གནམ་སྔོན་པོར་ཀ་བ་མེད། སེང་དཀར་མོར་སྲབ་ཐུར་མེད།

ལོ་རྒྱུས་འཕེལ་རྒྱས་ཀྱི་དཀྱོགས་མཚམས་རེ་རེ་ནི་རིག་གནས་བསམ་བློའི་སྟེང་གི་འགྱུར་ལྡོག་བྱུང་ཐེངས་རེ་རེ་ཡིན་ལ།དེ་དང་མཐུན་པར་རྩོམ་རིག་སྒྱུ་རྩལ་གྱི་ཕྱིད་ནང་བར་གསུམ་དུའང་འགྱུར་ལྡོག་རབ་དང་རིམ་པ་བྱུང་བ་སྨྲ་མ་དགོས་པ་རེད།འགྱུར་ལྡོག་བྱུང་ཐེངས་རེ་རེ་ནི་དཔའ་བོ་དང་མཛངས་མི།མཁས་དབང་དང་སྙན་ངག་མཁན་དག་གི་རྣམ་དཔྱོད་ཀྱི་རྩལ་ལ་བརྟེན་ནས་བྱུང་བ་ཤ་སྟག་རེད།དེ་དག་གི་ཁྲོད་ནས་མི་ཚེ་སྣག་ཤོག་ལ་འཐུམ་པའི་སྐྱེས་བུ་སྙན་ངག་མཁན་ཞིག་གི་སྣང་བརྙན་མཐོང་བྱུང་།དེ་ནི་སྤྱི་ལོ་ཉིས་སྟོང་བཞི་ལོའི་ཟླ་བབཅུ་བའི་ཚེས་ཉེརབཞིའི་(2004/10/24)ཉིན་ང་ཚོར་གཏན་དུ་གྱེས་ཏེ།སླར་ཡང་བླ་སྲོག་གིས་འབོད་སྐུལ་དང་།སྐྱ་ཟད་སྔོ་སྡུག་གི་སྐྲ་ལོས་དར་ཆ་བྱས་ནས་ཕ་ས་ཕ་ཡུལ་ལ་གནམ་ས་བསྒུལ་བ་ལྟ་བུའི་ཤུགས་རྐྱེན་བཞག་པའི་ངེས་དོན་སྙན་ངག་མཁན་པོ་ཡི་དམ་ཚེ་རིང་ལགས་རེད།ཉིན་དེ་ནི།མགོ་ནག་བོད་པ་ཚང་གི“འཛམ་གླིང་ན་དཀོན་པའི་བེེ་ཌྰུརྱའི་བུམ་པ”ཞིག་སླར་ཡང་ས་ལ་བརྡབ་པའི་གྱོང་གུད་ཐེབས་པའི་ཉི་མ་རེད།

བགྲང་བྱའི་འཁོར་ལོ་ལོ་རྒྱུས་ཀྱི་འགྲོས་དང་བསྟུན་ནས་མི་ལོ་བདུན་བཅུ་དོན་གཉིས་འདས་པར་ཕྱིར་མིག་གཅིག་བལྟས་ན།དེ་ནི་སྙན་ངག་མཁན་འདིས་མི་ངོ་ཟིན་ཅིང་རྟོག་པ་སད་པའི་རྐང་རྗེས་རེ་རེའམ། ཡང་ན། འུ་ཚོའི་ཆེད་དུ་སེམས་ཁུར་དང་།སེམས་ཁྲལ།སེམས་ངལ་གྱིས་བཀང་བའི་མགོ་བོ་མི་ཐེགས་བཞིན་དུ་རྔུལ་ཁྲག་དང་ལྷན་ཁུར་ཏེ་ཅི་ཞིག་བཤད་འདོད་ཀྱི་སྨྲ་ལྕེ་ཁ་ལ་བཅུག་ནས་དཀའ་སྡུག་སྣ་ཚོགས་ཀྱིས་མདུན་ནས་མདུན་དུ་སྐྱོད་པའི་ལོ་ངོ་བདུན་བཅུ་དོན་གཉིས་རེད།

