན་ལ།བྱ་གཞིའི་(课题)རྣམ་གྲངས་གཉེར་བའི་ཞིབ་འཇུག་པ་དག་ཀྱང་མིན།ད་ལྟའི་སྤྱི་ཚོགས་ལ་མཁོ་བ་ནི་སྒྱུ་རྩལ་གྱི་གསེར་ཁྲི་སྙེག་པའི་སྙན་ངག་པ་དག་མིན་ལ།ཡི་གེ་རོལ་རྩེད་ལ་བྱང་བའི་རྩོམ་པ་པོ་དག་ཀྱང་མིན།ལྡོག་སྟེ་རང་རེ་ལ་མཁོ་བ་ནི་སྤྱི་ཚོགས་ལ་ཧུར་བརྩོན་གྱིས་འཇུག་ཅིང་རྒྱུ་འབྲས་བློ་མིག་གསལ་བའི་ལག་ལེན་པ་ཡིན་ལ།ཡང་གཅིག་བཤད་ན་འུ་ཅག་ལ་མཁོ་བ་ནི་རང་གི་རྒྱུས་པ་ཕྱུང་ནས་དཔལ་འབར་སྒྲོན་པའི་ཤེས་ཡོན་ཅན་རྣམ་མའི་སྙིང་སྟོབས་སོ།། (3)སྤྱིར་ན་འུ་ཅག་གི་ལོ་རྒྱུས་ཀྱི་བྱུང་བ་གལ་ཆེན་རེ་དང་ཡང་ན་གནད་འགག་གི་སྐབས་གང་ཞིག་ལ་འཕྲད་ན་ཡང་ཧོར་རྒྱུག་བྱེད་པར་དགའ་ཞིང་།རི་བོང་ཅལ་འདྲོགས་ཀྱི་རྣམ་ཐར་སྐྱོང་བར་སྤྲོ་སྟེ།གཟབ་ནན་དཔྱོད་ལྡན་གྱི་རྟོག་དཔྱོད་མེད་པ་དང་མིག་རྒྱང་རིང་པོའི་མནོ་བསམ་མི་གཏོང་བ་ནི་འུ་ཅག་གི་སྐྱོན་ཆེས་ཤོས་ཤིག་ཏུ་སྣང་།འཚོ་བའི་ཁྲོད་ཀྱི་དཔེ་ཆུང་ཆུང་ཞིག་གི་སྒོ་ནས་བརྗོད་ན་ཡང་།མི་ཆེ་གེ་མོས་བཤད་པ་དེ་བདེན་འདུག་ཅེས་བརྗོད་ཚེ་ཚང་མ་དེའི་ཕྱོགས་སུ་རྒྱུགས་པར་བྱེད་ལ།ཡང་མི་ཆེ་གེ་མོས་བཤད་ནཔ་དེ་ནོར་འདུག་ཅེས་བརྗོད་ཚེ་ཚང་མས་དེར་རྒྱབ་གཏོད་ཅི་ཐུབ་བྱེད་པ་རེད།དགེ་ཆོས་ལགས་ཀྱིས(ཀླུ་སྒྲུབ་དགོངས་རྒྱན)དུ་གསུངས་པའི་རྒྱལ་པོ་སྨྱོ་ཆུ་འཐུང་མཁན་དེའང་ཧོར་རྒྱུག་མཁན་ཞིག་རེད་ཅེས་སུས་སྨྲ་བར་སྤོངས།འདིར་ཁོ་བོས་རྒྱན་ལྤགས་སྲེག་སྦྱོར་གྱི་ལས་འགུལ་དེ་ལ་ཧོར་རྒྱུག་གི་ཆ་ལྡན་ནོ་ཞེས་དེར་སྐྱོན་བཙལ་བ་དང་དམའ་ཕབ་པ་ནི་གཏན་ནས་མིན་ན་ཡང་།ལས་འགུལ་འདིའི་སྟེང་ནས་ཀྱང་འུ་ཅག་ལ་ཆེས་མ་མཐའ་ཡང་དཔྱོད་ཤེས་དང་གཟབ་ནན་དཔྱོད་ལྡན་གྱི་སྲོལ་རྒྱུན་མེད་པར་ཧོལ་རྒྱུག་དང་རྩིང་རག་གི་ཆ་ལྡན་པ་ནི་ངེས་པར་དུ་ཁས་ལེན་དགོས་པ་ཞིག་རེད།འུ་ཅག་ནི་དཔྱོད་ཤེས་དང་ལྡན་པའི་མི་རིགས་ཤིག་མ་ཡིན་པས་ན།ནམ་ཡང་མི་ཉིད་ཀྱི་རྩིས་ཐང་དང་མི་གཞི།ཁེ་དབང་དང་སྒེར་ཚུགས་བཅས་དང་རིང་དུ་གྱེས་ཤིང་།འུ་ཅག་ནི་ཧོལ་རྒྱུག་ཅལ་འདྲོགས་བྱེད་པར་གོམས་པའི་མི་རིགས་ཤིག་ཡིན་པས་ན།ནམ་ཡང་རྗེས་ལུས་དང་རྨོངས་དད།བག་འཁུམ་དང་གཉའ་གནོན་གྱི་ངང་ནས་འཚོ་དགོས་བྱུང་བ་རེད།

