རྟོགས་སད་མེད་པའི་མི་གཤིས།

འགྱན་སངས་རྒྱས་དོན་འགྲུབ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-10-23

མི་གཤིས་ནི་མི་རིགས་གང་དེ་ལོ་རྒྱུས་ཀྱི་དུས་སྐབས་དེའི་ནང་མི་སེར་གྱི་སེམས་ཁམས་དང་བྱ་སྤྱོད་སྟེང་ནས་ཕྱིར་མངོན་ཚུལ་ཙམ་དུ་ངོས་འཛིན།བོད་བརྒྱུད་ཐུབ་བསྟན་ནི་ང་ཚོའི་སྲོལ་རྒྱུན་རིག་གནས་ཀྱི་སྲོག་ཤིང་དུ་གྱུར་བའི་ཆ་ནས་བོད་པའི་སྲོལ་རྒྱུན་གྱི་མི་གཤིས་དེ་བསྐྱེད་པར་མ་ཟད།དེང་རབས་མི་གཤིས་ཀྱི་འཕོ་འགྱུར་ལའང་ཤུགས་རྐྱེན་ཅི་རིགས་ཐེབས་བཞིན་ཡོད།བོད་པའི་སྲོལ་རྒྱུན་གྱི་གཤིས་ཀ་ནི་བོད་བརྒྱུད་ཐུབ་བསྟན་རིག་གནས་ཀྱི་གོང་ཐང་ལྟ་བུའི་རྨང་གཞིའི་སྟེང་ཡུན་རིང་གི་ཞིང་འབྲོག་ཐོན་སྐྱེད་རྣམ་པ་དང་སྤྱི་ཚོགས་སྒྲིག་གཞི།དཔལ་འབྱོར།རིག་གནས་འཁྱེར་སོས་བསྐྱེད་པ་ཞིག་སྟེ།ཐུན་མིན་དུ་གྱུར་པའི་མི་ཕན་ཚུན་བར་གྱི་འབྲེལ་འདྲིས་དང་ནམ་རྒྱུན་གྱི་སྤྱོད་སྟངས།རང་གཤིས།གོང་ཐང་འཁྱེར་སོ་སོགས་ཀྱི་སྤྱིའི་མངོན་ཚུལ་ཙམ་མོ།།བོད་པའི་གཤིས་ཀ་ལ་རིགས་སྣ་ཚོགས་པ་ཞིག་ཡོད་ཀྱང་དེ་རྣམས་ཆེ་ཕྱོགས་ནས་རིགས་གཉིས་སུ་བསྡུས་ཆོག་སྟེ།

དང་པོ་ནི་ཆོས་དབོན་གཉིས་ཀྱི་ཀུན་སྤྱོད་ཚད་གཞི་དང་བསམ་བློ་མ་ལག་གིས་བསྐྱེད་པའི་མི་གཤིས་ཏེ།འདིའི་རིགས་ལ་སྟོན་པའི་གསུང་ཁོ་ན་ཚད་མར་འཛིན་ཞིང་ཐམས་ཅད་ལས་ལ་བཅོལ་བ་ལས་གནས་ལུགས་ལ་དཔྱོད་པར་སྒྱུད་ལུག་པ།ཅི་བྱེད་གཞན་གྱི་བཀའ་ལ་ཉན་པའི་འདུ་ཤེས་དྲག་པས་རང་གཤིས་ངོ་མ་རྩད་ནས་བོར་བ།ཀུན་སྤྱོད་ཁོ་ན་གཙིགས་སུ་འཛིན་ཞིང་རང་དབང་རང་ཚུགས་དམན་པར་འཛིན་པ།མཆོག་གསུམ་བླ་ན་བཀུར་ཞིང་འཇིག་རྟེན་གྱི་སྐྱེ་བོ་རྣམས་དམན་པར་འཛིན་པ།ཕྱི་མ་དོན་དུ་གཉེར་ཞིང་ཚེ་འདི་ཡལ་བར་འདོར་བ།བཟོད་པ་མི་གཤིས་ཀྱི་མཆོག་ཏུ་ལྟ་བས་འགྲན་རྩོད་ཀྱི་འདུ་ཤེས་ཞན་དྲགས་པ་སོགས་ཀྱི་ཁྱད་རྟགས་མངོན་ཆེ།ཁོ་ཚོས་ཞི་བདེ་དོན་གཉེར་དང་ཞི་དུལ་བག་ཡོད་ནི་འཇིག་རྟེན་འདིར་འཚོ་ཞིང་གནས་པའི་མི་ཞིག་ལ་ཚང