དེ་ལྟ་བུའི་ལོ་ངོ་བདུན་བཅུ་དོན་གཉིས་ཀྱི་བརྒྱུད་རིམ་ཁྲོད།བློ་ཡུལ་ལས་འགོངས་པའི་འཕྱ་དམོད་དང་།ཟུར་ཟ།སྡིག་དམོད།གཉའ་གནོན།ཕྲག་དོག་དང་བར་ཆད་ཀྱི་འགག་འཕྲང་ཡ་ང་ཞིང་འཇིགས་ཡེར་བའི་ཡུལ་གྲུ་འགའ་ཞིག་སྲོག་བསྡོས་ཀྱིས་བརྒལ་ནས།འཇིག་རྟེན་གྱི་མཐོ་ས་དེ་རུ་སྙན་ངག་མཁན་པོའི་རང་མདངས་རྣལ་མ་འཛམ་གླིང་ལ་གཟི་བརྗིད་ལྡན་པར་ངོམ།

ཁོང་འདི་ལྟར་དཀའ་སྡུག་ཆེན་པོས་ལམ་ལ་ཆས་དགོས་བྱུང་།

ཁོང་འདི་ལྟར་བསམ་གཞིག་མཐར་ཆོད་ཀྱིས་ལམ་ལ་ཆས།

ཁོང་འདི་ལྟར་བློ་ཐག་རྦད་ཆོད་ཀྱིས་གཤེགས་སོང་།

ངོ་མ་བཤད་ན།ང་ཚོ་ཡིད་སྐྱོ་ཞིང་ཞེ་མུག་པའི་རྒྱུ་རྐྱེན་གཙོ་བོ་ནི་སྙན་ངག་མཁན་པོ་སྐུ་གཤེགས་པ་ཁོ་ནས་མ་ཡིན་ཏེ།ཁོང་ལྟ་བུའི་མི་གཤིས་རྣལ་མ་འཛིན་མཁན་ཧ་ཅང་དཀོན་པས་ཡིན།མི་རྣམས་ཀྱི།ཁོང་ཉིད་སྙིང་རླུང་འཕར་ནས་གློ་བུར་དུ་སྐུ་གཤེགས་ཚུལ་གླེང་གིན་འདུགཨ་ཉེ་དུས་བོད་ཀྱི་རླབས་ཆེན་མི་སྣ་དགེ་འདུན་ཆོས་འཕེལ་དང་།དོན་གྲུབ་རྒྱལ།པཎ་ཆེན་རིན་པོ་ཆེ།གུང་ཐང་ཚང་།ཨ་ཁུ་ཡི་དམ་ཚེ་རིང་སོགས་རེ་རེ་བཞིན་སྙིང་རླུང་འཕར་ཏེ་སྐུ་གཤེགས་པའི་རྒྱུ་རྐྱེན་གཙོ་བོ་གང་ལ་ཐུག་པ་རེད།

ཁོང་གིས་ནམ་རྒྱུན་འདི་ལྟར་གསུང་མྱོང་སྟེ“བདག་གི་ཆེས་ཆེ་བའི་སྡུག་བསྔལ་ནི། གཞན་གྱིས་བདག་ལ་ཡིད་ཆེས་མི་གནང་བ་དེ་རེད” ཅེས་གསུངས།

“ཁོང་ཚོ་ཅིའི་ཕྱིར་འདུག་མ་བཟོད་པ་ཡིན་ནམ།

ཁོ་ཚོས་ཁ་མ་སོས་རྒྱབ་མ་ཁེབས་པས་འདུག་མ་བཟོད་པ་ཡིན་ནམ།

ཁོ་ཚོ་ཅིས་ཀྱང་འདུག་བཟོད་ན་ཆོག་པ་ལ་ཨང་།

མི་རང་རང་ལའང་དུས་ལས་མི་འགྱངས་པའི་ཟླ་ཕོག་ཡོད།

སེམས་ངལ་གསོ་བའི་འཁོར་བ་ཡོད།

གཞུང་དོན་སྒྲུབ་པའི་ལས་གནས་ཡོད།

རང་ཁ་གསོ་བའི་ཅ་ནེ་ཡོད།

སྤྲོ་སྐྱིད་ལྡན་པའི་ཁོར་ཡུག་ཀྱང་ཡོད།

ཁོ་ཚོ་ཅིའི་ཕྱིར་མི་རིགས་ཀྱི་ལས་སྐལ་ཐོད་དུ་

བོར་བའི་“མཁས་པ” ཆེན་པོ་ཞིག་དང་།

མི་རིགས་ཀྱི་མདུན་ལམ་ཆང་མྰ་ཅང་ལ་

བརྗེ་བའི“ཡོན་ཏན་པ”སྐྱིད་པོ་ཞིག་

བཅའ་མ་ཐུབ་པ་རེད།”

