དཔེ་ཆ་འཕུད་འདོད་ཡོད་པའི་གྲོགས་པོ་ཚོར་སྤྲིངས་པ།

གྲོགས་པོ་ལགས།

གལ་སྲིད་ཁྱེད་ཀྱི་རྨི་ལམ་ནང་རང་ཉིད་རྩོམ་པ་པོ་གསུང་རྩོམ་པོད་དུ་མའི་བདག་པོ་ཞིག་ཏུ་གྱུར་བ་རྨིས་ཤིང་།ཕྱི་ཉིན་ཡར་བཞེངས་དུས་དཔེ་ཆ་ཞིག་འཕུད་འདོད་ཀྱི་འདུན་པ་འགོག་མེད་ཅིག་སྐྱེས་ན།ངེས་པར་དུ་གཤམ་གསལ་གྱི་བསམ་འཆར་དག་ལ་བློ་ཞིབ་མོས་མནོ་བསམ་དགོས་ངེས་སྟེ།

དང་པོ། སྨོས་མ་དགོས་པ་ཞིག་སྟེ།དཔེ་ཆ་ཇི་འདྲ་སྲབ་མོ་ཞིག་འཕུད་ནའང་མ་རྩ་ཞིག་མེད་ན་སྟོང་བསམ་ལས་ཅི་ཡང་མེད་པས།ཐོག་མར་རང་གི་གཉེན་ཉེ་ཚོའི་ཁྲོད་དུ་རྩོམ་ཐུང་ལ་དད་མོས་བྱེད་ཅིང་།སྒོར་ཁུག་ཅུང་མཐུག་པ།ཁྱོད་ལ་ཐུགས་ཁུར་ཟབ་བཞེས་གནང་མཁན་ཞིག་ཨེ་ཡོད་ལ་བསམ་བློ་ཞིག་གཏོང་དགོས།གལ་སྲིད་ཁྱེད་ཀྱི་ཁ་ལྕེ་བདེ་ལ་ད་ལོ་རྩྭ་ཆུ་བཟང་ཞིང་མར་ཆུར་མོད་ན།དགོན་བདག་ཚང་ལ་ཞུས་ནའང་རེ་བ་འགྲུབ་ངེས་ཡིན།འོན་ཀྱང་ཁོ་ཚོའི་ལོ་རྒྱུས་རིང་བོ་ཞིག་མཇུག་ཏུ་འཇོག་རྒྱུ་མ་བརྗེད།

གཉིས་པ། ཨོ། ཁྱེད་ཚང་ལ་མཛོད་ཁང་ཆེན་པོ་ཞིག་ཨེ་ཡོད།འདི་ནི་ཁྱེད་ཀྱི་དཔེ་ཆ་འཕུད་པ་ལ་མེད་དུ་མི་རུང་བའི་ཆ་རྐྱེན་ཡིན།མཛོད་ཁང་དེ་རྒྱུན་ལྡན་བེད་སྤྱོད་བྱེད་མི་དགོས་པ་ཞིག་ཡིན་དགོས།གལ་སྲིད་ཁྱེད་ཀྱིས་དཔེ་ཆ་ཕུད་ནས་རླངས་འཁོར་གྱིས་དབོར་ཏེ་མཛོད་ཁང་ནང་བརྩིགས་ཚར་རྗེས།ལོ་གཉིས་གསུམ་ཞིག་ལས་མ་འགོར་བར་ཡང་གནས་གཞན་ཞིག་ཏུ་སྤོར་དགོས་ཚེ། མ་མཐའང་ཉིན་གཅིག་གཉིས་ཤིག་ལ་དབོར་དགོས་ངེས་རེད།འོན་ཀྱང་མཛོད་ཁང་མེད་ན་ཐབས་བཀོད་གཞན་ཞིག་ཀྱང་ཡོད་དེ།རང་ཉིད་ཀྱི་ཉེ་འཁོར་ན་ཡི་གེ་ཤེས་མཁན་འགའ་ཡོད་ཚེ་ཁོ་ཚོར་དྲན་རྟེན་ཡིན་ཁུལ་གྱིས་གཉིས་གསུམ་རེ་སྟེར་ཆོག་ལ།ད་དུང་འཕངས་སེམས་མེད་པའི་སྒོ་ནས་སློབ་གྲྭ་ག་གེ་མོའི་དཔེ་མཛོད་ཁང་ནང་བརྒྱ་ཕྲག་འགའ་བཞག་ནའང་ཆོགཁྱོད་རང་དགེ་རྒན་ཞིན་ཡིན་ཚེ་ངོ་པགས་ཅུང་ཟད་མཐུག་ཏུ་བཅུག་ནས་སློབ་མ་ཚོར་འགའ་རེ་ཉོ་རུ་བཅུག་ཆོག