་དགོས་པའི་སྤྱིར་བཏང་གི་ཀུན་སྤྱོད་ཚད་གཞི་ཡིན་པར་འདོད་ཅིང་།ནམ་རྒྱུན་འཚོ་བའི་ཁྲོད་མཐོང་ཐོས་དང་ཁེ་གྲགས་གང་ཡང་མི་སེམས་པས་དྲང་ལྡོག་བཟང་ངན་དགེ་སྐྱོན་རྣམས་ལ་དཔྱད་མི་ཚུགས་ཤིང་།གཞན་བརྟེན་གྱི་བསམ་པ་ནམ་ཡང་མི་འདོར་བར་བློ་བདེ་བག་ཕེབས་ཀྱིས་ཉིན་མཚན་ཁོར་མོ་ཡུག་ཏུ་འདའ་བ་ནི་མི་གཤིས་ཀྱི་རྟོགས་པ་ད་དུང་མ་སད་པའི་མངོན་རྟགས་ཏེ་ང་ཚོ་བོད་པ་རྣམས་ཀྱི་ཁྱད་གཤིས་གཙོ་བོར་སྣང་།དེའི་རྐྱེན་གྱི་ཐོན་སྐྱེད་འབྲེལ་བའི་ཁྲོད་ཕྱི་དངོས་པོའི་ལངོས་སྤྱོད་ལས་ནང་སེམས་ཀྱི་བདག་ཉིད་གདུལ་བ་དེ་མི་ཕན་ཚུན་བར་གྱི་འབྲེལ་བའི་རྨང་གཞིར་བྱེད་ཅིང་།མི་གཤིས་ཀྱི་མཐར་ཐུག་གི་རེ་བ་མི་བདག་གཞན་མཉམ་བརྗེའི་སེམས་ཏེ་ཁེ་དང་རྒྱལ་ཁ་གཞན་ལ་སྟེར།གྱོང་དང་ཕམ་ཁ་རང་གིས་འཁུར་བའི་མི་ཆོས་ཀུན་སྤྱོད་ཀྱི་ལྟ་བ་ལྡན་རྒྱུ་དེ་ཡིན་ལ།དེའང་བརྣབ་སེམས་དང་ཧམ་སེམས་ཕར་ཞོག་གཞན་ལ་འགྲན་སེམས་ཙམ་ཡང་མི་སྐྱེ་བའི་དམ་པ་ལྷ་ཆོས་ཀྱི་ཀུན་སྤྱོད་ལ་ཐུག་ཡོད་པས།ཚད་ངེས་ཅན་ཞིག་གི་སྟེང་ནས་བོད་པའི་མི་གཤིས་གསར་བའི་འཕེལ་རྒྱས་ལ་བཀག་ཐེབས་ཀྱིན་ཡོད།

རིགས་གཉིས་པ་ནི་སྲོལ་རྒྱུན་རིག་གནས་ཀྱི་དབང་དུ་ཆེར་མ་ཚུད་པའི་མི་གཤིས་ཏེ།འདི་བ་ཚོས་ནང་མིའང་གཉེན་ཉེའི་ཤ་ཁྲག་གི་འབྲེལ་བདེ་སྤྱི་ཚོགས་དང་མི་ཕན་ཚུན་བར་གྱི་འབྲེལ་བའི་གཙོ་བོར་བྱེད་པས་རིགས་ཀྱི་འདུ་ཤེས་དང་སྤྱི་ཕན་གྱི་ལྟ་བ་ཞན་དྲགས་པའི་ཆ་ནས་ཉེ་རིང་ཆགས་སྡང་དང་ཕྱོགས་ཞེན་འཐེན་འཁྱེར་གྱི་ལས་སྟངས་ལ་ཡ་མི་ང་ཞིང་།རང་དོན་དང་གཞན་དོན།རང་ཚིས་དང་སྤྱི་ཚིས།རང་ཕྱོགས་དང་གཞན་ཕྱོགས་ཀྱི་རྣམ་དབྱེ་འབྱེད་ལ་དེ་བས་ཀྱང་སེམས་དཔའ།འདི་ལྟ་བུའི་སྣང་ཚུལ་དང་ཉེ་བར་འབྲེལ་ནང་བྱུང་བའི་འབྲས་བུ་ནི།ཇི་སྐད་དུ་རྗེ་མི་ལས།མི་ནི་མ་བཅོའ་སྔོན་གྱི་མི།།གཏམ་ནི་མ་བཅོས་དྲང་བོར་སྨྲ།།སྤྱོད་པ་མ་བཅོས་ལྷོད་ལྷོད་པོ།།ཞེས་གསུངས་པའི་སྔོན་གྱི་བོད་པ་ཚོའི་མི་གཤིས་དང་སྤྱོད་སྟངས་བཟང་བོ་དག་ལ་ཁ་སང་