ཟླ་དགུ་བའི་ཚེས་གཉིས་ཉིན་སྙན་ངག་མཁན་པོ་ཁོང་ཉིད་སྤྱིར་བཏང་གི་རླངས་འཁོར་ཞིག་ཏུ་བསྡད་ནས་ལན་གྲུ་གྲོང་ཁྱེར་ནས་ལམ་ལ་ཆས།གཙོས་དང་ཀླུ་ཆུ།གླིང་དཀར་སྟོད་ཀྱི་རྩྭ་ཐང་བརྒྱུད་དེ་ཁྱུང་མཆུ་རྩྭ་ཐང་དུ་འབྱོར་དུས།ཆར་བ་ཤག་ཤག་ཏུ་འབབ་པའི་བཀྲ་ཤིས་ཡར་ཐང་ཟེར་བའི་སྤང་ཁུག་དེ་ན་རྔ་བའི་ན་གཞོན་སྨྱུག་ཐོགས་པ་རྣམས་དང་།རྔ་བའི་ཚོང་བ་ལྷག་བསམ་ཅན་རྣམས་ཀྱིས་དྲི་མེད་ཁ་བཏགས་བཟུང་ནས་ཁོང་ལ་ཕེབས་བསུ་བྱས།དེ་ནི“ཨ་མདོ་རྔ་བའི་སྐབས་དང་པོའི་རྩོམ་རིག་སྒྱུ་རྩལ་དུས་སྟོན”མཛད་སྒོར་ཕུགས་པའི་དུས་སྐབས་རེད།དེ་ནི་ཁོང་གི་ཆེས་མཇུག་གི་ཁ་གཡང་སྟེ།སྙན་ངག་ཚིག་རྐང་གཉིས་ཀྱི་ཤུལ་རྫས་འཇིག་རྟེན་ལ་བཞག་པའི་དུས་སྐབས་རེད། 

ཉིན་དེ་དག་གི་རིང་ལ། རྩོམ་རིག་དང་མི་རིགས། སྐད་ཡིག་དང་སློབ་གསོ། ཕ་ཡུལ་དང་འཛམ་གླིང་། ང་ཚོས་མ་བཤད་པ་ཅི་ཞིག་ཡོད།ད་དུང་།གླུ་གར་དང་ཆང་བཤད།དགོད་གཏམ་དང་སྙིང་གཏམ།ང་ཚོས་མ་མྱངས་པ་ཅི་ཞིག་ཡོད།

སྐབས་དེར་ཁོང་གི་མིག་མཐའ་མཆི་མས་འཁོར་བཞིན་གདོང་ལ་སྐྱོ་བའི་ཉམས་འགྱུར་མངོན་ནས་སྐད་གསེང་མཐོན་པོས“ངའི་མྱི་ཚེ་གང་བོའི་ཆེས་ཆེ་བའི་ཕམ་ཁའམ་འགྱོད་གདུང་ནི།ངས་རང་གི་ཕ་སྐད་ཀྱིས་སྙན་ངག་མ་འགྲུབ་པ་སྟེ།ངས“ཀ་ཡིག”མ་རྙེད་པ་དེ་རེད།”ཅེས་ཨ་མ་བྲག་སྲིན་མོ་དང་།ཕ་རྒན་སྤྲེའུ་གཉིས་ཀྱི་ཟུངས་ཁྲག་གིས་སྐྱེད་པའི་ན་གཞོན་མགོ་ནག་ཀུན་ལ་སྙིང་ཕུར་སྲ་མོ་ཞིག་བཏབ་པ་ནི།ང་ཚོའི་སེམས་ངོས་ན་རྡོ་བརྐོས་ཀྱི་རི་མོ་བཞིན་གསལ་ཞིང་གསོན་པོར་གནས་ཡོད།ཟླ་དགུ་བའི་ཚེས་ལྔའི་ཞོགས་པར་ཁོང་གིས་གུང་ཐང་ཚང་གི་སྐུ་དཔར་ཞིག་ལ་ཅེར་ནས་ཡུན་རིང་བཤུམ………།

རྗེས་སུ་ལོ་དེའི་ཟླ་བཅུ་བའི་ཚེས་བཅུ་གཉིས་ཉི་གྲྭ་བཙུན་སྐོར་ཞིག་གིས་གདན་ཞུ་ལྟར་ཁོང་འབར་ཁམས་སུ་མི་རྐྱང་རྟ་རྐྱང་གིས་སླེབས་ཡོད་པ་ཐོས་རྗེས།ང་ཚོ་རང་རང་ས་ནས་རྟ་ཟིན་སྒ་ཟིན་གྱིས་ཐོན་དེ་དགུང་མོ་དེར་བྲེལ་བྲེལ་འཚུབ་འཚུབ་གྱིས་གསོལ་སྟོན་ཐེངས་ཤིག་བཤམས།དེ་ནི་ཆེས་མཐའ་མཇུག་གི་ལྷན་འཛོམས་ཡིན་པ་སུ་ཡིས་རྟོགས་ཐུབ།

ཡིན་ནའང་།ཟླ་བཅུ་གཉིས་པའི་ཚེས་གཉིས་ཉིན<<སྙན་ངག་གི་རྣམ་ཤེས་ཡི་དམ་ཚེ་རིང་སླར་ཡང་འཚོལ་བའི་གདུང་དབྱངས>>ཀྱི་རྗེས་དྲན་ཚོགས་ཐོགས་ནས་ང་ཚོ་སླར་ཡང་ལྷན་འཛོམས་ལྟ་བུའི་གླེང་མོལ་བྱས།ཨ་ཁུ་ཡི་དམ་ཚེ་རིང་།ཁྱེད་རང་ད་ལྟ་གང་དུ་ཡོད་ཀྱང་ཆོགང་ཚོས་ནམ་ཡང་ཁྱེད་དང་ཁྱེད་ཀྱི་རྣམ་དཔྱོད་འཚོལ་ཞིང་དཔྱད་དོ།།

<<གངས་ལྗོངས་ཀྱི་ཉི་མ>>དང<<གངས་སེང་གི་ང་རོ>><<ཁ་བའི་ལྗོངས>>སོགས་ཀྱིས་མཚོན་པའི་བརྩམས་ཆོས་ཡིག་འབྲུ་ཁྲི་ཚོ་སྟོང་ཚོ་ཁ་ཤས་ཡོད་ལ།དེ་ལས་ཀྱང་སྙན་ངག་གི་རྣམ་པ་གསར་བའི་སྲོལ་ཕྱེ་སྟེ་སྙན་གྲགས་གནམ་འོག་ཏུ་ཁྱབ་ཅིང་བྱ་དགའ་སྣ་ཚོགས་ཀྱིས་སྙན་ངག་པའི་ཆོ་ལོ་དོན་གྱིས་ཐོབ།

ཡིད་ཕངས་པ་ཞིག་ལ་ཀན་སུའུ་ཞིང་ཆེན་གྱི་གཙོ་འཛིན་གཞོན་པ་བློ་བཟང་ལྷུ་འགྲུབ་ལགས་ཀྱིས་སྐུལ་མ་ཡང་ཡང་བྱས་ཤིང་།ཁོང་གིས་ཞལ་བཞེས་གནང་ཟིན་པའི་དཔེ་དེབ<<བོད་ཡུལ་ས་གནས་ལོ་རྒྱུས་དང་འབྲེལ་བའི་ཁོར་ཡུག་སྲུང་སྐྱོབ་སྐོར>>འབྲི་བར་མི་མཐུན་རྐྱེན་གྱི་བར་ཆད་ཐོག་མདའ་ལྟ་བུ་ཞིག་ཐད་ཀར་ཕོག་པ་ནི།ང་ཚོའི་ཕམ་ཁའམ་རྨ་ཁ་ཚ་བོ་ཞིག་ཏུ་མཐོང་ངོ་།།

ཡིན་ནའང་།ང་ཚོས་མྱ་ངན་གྱི་འཁུན་སྒྲ་འདི་སེམས་ཀྱི་སྟོབས་ཤུགས་སུ་བསྒྱུར་ནས་ཁོང་གི་སྙིང་སྟོབས་ལ་རྒྱུན་འཛིན་བྱེད་པ་ལས།སྨྲེ་ངག་གི་མིག་ཆུ་ཁོ་ན་བཏོན་ནས་མགོ་བོ་སྨད་ག་ལ་རུང་།  མི་རུང་ངོ་། །