གསུམ་པ། འགོ་བརྗོད་དང་མཇུག་བྱང་འབྲི་མཁན་ནི་ངོ་བསྟོད་ཤེས་ཤིང་མི་མང་བོས་ཤེས་རྒྱུ་ཞིག་ཡིན་དགོས་པ་ལས་ཁྱོད་ཀྱི་རྩོམ་ཡིག་བཀླགས་ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་། ཁོས་སུ་ལའང་ཁྱབ་པའི་ཚིག་འགས་ཁྱོད་དང་ཁྱོད་ཀྱི་བརྩམས་ཆོས་སྤྲིན་དཀར་གྱི་བང་རིམ་དུ་འཇོག་ངེས་ཡིན།དཔེར་ན“རྗོད་བྱེད་ཀྱི་ཚིག་སྙན་ཞིང་བརྗོད་བྱ་འབུར་དུ་ཐོན་ལ་སྙན་ངག་གི་རོ་ཉམས་ཀྱིས་ཕྱུག་ཅིང་།བོད་གངས་ཅན་གྱི་སྙན་ངག་པའི་དཔུང་ལྡང་ཁྲོད་རང་ཉིད་ཀྱི་ལྟ་བ་གྲུབ་ཡོད”ལྟ་བུའོ།།ད་དུང་རྒྱབ་ཤོག་ཕྱི་ནང་ལ་འཇོག་རྒྱུའི་འདྲ་པར་ནི་ཆེས་ལེགས་ན་མི་རིགས་གཞན་པའི་གླིག་བརྙན་སྒྱུ་རྩལ་བའམ་གླུ་བ་ཞིག་དང་མཉམ་དུ་བླངས་པ་ཡིན་དགོས།

གྲོགས་པོ་ལགས།གལ་སྲིད་ཁྱོད་ལ་གོང་གསལ་གྱི་ཆ་རྐྱེན་དག་འཛོམ་ན་ཁྱེད་ཀྱིས་དེ་རིང་ནས་བཟུང་ཉིན་རེར་རྩོམ་དུ་མ་ཕྲིས་ལ།སེམས་བརྗོད་བྱ་མ་ཤར་ཚེ་རྩོམ་རེ་གཉིས་བརྐུས་ནས་བྲིས་ཀྱང་ཆོགདེ་ལྟར་འབད་པ་ཆེན་པོས་ཟླ་གཅིག་གམ་གཉིས་ལ་རྒྱུན་འཁྱོངས་བྱོས་དང་ཡུན་རིང་མི་འགོར་བར་ཁྱེད་ཀྱིས་རང་ཉིད་ཀྱི་དཔེ་ཆ་ལག་ལ་བཟུང་ནས་སྲང་མགོ་ནས་ཕར་འགྱིང་ཚུར་འགྱིང་བྱེད་ཆོག། 

རྩོམ་ཁུངས། ༢༠༠༥ལོའི་དུས་རབས་ཀྱི་ང་།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔེ་ཆ་འཕུད་འདོད་ཡོད་པའི་གྲོགས་པོ་ཚོར་སྤྲིངས་པ།

2009-10-23 གཡག་བུ་དཔལ་རྩལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།