                                            དྲ་སྐུད་ལ་བརྒྱུས་པའི་ཀ་མད་སུམ་ཅུ།
ཚན་རྩལ་ཡར་ངོའི་ཟླ་བཞིན་འཕེལ་བའི་དུས་རབས་འདིའི་ནང་དུ་དྲ་བ་ནི་འུ་ཅག་གི་འཚོ་བའི་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་དང་འགྱུར་བཞིན་ཡོད་པ་དང་།དྲ་བ་འདི་བྱུང་བས་མི་རྣམས་ཀྱི་རིན་ཐང་ལྟ་ཚུལ་དང་།འཚོ་བ་རོལ་སྟངས།དགའ་ཁ་འཁྱེར་ཕྱོགས།བསམ་གཞིག་གཏོང་སྟངས་སོགས་ལའང་སྣུམ་གྱིས་ཟིན་པ་ལྟར་དངོས་ཤུགས་གང་རུང་ནས་ཤུགས་རྐྱེན་ཐེབས་བཞིན་པ་ནི་བསྙོན་དུ་མེད།འུ་ཅག་ལ་དྲ་བ་དར་རྒྱས་བྱུང་ནས་ལོ་ངོ་མང་པོ་འགོར་མེད་ནའང་། ད་ལྟ་མི་མང་པོ་ཞིག་གིས་རྩིས་འཁོར་གྱི་མདུན་དུ་འཚང་ཁ་ཤིག་ཤིག་བྱེད་ཅིང་། ཕབ་གཞུང་སྟེང་མཛུབ་མོས་ཡང་ཡང་རྡེག་བཞིན་དྲ་སྐུལ་ལ་བརྒྱུས་པའི་འོད་ལམ་ལམ་གྱི་ཀ་མད་སུམ་ཅུའི་ཚིག་གི་ཕྲེང་དེ་དག་འཛམ་གླིང་རིལ་མོའི་སྒང་ལ་རིས་མེད་དུ་གཏོར་གྱིན་ཡོད་པ་རེད།