“དགོད་སླ་ལ་ངུ་ཡང་སྐྱེན་པའི”སྙན་ངག་པ

གངས་རིའི་ལ་ཐོད་ན   གངས་སེང་སྲབ་མེད་ཅིག

གངས་རི    ཀ་བ་མེད་པའི་གནམ་འོག་ན

དགོས་འདོད་ཀུན་འབྱུང་གི་ནོར་བུ་གཅི

སྙན་ངག་པ   ཁྱེད་རང་སྙན་ངག་གི་འཇིག་རྟེན་ན

གནམ་བསྐོས་ཀྱི་རྒྱལ་སྲས་དཔའ་བོ་ཞིག

སྙང་ངག  ཁྱེད་ཀྱི་འཇིག་རྟེན་ན

རྨ་འབྲི་ཟུང་གི་འབབ་རྒྱུན་ཉག་གཅིག

ཏག་ཏག  གནམ་སྔོན་པོ་ཀ་བ་མེད

སེང་དཀང་མོར་སྲབ་ཐུར་མེད

ད་དུང   རྨ་འབྲིའི་རྒྱུན་ལ་ཁ་ལོའང་མེད

དུས་ཚོད་ཀྱི་སྟེགས་བུའི་སྟེང་ནས་ལོ་རྒྱུས་ཀྱི་འཕོ་འགྱུར་རབ་དང་རིམ་པའི་ཟློས་གར་སྣ་ཚོགས་ཤིག་འཁྲབ་ཟིན།མ་ཉེས་ཁ་གཡོག་དང་།སེང་གེ་ཁྱི་ཡི་གཡོག་ཏུ་འགྱུར་བའི་དུས་ངན་སྤྲིན་ནག་ལང་ལིང་འཁྲིགས་པའི་སྐབས་དེར།ཁོང་གི་སྙིང་སྟོབས་དང་རང་ཚུགས་འགྱུར་བ་མེད་པའི་རྡོ་རིང་མི་རྣམས་ཀྱི་མཐོང་ལམ་དུ་བརྩིང་།སྙན་ངག་པ་ཡི་དམ་ཚེ་རིང་གིས་ཡུལ་གྲུ་གང་མང་ཞབས་ཀྱིས་བཅག་སྟེ་རྒྱལ་ཁབ་ཕྱི་ནང་གི་མི་རིགས་སོ་སོའི་རིག་གནས་ལོ་རྒྱུས་དང་།རྩོམ་རིག་སྒྱུ་རྩལ།ཡུལ་སྲོལ་གོམས་གཤིས་སོགས་ཀྱི་སྙིང་བཅུད་ཆང་རག་ལྟར་ཧུབ་ཀྱིས་དྲངས་ནས་ལུས་སེམས་ཀྱི་སྟོབས་ཤུགས་རྫོགས་པར་བྱས།དེ་ནི<<ཁ་བའི་ལྗོངས>>ཀྱི་ཟུངས་ཁྲག་གསོ་བའི་བདུད་བརྩི་རུ་ཕབས་ཤིང་གངས་དཀར་ལྷ་མོའི་འབོད་བརྡ་རུ་བསྐྲུན་པ་སྟེ།ཁོང་ཉིད་ཆེད་ལས་སྙན་ངག་པ་ཞིག་ཏུ་གྱུར་པའི་བདེན་དཔང་རྣམ་དག་ཏུ་འདོད་དོ།།

ཡི་དམ་ཚེ་རིང་ཆུང་ངུའི་དུས་ནས་ཨ་མའི་རྗེས་སུ་འབྲང་སྟེ།གླུ་དང་ལ་གཞས།གནའ་གཏམ་དང་གླིང་སྒྲུང་སོགས་ཀྱི་ས་བོན་ལེགས་པར་བཏུས།དེ་ནི་ཁོང་གི་ཨ་མའི་ངག་ནས་ཐོབ་པའི་མན་ངག་བྱིན་ཅན་རེད་ཅེས་བཤད་ཆོག

