ཉམས་མྱོང་དང་བསམ་གཞིགས།

ང་རང་ནམ་རྒྱུན་སློབ་མ་དང་གྲོགས་པོ་རྣམས་ལ་ཁ་བརྡ་བྱེད་པར་དགའ།མི་སུ་ལ་མཚོན་ནའང་ཁ་བརྡ་བྱེད་པར་ཁམས་ཤིག་འགྲུབ་རྒྱུ་ཡོད་ཚོད་རེད།ངས་དོན་འདི་དག་ལ་ནམ་ཡང་བསམ་བློ་བཏང་བ་ཡིན།ཁ་བརྡ་བྱེད་འདོད་པ་ལ་ཐོག་མར་ཡུལ་དུས་དང་གནས་བབ་ཀྱི་ཁྱད་པར་ཡང་ཡོད་ཚོད་རེད།ཡུལ་ཅན་གྱི་ཁ་བརྡ་བྱེད་སའི་ཡུལ་ཙམ་རྙེད་པས་མི་ཆོག་པར་ཡུལ་དེའི་ངོས་ནས་ཀྱང་ཆ་རྐྱེན་དུ་མ་གྲུབ་ན་ད་གཟོད་ཡུལ་དང་ཡུལ་ཅན་ཕན་ཚུན་ཁམས་མཐུན་ཞིང་ཁ་བརྡའི་གཞུང་ལ་འཇུག་ཐུབ་སྙམ།བརྗོད་བྱ་གཅིག་གམ་དུ་མ་ཡིན་ཀྱང་ཆོགཕན་ཚུན་ལབ་གླེང་དང་བསམ་བློ་བརྗེ་རེས་བྱེད་པའི་ཁྲོད་རང་རང་གི་ལྟ་ཚུལ་འདོན་ཞིང་ཕན་ཚུན་རྩོད་གླེང་དང་དགག་སྒྲུབ་ཀྱི་རིག་པར་ཞུགས་ན་དེ་ནི་ཁེ་ཕན་ཞིག་གམ་ཡོང་སྒོ་ཞིག་ཡང་ན་སློབ་སྦྱོང་བྱེད་ཐབས་ཡག་པོ་ཞིག་རེད།གལ་ཏེ་གཏམ་བརྗོད་ཡུལ་དུ་གྱུར་པའི་གང་ཟག་དེ་ལ་རང་ཉིད་ཀྱི་ལྟ་བ་འདོན་རྒྱུ་དང་རིགས་པ་རྐྱོང་རྒྱུ་མེད་པར་མ་ཟད་བདེན་རྫུན་དང་ལུགས་མཐུན་ཡིན་མིན་གྱི་ཆ་ལའང་སྨྲ་བ་མེད་པར་འདུག་པ་ཞིག་ལ་མཚོན་ན་དེ་ནི་ཡུལ་ཅན་གྱི་གྱོང་གུད་ཅིག་མིན་མོད།ཁུངས་ཆད་པའི་གཞི་རུ་འགྱུར་ངེས།

དུས་ཀྱི་ངོས་ནས་བརྗོད་ན།ན་ཚོད་དར་མའི་དུས་ལ་བབ་པའི་མི་སུ་ཡིན་རུང་བྱ་བ་རབ་དང་རིམ་པ་བརྒྱུད་མྱོང་ལ་དེའི་ཁྲོད་ནས་དཀའ་ངལ་གང་མང་ལའང་འཕྲད་མྱོང་བར་བརྟེན།གནད་དོན་མང་བོར་བསམ་གཞིགས་བྱེད་པའི་དགོས་པ་ངོས་ཟིན་ཅིང་གནད་དོན་ཐག་གཅོད་པ་ལཡང་རིམ་གྱི་བློ་གནད་དུ་ཁེལ་ངེས།འཚོ་བའི་ཁྲོད་ཐོབ་པ་ཡོད་ལ་ཤོར་བའང་མང་།ཐོབ་ཤོར་གྱི་སྐྱུར་ཁ་གང་མང་མྱངས་བ་ལས་ལོ་ཟླ་མང་བོ་འདས་ཤིང་དུས་དེ་ནི་ཕལ་ཆེར་རིག་པ་རྒྱས་ཤིང་བསམ་བློ་སྨིན་པའི་དུས་ཡིན་པས་ན་ལས་གནས་སམ་སྤྱི་ཚོགས་འཚོ་བའི་ཁྲོད་ནས་ཉམས་མྱོང་མང་བོ་བསགས་ཤིང་ལས་ཁུར་དང་དཀའ་ཁག་གིས་བཟོས་པའི་ཕམ་ཁའི་མདུན་དུ་སྨྲ་བར་འདོད་པའི་གཏམ་གང་མང་ཞིག་ཀྱང་སེམས་སུ་ཉར་ཡོད།དེར་བརྟེན་པས་རང་