དེ་རིང་ང་ཚོའི་སྤྱི་ཚོགས་སྟེང་རྒྱུག་ཆེ་བའི་གཤིས་ཀ་སྟེ་ཕྱི་ལེགས་ནང་སྐྱོན།ཕྱི་འཇམ་ནང་རྩུབ།ཁ་དཀར་གཏིང་ནགམགོ་བདེ་དྲན་འཕྲུལ།ངོ་ལྐོག་གཡོ་ལྷད།ཚུལ་འཆོས་ཟོག་རྫུ།མི་སྔོན་གྱི་ཇོ་བཟང་སོགས་ཀྱི་བསམ་ཚུལ་དང་ལས་སྟངས་ཀྱི་སླད་ཞུགས་ཚར་བ་དེ་ཡིན་པས།ད་ལྟའི་དུས་ནི་ང་ཚོར་མཚོན་ན་ར་གན་གསེར་ལས་བྲིན་པའི་བསྐལ་བའོ་ཞེས་ཀྱང་སྨྲ་མཆི།མི་གཤིས་ཀྱི་རིགས་འདི་ང་ཚོར་མཚོན་ན་ལྷག་ཏུ་སྐྱི་གཡའ་དགོས་པའི་གནས་ཏེ་དེ་ཚོས་ནང་ཁུལ་གཅིག་གྱུར་ཡོང་བ་ལ་མར་འཐེན་གྱི་གཏིང་རྡོ་བྱེད་བཞིན་ཡོད་པས་སོ།།

ཁྱིམ་ཚང་ནང་ཁུལ་ལ་མཚོན་ན་ཕ་བུའི་འབྲེལ་བ་ནི་ཁྱིམ་ཚང་དེའི་སྲོག་ཤིང་སྟེ་ཕ་ཤུལ་བུས་འཛིན་པའི་སྲོལ་ནི་ཞིང་འབྲོག་ཤེས་རིག་ཁྲོད་ཀྱི་སྤྱི་ཚོགས་རྒྱུན་འཛིན་སྟངས་གཙོ་བོར་གྱུར་ཡོད།ལྷག་པར་དུ་ཞིང་ལས་ཤེས་རིག་གིས་ང་ཚོའི“སྐྱེས་པའི་དུས་རབས”ཀྱི་སྤྱི་ཚོགས་དཔལ་འབྱོར་རྨང་གཞི་ཇེ་བརྟན་དུ་བཏང་བས་ཕོ་མཆོག་མོ་དམན་དུ་ལྟ་བའི་འདུ་ཤེས་རྙིང་བའི་དྲི་མ་དུས་རབས་ཉེར་གཅིག་པའི་བསྐལ་བ་འདི་ལའང་བོད་མིའི་ཀུན་གཞིའི་ངོས་ན་ད་དུང་མ་ཡལ་བར་ཡོད་དེ།བཀས་བཀོད་རྒྱུན་འཛིན་སྤྱི་ཚོགས་ཀྱི་མཚོན་རྟགས་སུ་བཤད་པའི་མི་བཙུན་བཀའ་ལ་མི་གདགས་པའམ་བུད་མེད་ཀྱི་ཁ་ལ་མི་ཉན་པ་ནི་སྤྱི་ཚོགས་གསར་བའི་བོད་པ་ཚོའི་ཁྱོ་བོའི་དབང་ཆ་དང་རུས་རྒྱུད་ཀྱི་དབང་ཆའི་མཚོན་སྟངས་སོ།།ཡང་གཅིག་བཤད་ན།ཁ་བ་རི་བའི་བུད་མེད་ཚོའི་གནས་བབའདི་ཐམས་ཅད་གཞན་སུ་ཞིག་གིས་ཀྱང་བསམ་གཟས་ནས་བྱས་པ་མེད་པར་བུད་མེད་རང་ཉིད་ཀྱིས་བསྐྱེད་པ་ཡིན་ཏེ།རིག་གནས་དང་སློབ་གསོས་བྱས་པ་མིན་ལ།ཆོས་ལུགས་ཀྱིས་བྱས་པའང་མིན།ལྷག་པར་དུ་ང་ཚོའི་ཆོས་ལུགས་ལ་འདིའི་ཕྱོགས་ན་ཕྱོགས་ཞེན་ཉེ་རིང་ཆགས་སྡང་གི་དབང་དུ་མ་སོང་བར་གནས་ལུགས་ཀྱི་སྟེང་ནས་དཔྱད་པའི་དགོངས་པ་མངོན་གསལ་ལྡན་ཏེ།ཇི་སྐད་དུ།ཀུན་གཞི་སེམས་ལ་ཕོ་མོ་མ་མཆིས་ཤིང་ཞེས་པ་ལྟར་ལུས་རྟེན་གྱི་ནས་ཕོ་མོའི་ཁྱད་པར་ཙམ་ཕྱེ་ཡོད་པ་མ་གཏོགས་ངོ་བོའི་སྟེང་ནས་ཕོ་མོའི་དབྱེ་བ་མ་མཆིས་པར་གཉིས་ཀ་འདྲ་མཉམ་ཡིན་པར་སྒྲུབ་ཏེ།རྒྱུད་ལས་ཀྱང་།བུད་མེད་སྨད་པར་མི་བྱ་བ།དམ་ཚིག་ཀུན་གྱི་རྩ་བ་ཡིན།།ཞེས་དང་གསང་བ་སྒྲུབ་པའི་རྣལ་འབྱོར་མ།།མི་ལུས་བྱང་ཆུབ་སྒྲུབ་གཞི་ལ།།ཕོ་མོ་དམན་ལུས་ཁྱད་པར་མེད།།སེམས་བསྐྱེད་ལྡན་ན་མོ་ལུས་ལྷག།ཞེས་པ་ལྟར་ལེགས་ན་ཡེ་ཤེས་ཀྱི་མཁའ་འགྲོ་མའི་སྤྲུལ་བར་ཐག་མ་བཅད་པ་འགའ་ཡང་མེད་ལ།ཉེས་ན་ཇི་སྐད་དུ།ལེ་ཆེན་བེེ་རོས།བུད་མེད་བྱ་བ་བཙན་དུག་ཧ་ལ་ཡིན།།སེམས་ཅན་གང་གིས་ཟོས་ཀྱང་འཆི་བར་འགྱུར།།བུད་མེད་བྱ་བ་ལས་ཀྱི་སྲིན་མོ་ཡིན།།སེམས་ཅན་གང་གིས་འཁོར་ཡང་ལ་འུར་འཆི།།ཞེས་དང་རྗེམི་ལ་རས་པས།ཁྱེད་མགོ་ལ་རྡོ་ཁུར་གྱི་རང་རྩིས་ཅན།།རང་ལ་རྩོད་མེད་ཀྱི་ཕུང་རྡོ་མ།།མི་ལ་མི་ཤོར་རང་གིས་ལེན།།ལུས་ལ་དམར་སྨུག་གི་ནང་རུལ་མ།།ཡིད་ལ་ཁྱོ་འདོད་ཀྱི་གཞུང་ངན་མ།།ལར་ཕུང་གི་རྩ་བ་བུད་མེད་ཡིན།།ཞེས་པ་ལྟར་གནོད་སྦྱིན་སྲིན་མོ་ཤ་ཟ་འབྱུང་བོ་ཕྲ་མེན་མའི་གཟུགས་སུ་བཞེངས་མཁན་ཡང་ཁོ་མོ་ཚོ་ཡིན།འོ་ན་ཁོ་མོ་ཚོའི་གནས་བབ་རང་ཉིད་ཀྱིས་ཇི་ལྟར་བསྐྱེད་པ་ཡིན་ཞེ་ན།དེ་ཡང་གཙོ་བོ་བུད་མེད་ཚོའི་མི་གཤིས་སམ་རང་གཤིས་ཐུན་མོང་བ་དེ་ལ་རག་ཆེས་ཆེར་ལས་ཡོད་པར་ང་ཚོས་སེམས་ཏེ།དེའི་སྐོར་ས་སྐྱ་བ་བསོད་ནམས་རྒྱལ་མཚན་གྱིས་རྒྱལ་རབས་གསལ་བའི་མེ་ལོང་ན།བོད་ཁ་བ་ཅན་པའི་མི་རྣམས་ཕ་སྤྲེའུ་དང་མ་བྲག་སྲིན་མོ་གཉིས་ལས་ཆད་པར་བཤད་ནས།རིགས་གཉིས་སུ་ཕྱེ་ཡོད་དེ།“དེ་ལ་ཕ་སྤྲེའུ་བྱང་ཆུབ་སེམས་དཔའི་རིགས་སུ་གྱུར་བ་རྣམས་ནི་ངང་རྒྱུད་རིང་བ།དད་པ་ཆེ་བ།སྙིང་རྗེ་ཆེ་བ།བརྩོན་འགྲུས་ཆེ་བ།དགེ་བ་ལ་དགའ་བ།ཚིག་འཇམ་པ།སྨྲ་མཁས་པ་དེ་ནི་ཕའི་རིགས་སོ།མ་བྲག་སྲིན་མོའི་རིགས་སུ་གྱུར་བ་དེ་ནི་འདོད་ཆགས་དང་ཞེ་སྡང་ཆེ་བ།གད་མོ་ཆེར་དགོད་པ།ལུས་སྟོབསདང་སྙིང་སྟོབས་ཆེ་བ།སྤྱོད་པས་སྐད་ཅིག་ཀྱང་མི་ཚུགས་པ།བློ་སྣ་མང་བ།བྱེད་རྐྱེན་པ།དུག་ལྔ་རྒྱས་པ།གཞན་གྱི་སྐྱོན