ཨའོ་མིན་ལགས། ང་ཚོ་ཉི་མའི་གླིང་ལ་འགྲོ།

སྲབ་མཐུག་ཤོར་བའི་དུས་རབས་ཀྱི་དཀྱོགས་མཚམས་ཤིག་ནས།

ང་ཚོས་རྨི་ལམ་ཁོ་ན་རུམ་སྟེ་སྟོང་བསམ་གྱི་འཇིག་རྟེན་བཞེངས།ས་ཆེན་པོ་སྔར་བཞིན་སྨག་རུམ་གྱིས་གཡོགས།ཆུ་གཙང་བོ་སྔར་བཞིན་ཆབ་རོམ་གྱིས་བསྒྲིམས།མདུན་སྐྱོད་ཀྱི་ང་ཚོ།ཐང་ལ་འགྱེལ་ཅིང་འདམ་གྱིས་གོས།ཕུག་བསམ་གྱི་ཁྲག་རྒྱུན་དྲོན་མོ།ཕམ་ཁའི་ལྷགས་རླུང་རྩུབ་མོས་བཅད།གྲང་ཤུར་ཤུར་གྱི་ལོ་ཟླའི་ནང་།ང་ཚོར་ཁྱིམ་གཞི་མེད་པའི་རྨི་ལམ་མང་།དེ་ལྟར་ནའང་།དགུན་གྱི་དུས་ཚིགས་ལ་དཔྱིད་དཔལ་གྱིས་སྡོམ་ཚིག་འགོད་སྲིད་པའི་ཡིད་ཆེས་བཅངས་ནས། དཔའ་ཞུམ་སྡོང་ལོ་རླུང་ལ་མ་བསྐུར་བར་དད་པའི་ཨ་ལོང་ཐུགས་ལ་འཇགས།

ཁ་དོག་གཅིག་པའི་ཕུགས་བསམ་གྱི་འཇིག་རྟེན་གྱི་སླད།འགྱེལ་ཞོར་དང་ལངས་ཞོར།ངུ་ཞོར་དང་དགོས་ཞོར་བྱས།ང་ཚོ།དུས་རབས་ཀྱི་རེ་བའི་ཕོ་ཉ་ཡིན།ལོ་ངོ་བཞི་བརྒྱའི་སྐྱོ་གདུང་དང་མིག་ཁུ་འཁུར་ཏེ།རྨི་ལམ་ལྟ་བུའི་བགྲོད་ལམ་འདིར་བརྒལ་ནས་རྨི་ལམ་ནང་གི་འཇིག་རྟེན་བསྙེགས་ཏེ་ཉི་མའི་གླིང་ལ་འགྲོ།

ཨའོ་མིན་ལགས།དུངས་ཞེན་རླབས་སུ་འཕྱོ་བའི་གླུ་ཞིག་ལོངས་དང་།ཤོར་ཟིན་པའི་རྨ་ཁ་གླུ་ཡིས་གསོས་ཆོག་ལ།རེ་སྨོན་གྱི་བགྲོད་ལམ་ཡང་ཁ་བ་རྐྱང་རྐྱང་ག་ལ་ཡིན།ཨའོ་མིན་ལགས།ལག་རྡང་དམ་པོར་སྦྲེལ་ནས་མགོ་བོ་ཡར་ལ་དགྱེ་དང་།ཉི་མའི་གླིང་ན།འོད་ལམ་ལམ་གྱི་འོད་སྣང་འཚེར་བས།ང་ཚོའང་དྲོད་སྐྱིད་ཀྱི་ཕ་ཡུལ་དེར་ལོག་འགྲོ།ཉི་མའི་གླིང་།ཞི་བདེ་དང་ཉི་འོད་ཀྱི་བཟི་བའི་མིའི་རིགས་ཀྱི་སྐྱེད་ཚལ་ཡིན།ཕྱོགས་ཞེན་གྱི་ལྟ་བ་བྲལ་བའི་མཐུན་སྒྲིལ་གྱི་ཁྱིམ་གཞི་ཡིན།ཉི་མའི་གླིང་།ཉི་མའི་གླིང་།རེ་བཞག་ཁྲི་ཕྲག་གི་ཁུག་པ་ན་འཚེར་བའི་ང་ཚོའི་མུ་ཏིག་གི་བགྲོད་ལམ་ཡིན།ཉི་མའི་གླིང་ན་འབྲོང་ཤི་བའི་ལོ་རྒྱུས་དང་གླག་གི་འཕུར་ཉེས་ཀྱི་སེམས་འགྱུ་ཡོད།དེ་བས་དུས་རབས་ཀྱི་གླག་ཕྲུག་ཚོ།ཉིས་སྟོང་ལོའི་ཉི་གསར་དང་ལྷན་དུ།ཐོབ་འོས་པའི་ཐ་སྙད་རྒྱབ་ཏུ་ཁུར་དང་།ང་ཚོ་མཉམ་དུ་ཉི་མའི་གླིང་ལ་འགྲོ།

རྩོམ་ཁུངས། རྩོམ་རིག་འདབས་བརྒྱའི་ཚལ་ཡངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨའོ་མིན་ལགས། ང་ཚོ་ཉི་མའི་གླིང་ལ་འགྲོ།

2009-10-17 འབའ་སེང་སྨྱོན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།