གི་བུ་སྤུན་དུ་གྱུར་བའི་ན་ཆུང་སྐྱ་སེར་ཕོ་མོ་རྣམས་ལ་བརྗོད་འདོད་པ་ནི།འཚོ་བ་ནི་ཐོབ་ཤོར་གཉིས་ཀྱིས་གྲུབ་པ་དང་མི་ཚེ་ནི་རྒྱལ་ཕམ་ཟུང་གིས་བསྙལ་བ་ཡིན།དེ་སྔོན་ངས་ཕྱིའི་གྲོགས་པོ་ལའང་འདི་ལྟར་བརྗོད་དེ།“སོང་ཚར་བའི་ལམ་ཧྲིལ་བོར་འདང་བརྒྱབ་ན།རང་གིས་མིག་མཐོང་ལག་ཟིན་ཡིན་པའི་ཕམ་ཉེས་ཚང་མས་རང་ཉིད་འཐུས་ཇེ་ཚང་དུ་སྒྲིག་གིན་ཡོད།ཤོར་བ་དག་གིས་ཀྱང་འཐོབ་པ་རྣམས་ལ་མཐུན་རྒྱུ་སྒྲིབ་བཞིན་ཡོད།དེ་བས་མ་ཤོར་ན་འཐོབ་རྒྱུུའང་ཡོད་རྒྱུ་མ་རེད།”ཅེས་པ་ལྟར་རང་གི་རྒྱལ་ཕམ་དང་ལེགས་ཉེས་ཀྱི་ཆ་གང་ཡིན་རུང་མྱོང་སྣང་ཡིན་ལ།དེ་འཆད་པ་ལ་ཉམས་མྱོང་བརྗེ་རེས་ཟེར་ཆོགད་ལྟ་བསམ་ན་ལོ་རབས་བརྒྱད་ཅུ་བའི་དུས་སུ་རང་གི་སློབ་མར་གྱུར་བའི་ན་གཞོན་སྐོར་ཞིག་གི་མདུན་ནས་ང་ལ་ནོངས་འགྱོད་དང་ངོ་ཚས་གཟིར་ངེས།(དེ་འདྲའི་བསམ་ཚུལ་ཕལ་ཆེར་དགེ་རྒན་གྱི་ལས་ལ་ཐོག་མར་ཞུགས་པའི་ན་གཞོན་ཕོ་མོ་སུའང་ཡོད་ཤས་ཆེ།ཡིན་ཡང་དེང་གི་མི་རྣམས་གསོག་བརྫུས་ལ་དགའ་བས་བདེན་དོན་དྲང་བོར་བརྗོད་ཀྱི་མ་རེད།)དེ་ནི་ཕྱི་རོལ་ཡུལ་དུས་ཀྱིས་བཟོས་པའི་རྐྱེན་ཡིན་ལ་ཡུལ་ཅན་རང་ངོས་ཀྱི་སྐྱོན་ལའང་རག་ལས།མ་རིག་པའི་བློ་ཡིས་བཟོས་པའི་གནོང་འགྱོད་གང་མང་ཞིག་གིས་ང་ལ་བསམ་གཞིགས་དང་ཡར་ཐོན།རྒྱུན་འཁྱོངས།བརྩོན་སེམས་མདུན་བསྐྱོད་ཅེས་བྱེད་པའི་གོ་སྐབས་བསྐྲུན།རང་སྔར་གྱི་གྱོང་གུད་ལ་ལྷན་པ་རྒྱག་ཆེད།ལས་དོན་དང་འཚོ་གཞེས།རང་གཤིས་སོགས་ཐད་ནས་རང་ཉིད་ལ་ཚད་མཐོན་པོ་བཟུང་སྟེ་སྐབས་བབ་ཀྱི་ལས་ཀའི་སྤུས་ཚད་དང་མི་ཆོས་ཀུན་སྤྱོད་མཛེས་པོ་ཡོང་བར་ཉིན་རྒྱུན་གཟབ་ནན་བྱས་པ་ཡིན།དོན་འདི་ཏག་ཏག་དེང་རབས་བོད་ཀྱི་སྤྱི་ཚོགས་སུ་དོ་སྣང་དང་གཟབ་ནན་བྱེད་དགོས་པའི་གནད་དོན་ཞིག་ཀྱང་ཡིན་སྙམ།འོན་ཀྱང་ངས་རང་ཉིད་ལ་བཟུང་བའི་ཚད་གཞི་འདི་དེང་དུས་ཀྱི་སློབ་མ་དང་ན་གཞོན་བུ་སྤུན་རྣམས་ལ་རན་ནམ།གལ་ཏེ་ཚད་གཞི་འདི་ཁོ་ཚོར་མཐོ་ཡོད་ན་བོད་མིའི་ཀུན་སྤྱོད་དང་ཡར་སེམས་ཀྱི་ཐད་ལ་སྔར་ལས་མདུན་སྐྱོད་དང་འཕེལ་རྒྱས་དེ་འདྲ་འབྱུང་གི་མེད་པ་མཚོན་ཞིང་དམའ་ཡོད་ན་ང་རང་ཉིད་རྗེས་སུ་ལུས་པའི་མཚོན་རྟགས་རེད།ཁྱོད་ཀྱི་བམས་ན་འདི་མནོ་བསམ་གཏོང་རན་ཡོད་དམ།གཏོང་དགོས་སམ།སྔར་གྱི་ལོ་རྒྱུས་སུ་བོད་མི་ནི་ཅི་འདྲའི་ལས་ལ་བརྩོན་ཞིང་ཤེས་རབ་ལྡན་པ།གཞུང་དྲང་ཞིང་བློ་དཀར་བ་སོགས་ཡོན་ཏན་མང་བོ་བརྩིས་ཡོད་མེད་དེང་གི་དུས་སུ་བོད་མི་སྐོར་ཞིག་དེ་ལས་ལྡོག་སྟེ་བློ་རྨོངས་ཤིང་སྒྱུད་ལུག་པལེ་ལོ་བག་གཡེང་ལ་དགའ་བ།གཡོ་སྒྱུ་ཁྲམ་རྐུན་གྱི་ལས་ལ་བྲེལ་བ།ཁྱི་སྤྱང་ངན་འབྲེལ་གྱིས་ནང་མི་བཅོམ་པ་སོགས་སློབ་གྲྭ་རུ་སློབ་མ་དང་དགོན་སྡེརུ་གྲྭ་བ།གནས་ཡུལ་དུ་འཁོར་བ་དང་ལས་ཁུངས་སུ་ལས་བྱེད་པའི་གནས་མི་ཟིན་པའི་སྐོར་ཁག་མཆིས་ལ་དེ་ཚོས་དམངས་སྤྱི་ཡི་བདེ་འཇགས་དང་ཐུན་མོང་གི་འཕེལ་རྒྱས་ལ་རྐྱེན་ངན་བཟོ་བཞིན་ཡོད་པ་ཀུན་ལ་གསལ་ཆ་ཡོད།ད་ལྟའི་ང་ལ་མཚོན་ན་གནད་དོན་འདི་འདྲ་བ་རྣམས་འདང་རྒྱག་བྱེད་ས་ཡིན་ལ་ཏག་ཏག་ཡིད་སྐྱོ་བའི་གྲུབ་ཆ་ཐར་ཐོར་ཡང་རེད།མི་རིགས་ཞེས་པ་དེ་ང་ལྟ་བུའི་གླེང་བྱ་མིན་ནའང་ཐང་མོད།ཐ་སྙད་འདིའི་ལྗིད་ཚད་ཀྱིས་ངས་བྱ་བ་མང་བོ་ཞིག་ལ་བློ་འཇུག་ཤེས་པར་བསྒྱུར།

ད་ལྟ་ཤེས་ཡོན་གྱི་གཉོམ་ལག་རྒྱས་དང་རྒྱས་བཞིན་ཡོད་པའི་བོད་ཀྱི་ན་གཞོན་མང་བོ་ཞིག་གིས་དུས་རབས་གསར་རྙིང་གཉིས་ཀའི་དཀྱོགས་མཚམས་ནས་རང་རིགས་ཀྱི་མདུན་ལམ་ལ་བསམ་བློ་གཏོང་བཞིན་ཡོད་པ་མ་ཟད།ཚན་རིག་སློབ་གསོདང་རིག་གནས་དཔལ་འབྱོར།ཁེ་ལས་བཟོ་ཚོང་སོགས་ཕྱོགས་བསྡུས་སྣ་འཛོམས་རང་བཞིན་གྱི་ཆ་ཡོངས་ནས་འཕེལ་རྒྱས་སུ་གགཏོང་བར་བློ་སྟོབས་འགོད་ཅིང་སེམས་ཤུགས་འདོན་གིན་ཡོད་པའི་སྣང་ཚུལ་གྲུབ།བོད་ཀྱི་སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་དང་དང་ལས་གནས་སོ་སོ་ན་ཡོད་པའི་མི་སྐོར་ཁག་མང་བོས་བས་རང་ནུས་གང་ཐུབ་ཀྱིས་སྤྱི་ཀྱི་ཁ་ཕྱོགས་དང་དགོས་མཁོ་ལྟར་ཡོན་ཏན་གྱི་ཆ་དང་ལེན་དང་སྐུལ་མ་གཏོང་ཞིང་སྐྱོན་གྱི་ཆ་ཐེར་འདོན་དང་དགག་པ་བརྒྱབ་སྟེ་ཡོངས་ཁྱབ་ཀྱི་ཁ་ཕྱོགས་ཡང་དག་ཚུལ་མཐུན་གྱི་ལམ་ལ་འཇུག་པའི་མཁའ་དབུགས་ཡག་པོ་བསྐྲུན་བཞིན་ཡོད་ལ།ང་ཚོར་མཚོན་ན་དེ་ནི་སྐོམ་པས་ཆུ་འདོད་ཀྱི་ལམ་ཞིག་ཡིན་པས་སུས་ཀྱང་རྟོགས་ཐུབ། 