་ཐོས་ན་དགའ།ཁྲོ་གཏུམ་པ་དེ་ནི་མའི་རིགས”ཞེས་མི་རྒྱུད་རིག་པའི་ལྲ་བ་སྤྱད་དེ་བོད་གངས་ཅན་པའི་སྐྱེས་པ་བུད་མེད་གཉི་གའི་མི་གཤིས་བསྡུར་ནས་དཔྱད་ཡོད་པ་བལྟས་ཚོད་ཀྱིས་རྩོམ་པ་པོ་ཁོང་ཉིད་སྐྱེས་པ་ཡིན་པའི་ཆ་ནས་ཕྱོགས་རིས་ཀྱི་དབང་དུ་སོང་སྟེ་བུད་མེད་ཚོ་དམའ་ཕབ་ཡོད་པ་ལྟར་སྣང་ཡང་།དོན་ལ་ང་ཚོའི་བུད་མེད་ཚོའི་གཤིས་ལུགས་ངོ་མ་གསལ་རྗེན་དུ་བསྟན་པ་དེའོ།།མི་གཤིས་ཀྱི་ཞན་ཆ་འདི་དག་འཇི་རྟེན་བུད་མེད་སྤྱི་ལ་ཐུན་མོང་དུ་གྲུབ་པ་རང་རིགས་ཀྱི་མཁས་པ་ཚོ་ཁོ་ན་མ་ཡིན་པར་ཕྱི་གླིང་ལ་མཚོན་ནའང་དེ་བཞིན་ཏེ་ཏན་ཐེ་ནས་ཀིར་ཐི་དང་ཞུས་ཕེན་ཧ་ཝུར།ནིས་ཆ་བར་གྱི་མཚན་ཉིད་མཁས་ཆེན་ཚོས་ཀྱང་ཁོང་ཚོའི་བུད་མེད་ཚོ་མིག་རྒྱང་ཐུང་བ། ཐོས་རྒྱ་ཆུང་བ། མཐོང་རྒྱ་མེད་པ། སེམས་རྒྱ་དོག་པ། དཔྱོད་འཇུག་མེད་པ། ཡིད་མི་གཞུང་བ། དྲང་བདེན་བོར་བ། བག་མེད་པ། གནས་ལུགས་མི་བརྩི་བ། གྱ་གྱུ་ཆེ་བ། རྫུན་ལ་མཁས་པ། འདང་རྒྱག་མི་ཤེས་པ།བླང་དོར་ལ་བལྟ་བའི་བློ་མིག་གིས་ལྡོངས་པ་སོགས་ཀྱི་སྐྱོན་མཚང་གསལ་རྗེན་དུ་བྲུས་ཡོད་དེ།ཞུ་ཕེན་ཧ་ཝུར་གྱིས“ཁོ་མོ་ཚོ་ནམ་ཡང་བསམ་ཤེས་རྒྱུ་མེད་པའི་བྱིས་པ་རྒན་པའོ”ཞེས་དང“ཁོ་མོ་རང་བཞིན་གྱིས་གཡོ་དང་སྒྱུ་ལ་མཁས་ཤིང་།རྫུན་དུ་སྨྲ་བའི་འདུ་བྱེད་ཀྱི་རྩ་བ་རྒྱས་ཤིང་ཡལ་ག་སྦོམ་པ་དཔེར་ན།སེང་གེ་ལ་སྡེར་མོ་དང་མཆེ་རྣོན།གླང་ཆེན་དང་ཕག་རྒོད་ལ་སྣ་ཞགས་དང་མཆེ་བ།འབྲོང་ལ་རུ་ཐུར་ངར་མ་འཛོམས་པ་ཇི་བཞིན་རང་བྱུང་ཁམས་ཆེན་པོས་བུད་མེད་ཚོར་རང་བསྲུང་དང་ཚུལ་འཆོས་ཀྱི་ངན་ངག་བྱིན་ཡོད།དེའི་རྐྱེན་གྱིས་ཚུལ་འཆོས་ནི་བུད་མེད་ཚོའི་རང་གཤིས་ངོ་མ་སྟེ།སྤྱི་སྙོམས་དང་དྲང་བདེན་གྱི་བསམ་པ་མེད་པའི་སྐྱོན་གྱི་རྩ་བ་དང་།དེ་དང་ཉེ་བར་འབྲེལ་ནས་བྱུང་བའི་ཤན་ཤུགས་ཀྱིས་ཁོ་མོ་ཚོའི་རྫུན་སྨྲ་བ།ཞེ་ནག་པ།བློ་མི་དཀར་བ།དྲིན་མི་དྲན་པ་སོགས་ཀྱི་བྱ་སྤྱོད་རྣམས་བསྐྱེད”ཅེས་དང་ནིས་ཆས།“བུད་མེད་ཚོའི་འཇོན་ཐང་ཁྱད་པར་