ལྷག་པར་དུ་2006ལོའི་ཟླ་5པར་“བོད་ཀྱི་སྐད་ཡིག་དྲ་ཚིགས ”ཀྱིས“བོད་ཡིག་ཟིན་བྲིས ”སྤེལ་བ་ནས་བཟུང་ཟིན་བྲིས་འབྲི་མཁན་དང་དེར་ལྟ་མཁན་ནི་ཆར་ཤུལ་གྱི་ཤ་མོ་བརྡོལ་བ་ཇི་བཞིན་མང་དུ་བྱུང་བ་དང་།དུས་མཚུངས་སུ་“གངས་ལྗོངས་གཞོན་ནུ་དྲ་ཚིགས ”དང“མཆོད་མེ་བོད་རྩོམ་རིག་དྲ་བ”“ཧི་མ་ལ་ཡ་གློག་བརྙན་རིག་གནས་དྲ་ཚིགས”སོགས་སུའང་གཏམ་བརྗོད་དང་སྦྱར་བྱང་མང་པོ་སྤེལ་གྱིན་འདུག་པས་མཐོ་སྒང་གི་ཡུལ་གྲུ་འདི་རུ་དྲ་བར་འཇུག་པའི་མཐོ་རླབས་ལྟ་བུ་འཕྱུར།དྲ་བའི་སྟེང་རིག་གནས་དང་བསམ་བློ།སྤྱི་ཚོགས་དང་ཆབ་སྲིད།རྩོམ་རིག་དང་སྒྱུ་རྩལ་སོགས་བགྲོ་གླེང་བྱེད་སའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཡོད་ལ།དྲ་བའི་སྟེང་མི་རྣམས་ལ་རང་ཉིད་ཀྱི་དྲན་འཆར་ཡོད་ཚད་སྦ་གསང་མེད་པར་ལྷུགས་པོར་བརྗོད་ཆོག་པའི་སྟེགས་བུ་ཞིག་ཀྱང་མཁོ་སྤྲོད་བྱས་ཡོད།དྲ་བས་མི་ཉིད་ལ་ཀྱི་སྨྲ་བརྗོད་རང་དབང་གི་ཁེ་དབང་དེ་མི་བུ་རེ་རེར་སྤྲད་ཡོད་ལ།དྲ་བས་མི་ཉིད་ཀྱི་སྒེར་ཚུགས་ཀྱི་རྩིས་ཐང་དེ་མི་བུ་རེ་རེར་གནངས་ཡོད།དྲ་བ་ལ་འུ་ཅག་གི་རྩོམ་སྒྲིག་པའི་ཕྱག་གི་གཞོག་གཅོད་གཏུབ་གསུམ་གྱི་“སྟ་རེ”དེ་ཐོགས་མེད་ལ།དྲ་བ་ལ་འུ་ཅག་གི་ཆེན་པོ་དག་གི་དབང་གྲགས་དེའང་མི་མངའ།དེ་བས་དྲ་བས་དུས་རབས་འདི་གསར་དུ་བསྐྲུན་པ་དང་།དུས་རབས་ཀྱིས་སླར་ཡང་འུ་ཅག་ལ་དྲ་བའི་ལེགས་སྐྱེས་འདི་བགོ་སྐལ་དུ་བསྩལ་བྱུང་།དྲ་བ་འདི་ལེགས་པར་བེད་སྤྱོད་གཏོང་ཤེས་ན་གོང་གི་དགེ་མཚན་འདི་དག་མཆིས་ཤིང་།དེ་ལས་ལྡོག་ཚེ་སྨྱོན་པའི་ལག་ཏུ་རལ་གྲི་ཤོར་བ་བཞིན་གང་སར་གཡུག་སྟེ་ཕན་ཚུན་བར་མི་གཞི་དམའ་འབེབ་དང་ཁྱད་གསོད།ཡང་ན་གསེག་འདྲི་དང་ཀླན་ཀ་འཚོལ་བ།གཟུ་ལུམ་གྱི་གཏམ་སྨྲ་བ།དགོས་མེད་ཀྱི་གཏམ་སྨྲ་བ།ཉོག་གཏམ་སྨྲ་བ་སོགས་ཀྱི་ཡོ་བྱད་ཅིག་ཏུ་གྱུར་འགྲོ་གི་ཡོད་པ་རེད།ད་ལྟའི་འུ་ཅག་གི་དྲ་བའི་གནས་བ་ལ་གཞིགས་ན་ཕལ་ཆེར་ལྡོག་ཕྱོགས་ཀྱི་ནུས་པ་འདི་ཅུང་ཤུགས་ཆེ་བར་སྣང་སྟེ།དྲ་བ་འདི་བརྒྱུད་ནས་རང་རེའི་བསམ་བློ་རིག་གནས་ཀྱི་བགྲོ་གླེང་གི་ཁོར་ཡུག་དེ་འཁྲུག་ཆ་དོད་པོ་དང་ཕུན་སུམ་ཇེ་ཚོགས་སུ་མི་གཏོང་བར་ཡི་གེའི་གད་སྙིགས་སྤུངས་ས་ཞིག་ཏུ་བཏང་དང་གཏོང་བཞིན་པ་ནི་ཇི་འདྲའི་ཕངས་པ་ལ་ཨང་།སྤྱིར་ན་བསམ་བློ་དང་དངོས་པོའི་དཔལ་ཡོན་གང་ཞིག་ཡིན་ཡང་འུ་ཅག་གངས་རིའི་ར་བས་བསྐོར་བའི་ཡུལ་དུ་བསླེབས་ཚེ་དེའི་ངོ་བོ་འགྱུར་འགྲོ་བ་ནི་ཆོས་ཉིད་ཅིག་ཏུ་སྣང་བས་བྱ་ཐབས་ཟད།

ཉེ་ཆར་རྒྱའི་རང་དབང་རིང་ལུགས་ཀྱི་མཁས་པ་ལིའུ་ཅུན་ཉིན(刘军宁)ལགས་ཀྱིས་ཀྲུང་གོའི་ “རིག་རྩལ་བསྐྱར་དར་ནི་ཟིན་བྲིས(博客)ནས་མགོ་རྩོམ་དགོས”ཞེས་འབོད་སྐུལ་ཡང་ཡང་གཏོང་བ་བཞིན་དུ།འུ་ཅག་གིས་ཀྱང་དྲ་བ་དང་ཟིན་བྲིས་དེ་རིག་གནས་གསར་པ་དང་བསམ་བློ་གསར་པའི་མེ་ཁ་གསོ་བྱེད་ཅིག་དང་།ཡང་ན་དྲ་སྐུད་ལ་བརྒྱུས་པའི་ཀ་མད་སུམ་ཅུ་འདི་འཕག་འཚག་གི་ང་རོ་སྒྲོག་ཅིང་རང་དབང་གི་གླུ་གཞས་ལེན་སྤྱད་ཅིག་ཏུ་བཏང་ན་ཅིས་མི་ཆོག

རྩོམ་ཁུངས། ༢༠༠༧ལོའི་ཤར་དུང་རི།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔེ་ཁང་ཕྱི་ཡི་ “གསར་བརྗེ”དང་ནང་གི་མནོ་བསམ། ༡

2009-10-29 མེ་ལྕེ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།