མི་རིགས་ཤིག་ཕྱོགས་ཡོངས་ནས་གོང་དུ་འཕེལ་དགོས་ན་རིག་གནས་སློབ་གསོ་ལ་བསྟེན་རྒྱུ་གཙོ་བོ་ཡིན་ལ་རིག་གནས་དང་སློབ་སྤེལ་བའི་རྩ་བ་དགེ་རྒན་ཡིན་ཟེར།དོན་འདི་སུས་ཀྱང་རྟོགས་ལ་བརྗོད་ཀྱང་ཤེས་ནའང་བོད་མིའི་ན་གཞོན་དང་དར་མའི་ཁྲོད་དགེ་རྒན་གྱི་ལས་ཀ་འཁུར་འདོད་མཁན་ཧ་ཅང་ཉུང་ཤོས་རེད།དེང་སྐབས་རྒྱལ་ནང་གི་སྤྱི་ཚོགས་ཧྲིལ་བོར་མཚོན་ནི་མི་མང་བོ་ལས་གནས་ནས་ཕྱིར་ཕུད་ཅིང་བྱ་བ་བསྒྲུབ་སའི་ལས་ཁུངས་ལག་སོན་འབྱུང་དཀའ་བའི་ཁར་དགེ་རྒན་གྱི་ལས་ཀ་གཟི་བརྗིད་ཅན་ཡིན་ལ་ཕོག་ཡོན་དུས་ལྟར་འབབ་པའི་དགེ་མཚན་ལྡན་མོད་མི་མང་ཤོས་ལས་གནས་དེར་ཞུགས་མི་འདོད་པ་ཅིའི་ཕྱིར།དབང་ཆ་དང་ཐོབ་ཐང་མེད་པས་ཡིན་ནམ།ཕོག་ཉུང་བའམ་ལས་འགན་དེ་བསྒྲུབ་པའི་ནུས་པ་མེད་པས་ཡིན་ནམ།གཅིག་་ནས་ཡོན་ཏན་གྱིས་མ་འདང་བ་དང་གཉིས་སུ་རང་གཤིས་ཀྱི་མ་འདང་བ།གསུམ་དུ་འོས་འགན་དཀྱུས་མ་ཞིག་མིན་པས་བོད་པ་མི་ཉུང་བ་ཞིག་གིས་ཁ་ནས་སློབ་གསོའི་བྱ་བ་གལ་ཆེ་བའི་རང་བཞིན་ཡང་དང་བསྐྱར་དུ་གླེང་ན་ཡང་རང་ངོས་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ནུས་མ་ཞན་ཞིང་བློ་སྟོབས་ཉམས།དེ་མ་ཟད་མི་སྐོར་ཞིག་གིས་ད་དུང་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་དགེ་རྒན་དང་ལས་ཁུར་བ་རེ་རེ་ལ(བོད་ཀྱི)གོང་བཅད་དང་ཉེས་སྐྱོན་སྦྱར་དང་སྦྱོར་མུས་སུ་ཡོད་མོད།དགེ་རྒན་རྣམས་ལ་མཚོན་ན་དེ་ནི་སྐྱོན་དང་ནོར་འཁྲུལ་ཡོ་བསྲང་བྱེད་པའི་གོ་སྐབས་བཟང་བོ་ཞིག་ཡིན་ལ།རྗེས་ཕྱོགས་དོ་སྣང་དང་མཉམ་འཇོག་བྱེད་པར་བསྐུལ་བའི་བརྡ་ཞིག་ཀྱང་རེད།ཡང་ཕྱོགས་གཞན་ཞིག་ལ་གཞིགས་ན་སྐྱོན་ཆ་ཐེར་འདོན་ཁོ་ན་ལས་གྲུབ་འབྲས་ཁས་ལེན་མེད་ན་གསར