བ་ནི་རྫུན་ལས་དང་ནམ་ཡང་སེམས་ཁུར་བྱེད་ས་ནི་ཕྱི་ཚུལ་གྱི་ཡག་ཁོ་ནའོ”ཞེས་དང“བུད་མེད་ཚོའི་སྟེང་ན་སྙིང་ལངས་དགོས་པའི་དོན་དག་བགྲང་གིས་མི་ལངས”ཞེས་པ་ལྟར་སྐྱོན་གྱི་ཕུང་པོ་དག་ལ་དམིགས་ནས་རིག་རྩལ་བསྐྱར་དར་གྱི་སྔ་གཞུག་ཏུ་ཡོ་རོབ་པ་རྣམས་ཀྱིས་བུད་མེད་ཚོས་ཆོས་བཤད་མི་ཆོག་པ་དང་ཆབ་སྲིད་ལ་ཞུགས་མི་ཆོག་པའི་རྒྱ་མཛད་པ་ལྟ་བུ་རེད།གལ་ཏེ་ཁོང་རྣམ་པ་ཚོས་བཤད་པ་དག་བདེན་ན།ང་ཚོའི་བུད་མེད་ཚོས་ཀྱང་རང་སྐྱོན་ངོས་ལེན་བྱེད་ན་མ་གཏོགས་དེ་ལ་ཚིག་པ་ཟོས་ཏེ་ང་ཚོར་འདྲ་མཉམ་དགོས།ཐོབ་ཐང་དགོས།ཁེ་དབང་དགོས་ཞེས་ཁ་གཡང་ཙམ་རེ་བསྒྲགས་པས་ཅི་ཡང་མི་འོང་།དེ་ལས་ང་ཚོར་བསམ་བློ་དགོས།ལྟ་བ་དགོས།དཔྱོད་ཤེས་དགོས།རང་ཚུགས་དགོས་ཞེས་ན་འགྲིག་སྟེ།སྤྱི་ཚོགས་ཀྱི་གོ་ཐོབ་རྣམས་རང་སྟེང་གི་རྒྱུ་དག་ཇེ་མཐོར་གཏོང་བ་ལ་བརྟེན་ནས་བརྩོན་ལེན་བྱེད་དགོས་པ་ལས་གཞན་སུ་ཞིག་གིས་བཅད་ནས་སྟེར་མཁན་མེད།ཁ་ཅིག་གིས་བུད་མེད་ཚོའི་ཞན་ཆ་དེ་རྣམས་ལུས་ཁམས་དང་སེམས་ཁམས་ཀྱི་ཉེར་ལེན་གྱིས་བསྐྱེད་པ་ཡིན་པས་དེ་སྤོང་བའི་མཐའ་ཞིག་ཡོད་མི་སྲིད་པས་ཕོ་མོ་འདྲ་མཉམ་གྱི་དུས་ཤིག་ནམ་ཡང་ཡོད་ཐབས་མེད་དོ་ཞེས་ཀྱང་ཟེར་མོད།ལུས་ཁམས་ལ་ཐབས་ཤེས་མེད་པ་བདེན་ཡང་སེམས་ཁམས་དེ་རིག་གནས་དང་མ་འབྲེལ་བ་གང་ཡང་མེད་དེ།མི་ཞེས་པ་དཔྱོད་ཤེས་ཀྱི་སྲོག་ཆགས་དང་ལོ་རྒྱུས་ཀྱི་སྲོག་ཆགས་ཆབ་སྲིད་ཀྱི་སྲོག་ཆགས་དཔལ་འབྱོར་གྱི་སྲོག་ཆགས།སྤྱི་ཚོགས་ཀྱི་སྲོག་ཆགས་སོགས་སུ་བཤད་ཚུལ་སྣ་ཚོགས་ཤིག་ཡོད་པ་རྣམས་མཐར་གཏུགས་ན་རིག་གནས་ཀྱི་སྲོག་ཆགས་མ་འདུས་པ་གཅིག་ཀྱང་མེད་པས་མི་དང་དུད་འགྲོའི་ཁྱད་པར་འབྱེད་ཆོས་རིག་གནས་ཡིན་ལ།རིག་གནས་ལ་བརྟེནནས་མི་རུ་འཚོ་ཞིང་འཕོ་འགྱུར་གྱི་གོ་རིམ་ལ་གནས་བཅའ་བ་ཡིན་པས།བུད་མེད་ཚོས་རང་ངོ་རང་གིས་ཟིན་པར་བྱས་ཏེ་རིག་གནས་ཀྱི་ཟུངས་ཁྲག་གསར་བས་ལུས་སྟོབས་བསྐྱེད་དེ་མི་གཤིས་ཀྱི་རྟོགས་པ་སད་རྒྱུ་འདྲ་མཉམ་དང་རང་དབང་རང་ཚུགས་འཐོབ་པའི་ཉེར་བསྡོགས་གཅིག་བུར་ཤེས་དགོས།