ལོ་ཟླ་དེ་དག་རིང་ལ་ཡི་དམ་ཚེ་རིང་གིས་རང་རྒྱུད་ལ་སྙན་ངག་དང་གླུ་གར་གྱི་བག་ཆགས་ཟབ་མོ་ཐེམས་པའི་གོ་སྐབས་དམ་འཛིན་བྱེད་པ་ལས།སློབ་གྲྭར་ཞུགས་ནས་སློབ་གཉེར་བྱེད་པའི་སྐལ་བ་མ་ཐོབ་མོད།སྙན་ངག་པ་ཡི་དམ་ཚེ་རིང་ལ་མཚོན་ན་དེ་ནི“རྐྱེན་ངན་དགེ་བའི་གྲོགས་སུ་གྱུར་བ”ཞིག་མ་ཡིན་ནམ།བོད་མིའི་གཏམ་དཔེ་ལ“འགྲོ་ཤེས་བ་ནས་བྲོ་འཁྲབ་ཤེས་ལ།སྨྲ་ཤེས་པ་ནས་གླུ་ལེན་ཤེས”ཞེས་པ་བཞིན།ཡི་དམ་ཚེ་རིང་ནི་གླུ་ལེན་པར་མཁས་པ་མ་ཟད།བྲོ་འཁྲབ་པར་ཤིན་ཏུ་མཁས།དེ་ནི་ཁོང་གཞོན་ནུའི་སྐབས་ཀྱི་དུས་ཡིན་ལ་ཁོང་གིས་ཟློས་གར་འཁྲབ་སྟོན་པ་དང་།འཁྲབ་ཁྲིད་པ་བྱེད་པའི་དུས་རིམ་ཡིན།རྒྱུ་རྐྱེན་དེའི་དབང་གིས་ཁོང་གླུ་ཚིག་རྩོམ་པ་པོར་གྱུར་ནས་སྙན་ངག་འབྲི་བའི་གོམ་པ་དང་པོ་དངོས་སུ་སྤོས་ཏེ་ཀུན་གྱིས་བསྔགས་བརྗོད་ཀྱི་མེ་ཏོག་གི་ཕྲེང་བ་འགུལ་རྒྱན་དུ་བཀོད་དེ།ཁོང་གི་སྙན་ངག་གི་ལམ་ལ་ཞུགས་པར་སྐུལ་མ་དང་སྤྲོ་བ་བསླངས།

ཡུལ་མདོ་སྨད་ཀྱི་སའི་ཆར་གཏོགས་པའི་ཙོང་ཁའི་ཡུལ་ཁམས་བཅོ་བརྒྱད་དུ་གྲགས་པའི་ནང་གསེས། སྐུ་འབུམ་ཚོ་དྲུག་གི་ཡ་གྱལ་ཆི་ཀྱྰ་ཚོ་བའི་ནང་ཚན་ཅིང་ཞི་ནང་གྲོང་ཚོ་རུ་སྤྱི་ལོ་ཆིག་སྟོང་དགུ་བརྒྱ་སོ་གསུམ་ལོའི་ཟླ་གཉིས་པའི་ཚེས་བཅུ(1933/2/10)ཉིན།མེ་ཏོག་གི་ཆར་བ་དང་འཇའ་ཚོན་གྱི་གུར་ཁྱིམ་སོགས་སྐྱེས་ཆེན་ཚོའི་འཁྲུངས་རྟགས་གང་ཡང་མེད་པར།སྐྱེས་བོ་ཕལ་བ་དག་དང་འདྲ་བར་ཨ་མའི་ཟུག་གཟེར་དྲག་པོའི་ཁྲོད་ནས་ངུ་སྐད་མཐོན་པོ་དང་ཆབ་ཅིག་བྱིས་པ་སྤྱི་བཏང་བ་ཞིག་སྐྱེས་བྱུང་།རྗེས་སུ་ཕ་མ་གཉིས་ཀྱི་འདོད་བློ་ལྟར་བྱིས་པ་དེའི་མིང་ལ་ཡི་དམ་ཚེ་རིང་ཞེས་བཏགས།

དེ་ནི་སྙན་ངག་གི་རྣམ་ཤེས་སུ་འབོད་ཆོག་ལ་སྙན་ངག་གི་བླ་སྲོག་ཏུ་གྱུར་བའི་ངེས་དོན་སྙན་ངག་མཁན་པོ་ཡི་དམ་ཚེ་རིང་ལགས་རེད།དེ་ནི་ང་ཚོས་སླར་ཡང་འཚོལ་བཞིན་པའི་སྙན་ངག་གི་རྣམ་ཤེས་ཡི་དམ་ཚེ་རིང་ལགས་རེད།

རྩོམ་ཁུངས། ༢༠༠༥ལོའི་དུས་རབས་ཀྱི་ང་།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གནམ་སྔོན་པོར་ཀ་བ་མེད། སེང་དཀར་མོར་སྲབ་ཐུར་མེད།

2009-10-22 ཐོར་རླུང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།