་སྐྱེས་པ་དག་ལས་ཀ་དེར་ཞུགས་པར་སྐྲག་སྣང་དང་བག་འཁུམས།བློ་ཕམ་པའི་འདུ་ཤེས་བཟོས་ཏེ་དགེ་རྒན་གྱི་ལས་འགན་འཁུར་མི་འདོད་པའི་བསམ་བློ་དང་ལྟ་ཚུལ་ཡོངས་སུ་ཁྱབ་ངེས།དེ་ལྟ་ན་མི་རིགས་ཀྱི་རིག་གནས་སློབ་གསོ་འཛིན་སྐྱོང་བྱེད་པའི་ཉག་རིམ་གྱིས་ཉེ་ཕྲ་རུ་གྱུར་ཏེ་རྨང་གཞིའི་སློབ་གསོ་གཏོང་མཁན་རྒྱུན་ཆད་པའི་ཉེན་ཁ་ཆེ་སྙམ་མོ།།

མི་སོ་སོའི་བློ་གྲོས་དང་ཡོན་ཚད་ལ་བཟང་ངན་ཡོད་ལ་ནུས་པའང་མི་འདྲ།གཙོ་བོ་མི་རེ་རེ་ནས་རང་ནུས་གང་ལྕོགས་ཀྱིས་ནུས་ཤུགས་བཏོན་ཏེ་ཆུ་ཚོད་དམ་འཛིན་དང་བརྩོན་པ་རྒྱུན་འཁྱོངས་ཀྱིས་བྱ་བ་ཆུང་ངུ་ཞིག་ནས་འགོ་བརྩམས་ཤིང་རང་ཉིད་ཀྱི་ཕྱོགས་ནས་བཟུང་ཉིན་རེར་ལས་ཀ་ཉུང་ངུ་རེ་ལེགས་པོར་བསྒྲུབ་ན།ཆུ་ཐིགས་བསགས་ནས་རྒྱ་མཚོ་ཞེས་པའི་དཔེ་ལྟར་རང་གཞན་གཉིས་ཀ་དང་འཕྲལ་ཕུགས་གཉིས་ཀར་ཕན་རྒྱུ་རེད།དེ་ལྟ་མིན་པར་ཚང་མས་ཕན་ཚུན་ལས་བདའ་དང་ངན་ཁག་འགེལ་བ།སྐྱོན་རྒྱག་པ།ཕྲག་དོག་བྱེད་པ་ཁོ་ན་ལས་དུས་འདའ་ན་མ་འོངས་པར་མདུན་དུ་བསྐྱོད་པའི་གོམ་ཁ་སྔར་ལས་ཀྱང་ལྕི་བར་སེམས།ད་ལྟ་ང་ཚོར་མཚོན་ན་སྐྱོན་དང་གནད་དོན་འཆད་མཁན་མང་མོད་དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་ལས་ཀ་སྒྲུབ་མཁན་ད་དུང་ཧ་ཅང་ཉུང་།ལྷག་པར་ན་གཞོན་སྐོར་ཞིག་གིས་ཁ་ཤོམ་དང་གཏམ་སྟོང་།གཞན་སྐྱོན་བརྗོད་པར་མཁས་ན་ཡང་རང་གི་ལག་སོར་ན་ཡོད་པའི་ལས་ཀར་འོས་འགན་གྱི་འདུ་ཤེས་བྲལ་ཞིང་ཡར་བསྐྱེད་ཀྱི་བསམ་བློ་ཞན་པར་འདུགགང་ལྟར་ཐེངས་མང་བོར་ལབ་གླེང་དང་བསམ་གཞིགས་བྱས་པ་བརྒྱུད་ནས་ངའི་འདང་རྒྱག་སའི་གནད་དོན་མང་བོ་ལྷན་དུ་འདུས་ཏེ་བདག་སེམས་ལ་འཆར་སྣང་གློ་བུར་ཞིག་བསྒོས་བྱུང་། དེ་ནི་ཆག་སྒོ་ཞིག་མིན་པར་སྨོན། །

རྩོམ་ཁུངས། ༢༠༠༥ལོའི་དུས་རབས་ཀྱི་ང་།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉམས་མྱོང་དང་བསམ་གཞིགས།

2009-10-22 སྲིན་མོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།