ལུས་ཀྱི་དཀའ་སྤྱད་ལ་བརྟེན་ནས་འཚོ་གནས་ལ་བརྩོན་བཞིན་པའི་རོང་འབྲོག་ཕྱོགས་ཀྱི་སྐྱེས་མ་ཚོར་རྟོགས་སད་མེད་པ་ཡུལ་དུས་ཀྱི་དབང་དུ་སོང་དྲགས་ཕྱིར་ཅི་ཁག་ཀྱང་།ང་ཚོའི“དེང་རབས་བུད་མེད”ཚོས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་འགྲིམས་ནས་སློབ་གསོ་མྱངས་མྱངས་པའི་མཐའ་མཇུག་གི་དམིགས་ཡུལ་འཇིག་རྟེན་རྩེ་དགར་བཅོལ་ཏེ།ཡིད་ལ་ཅི་ཡང་མི་བྱ་བར་མི་ཚེ་ཧྲིལ་བོ་ཡག་དང་རྩེ་དགའི་དོན་དོན་དུ་འཛད་ཅིང་འཇིག་རྟེན་འདི་སྣང་གི་བག་མེད་བདེ་དགའི་ལོངས་སྤྱོད་ཀྱི་བྱེད་པོ་གསེར་དངུལ་གྱི་དོན་དུ་རང་གི་བླ་སྲོག་ཀྱང་བཙོང་སྟེ་མི་རིགས་ཀྱི་མཚང་བྱེད་པ་འདི་ཤིན་ཏུ་འོས་མ་ཡིན་ནོ།།གནས་ཚུལ་འདིའི་སྟེང་ནས་བཤད་ན་ཇི་སྐད་དུ།“ཁྱེད་བུད་མེད་ལས་ངན་པས་མོས་གུས་བྱི་ཕོ་ལ་བྱེད།དག་སྣང་སྙིང་སྡུག་ལ་བྱེད།ཚོགས་གསོག་བྱི་ཕོ་ལ་འབུལ།སྡུག་སྒུར་ཁྱིམ་ཐབས་ལ་བྱེད།སྙིང་རྗེ་དགྲ་ཕྲུག་ལ་བྱེད།ཡི་དམ་དུ་ཆགས་པ་སྒོམ།སྙིང་བོར་བཙོག་གཏམ་འདྲེན།སྙིང་རུས་ཆགས་པའི་ཕྱོགས་སུ་འདོན།འཁྲུལ་བ་རོ་སྨད་ནས་འཛགཞེ་བྲོད་ཉལ་ཕོ་ལ་བྱེད།དྲིན་ལན་ཆགས་པ་སུ་བླན་ལ་རེམ།ཉམས་མྱོང་དུ་ཆགས་པའི་གཏམ་འཆད།ཉན་ན་ཁྱི་ལ་ཡང་སྤྱོད་དུ་འཇུགམི་འགྱོད་པའི་འདུན་ཕུགས་ཆགས་པ་སྤྱོད་པ་ལ་ཟེར།ད་ལྟ་སངས་རྒྱས་པ་ལས་ཆགས་པ་ལན་གཅིག་སྤྱོད་པ་གདམ།དད་པ་ཁ་ནས་སྐྱེ།མོས་གུས་སྙིང་ནས་ལྡོགསེར་སྣ་དང་མིག་སེར་ཆེ།གཏོང་བ་དང་སྦྱིན་ཤུགས་ཆུང་།ལོག་ལྟ་དང་ཐེ་ཚོམ་ཆེ།སྙིང་རྗེ་དང་ཤེས་རབ་ཆུང་།ཁ་ཚོ་དང་རང་རྩིས་ཆེ།མོས་གུས་དང་སྙིང་རུས་ཆུང་།མེན་ལོག་དང་ཕྱིར་ལོག་མཁས་ཡར་འགྲོའི་དཔལ་རིག་མི་ཡོང་བར་མར་འཐེན་གྱི་ལྕགས་ཀྱུ་བྱེད།བདེ་བའི་བོགས་འདོན་མི་ཡོང་བར་ཆགས་སྡང་དང་སྡུག་བསྔལ་གྱི་སྣ་སུན་བྱེད”ཅེས་པའི་གནའ་བོའི་ལེགས་བཤད་དེ་སླར་ཡང་ང་ཚོའི་དེང་རབས་བུད་མེད་ཚོའི་ལོ་རྒྱུས་སུ་གྲུབ་ཡོད་ཅེས་ཀྱང་བརྗོད་པར་འདོད་དོ།།འདི་དག་ཐམས་ཅད་ཁོ་མོ་ཚོའི་དཔྱོད་ཤེས་དང་བསམ་བློ།ལྟ་བའི་ཕྱོགས་ནས་ནམ་ཡང་བྱིས་པའི་གནས་སྐབས་ལས་ཕར་འདའ་བ་མེད་པའི་རྩ་བ་དེར་ཐུག་ལ།དེའི་རྐྱེན་གྱིས་ང་ཚོར་ལོ་རྒྱུས་ཀྱི་བྱུང་རབས་ན་མཁར་ཆེན་བཟའ་མཚོ་རྒྱལ་དང་མ་ཅིག་ལབ་སྒྲོན་ལྟ་བུའི་མཁས་མཛངས་གཉིད་འཛོམས་ཀྱི་བུད་མེད་རེ་ཟུང་ལས་བྱུང་མྱོང་མེད་ལབུད་མེད་ཚན་རིག་མཁན།བུད་མེད་ཆབ་སྲིད་མཁན།བུད་མེད་རྩོམ་རིག་མཁན།བུད་མེད་ཡོན་ཏན་པ།བུད་མེད་དཔའ་བོའི་མཚན་གཞི་ཕལ་ཆེར་བགྲང་རྒྱུ་མེད་པ་འདི་རེད།

དེ་ཡང་བུད་མེད་ཚོའི་རང་སྟེང་གི་ཞན་ཆ་དང་ཁྱོ་དབང་རིང་ལུགས་ཀྱིས་ཡུན་དང་ཁད་ཀྱིས་ང་ཚོའི་བུད་མེད་ཚོའི་གཞན་རྟེན་གྱི་བསམ་པ་དེ་བསྐྱེད་པས་ང་ཚོའི་སྐྱེས་དམན་སྐོར་ཞིག་ལ་མཚོན་ན་གཉེན་སྒྲིག་སྔུན་དུ་ཕ་ལ་བསྟུན་པ་དང་གཉེན་སྒྲིག་ཙམ་ནས་ཁྱོ་གར་བསྟུན་པ།ཁྱོ་ག་འདས་ཚེས་བུ་ལ་བསྟུན་པའི“བསྟུན་པ་གསུམ”དང་མཛངས་མིའ་ཡོན་ཏན་བརྒྱད་སོགས་སྲོལ་རྒྱུན་གྱི་སྤྱོད་པའི་དཔེ་ལས་མི་འདའ་བར་མི་ཚེ་བསྐྱལ་རྒྱུ་སྔོན་ལས་ཀྱིས་གནངས་པའི་ལས་ཀར་བརྩི་བ་ལས་རང་རང་ལ་སྤྱི་ཚོགས་ཀྱི་ལས་བབ་རེ་ཡོད་པ་དྲན་པའི་ཡུལ་དུའང་གྱུར་མེད།མི་གཤིས་ཀྱི་འཕེལ་འགྱུར་མི་སྤྱི་ཚོགས་འཕེལ་རྒྱས་ཀྱི་མགོ་རྩོམ་ས་རེད་ལ།མཇུག་བསྡུ་སའང་ཡིན་པས།མི་གཤིས་སློབ་གསོས་ཕལ་ཆེར་སྟོང་ལ་ཉེ་བའི་ང་ཚོར་འགྲན་རྩོད་ཀྱི་འདུ་ཤེས་ཁོ་ན་ཙམ་གྱིས་མི་ཆོག་གིདེང་རབས་རིག་ནགས་སློབ་གསོ་ནང་འདྲེན་གྱིས་མི་གཤིས་ཇེ་ལེགས་སུ་གཏོང་བར་དེ་བས་ཀྱང་འབད་དགོས་ཏེ།རང་གཤིས་ལྡན་པའི་མི་དེས་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀ་བ་གདུང་འདེགས་ཀྱི་ནུས་པ་ཐོན་ནུས་པའི་ཕྱིར་རོ།།

རྩོམ་ཁུངས། ༢༠༠༥ལོའི་དུས་རབས་ཀྱི་ང་།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྟོགས་སད་མེད་པའི་མི་གཤིས།

2009-10-23 འགྱན་སངས་རྒྱས་དོན་འགྲུབ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།