བསམ་གཞིགས།

བསམ་གཞིག་གི་ཐ་མག་རེ་རེར་མེ་རུ་སྒྲོན་ནས་སྐྱིད་ལ་སྡུག་པའི་མི་ཚེའི་བཤུལ་ལམ་རིང་མོར་རྒྱང་སོ་རེར་བྱས་པ་ན།  དགོད་སྤྲོ་ཞིང་ཞེ་སྨྲེང་བའི་དགའ་སྐྱོའི་གཏམ་རྒྱུད་དག་ཡིད་འཛིན་གྱི་རས་ཡོལ་ངོས་སུ་ལྷམ་མེར་འཆར་འོང་ཞིང་།  རང་ཉིད་ཀྱི་ཐལ་དྲགས་པའི་ངང་ཐུང་གི་གཤིས་ཀ་དང་མངོན་སླ་བའི་དགའ་སྡུག་གི་རྣམ་འགྱུར་རེ་རེར་དྲན་པའི་མེ་ལོང་ངོས་ལ་གློག་བརྙན་བཞིན་འཆར་འོང་བས།  མི་ལོ་སུམ་ཅུར་བུད་པའི་དེ་རིང་གི་བློ་མིག་ཡིས་ཁ་སང་གི་འདས་དོན་དག་ལ་བློ་རྣལ་མས་བསམ་གཞིག་རེར་བྱས་ཚེ། བཟི་བོ་གར་ལ་རྩེན་འདྲའི་མི་ཚེའི་བཤུལ་ལམ་གྱི་རྐང་རྗེས་ཁྲོད་དུ་དགའ་སྐྱོ་ཟུང་འདྲེས་ཀྱི་འཚོ་བའི་གཏམ་རྒྱུད་དག་མུ་ཏིག་བསྟར་ལ་བརྒྱུས་པ་བཞིན་དྲན་འཛིན་ངོས་ལ་གསལ་ལེར་མངོན་ཞིང་།  མི་ལུས་རིན་ཆེན་ཟེར་བ་ཉིད་འདི་ལྟར་ཟིང་ཟིང་གི་འཚོ་བའི་བསླུ་བྲིད་འོག་ནས་རྣམ་གཡེངས་དང་ལེ་ལོའི་ངང་ཆུད་ཟོས་སུ་སོང་བ་བསམ་ན་སེམས་ཁོང་ནས་འགྱོད་པ་ཟད་མི་ཤེས་པ་ཞིག་སྐྱེས་དུས་ཀྱང་ཡོད་མྱོང་།

 ཡིན་ནའང་བདག་གིས་ནམ་ཡང་འདས་དོན་གྱི་དྲན་པ་རབ་རིབ་དག་སུན་སྣང་གི་སྐྱོན་གྱིས་མ་གོས་པར་ཡང་དང་བསྐྱར་དུ་ཕྱིར་དྲན་བྱས་པ་ཡིན་ལ།  འདས་སོང་གི་བཤུལ་ལམ་ཁྲོད་ནས་བོར་ཟིན་པའི་རང་ཉིད་ཀྱི་གྲིབ་མ་རྙེད་ངེས་ཤིང་།  གྲིབ་མ་དེ་ནི་མེ་ལོང་ཞིག་དང་མཚུངས་པར་རང་ཉིད་ཀྱི་ཐལ་དྲགས་པའི་སྤྱོད་ཚུལ་རེ་རེར་ཟུར་ཟའི་རི་མོའི་ཚུལ་གྱིས་མེ་ལོང་ཁྲོད་ནས་མངོན་ཡོང་ཞིང་། དེས་ནམ་ཡང་མི་བུ་ཚོའི་འགྲོ་འདུག་སྤྱོད་གསུམ་དེ་ཡུལ་དུས་ཀྱི་ཆོས་ཉིད་ལས་འདའ་མི་འོས་པའི་ཉེན་བརྡ་གཏོང་ཅིང་མཆིས།  མཆོད་རྟེན་འགྲོགས་ན་དཀར་རག  སླ་ང་འགྲོགས་ན་དྲེག་ནག་ཞེས་མི་རྣམས་ཀྱིས་བརྒྱ་ཁ་གཅིག་མཐུན་སྒོས་བཟང་འགྲོགས་ངན་འགྲོགས་ཀྱི་དབྱེ་བ་གསལ་དགོས་པའི་བསླབ་བྱ་གནང་བ་བཞིན།  བདག་གིས་ནམ་ཡང་ཡུལ་དུས་གང་ལ་འཕྲད་ཀྱང་རང་ཉིད་སླ་ང་འགྲོགས་ནས་དྲེག་ནག་ཏུ་མི་འགྱུར་བའི་དམ་བཅའ་ཡང་དང་ཡང་དུ་བཞག་ནའང་།  འཚོ་བའི་བཞུད་ལམ་ཁྲོད་ཁེ་ཕན་དང་འདུན་ལམ། དངུལ་ལོར་དང་བུད་མེད་སོགས་མིག་ཟུང་འཁྲུལ་རུ་འཇུག་པའི་ཚོང་རྫས་བཞིན་བཀྲམ་འོང་དུས།  ངས་རང་ཉིད་ལ་བློ་ཡིད་ལས་འདས་པའི་དྲེག་ནག་ཞིག་འགོས་མི་འོང་ངམ་སྙམ་པའི་དོགས་པ་ཞིག་སྐྱེས་ནས་འོང་། གྲོགས་པོ་འདང་ཅན་དེ་ཚོས་ཁ་པར་བཏང་ནས་ནང་མ་ཁང་དུ་ཤོག་དང་ཆང་འཐུང་ཟེར་།  སྐབས་དེ་ཤེད་ལ་བདག་གིས་ཨུ་ཚུགས་མཐར་སྐྱེལ་སྒོས་སྤར་མོའི་ནང་ནས་སྨྱུག་གུ་འཆང་བཞིན་ངོ་བསྡུས་ནས་ཅི་ཞིག་འབྲི་རྒྱུ་ཨེ་རྙེད་ལ་རེ་ཤིང་།  ཞོ་ལྟར་ཆགས་པའི་མཐོ་སྒང་གི་གྲོང་ཁྱེར་འདི་ནས་རིག་གནས་ཀྱི་མཁའ་དབུགས་དྭངས་མ་ཞིག་བསྐྱར་དུ་འདྲེན་པར་རེ་བ་ཉག་ཅིག་བཟུང་ནས་དགའ་ན་དགོད་གྲོགས་དང་སྐྱོ་ན་ངུ་གྲོགས་ཤིག་ཅིས་ཀྱང་བཙའ་ཐབས་ལ་འབད་མོད།  འོན་ཀྱང་སྤར་མོའི་ནང་གི་ཕྲོམ་ཕྲོམ་བཞུར་བའི་རྔུལ་ཆུ་དང་གོ་རིམ་འཁྲུག་པའི་བསམ་གཞིག་དེ་དག་གིས་བདག་ལ་ནམ་ཡང་བར་ཆད་བྱེད་ཅིང་།  ཁྱེད་ཀྱིས་ཕལ་ཆེར་ཅི་ཡང་འཁྱོངས་སྲིད་ཀྱི་མ་རེད་ཅེས་ངོ་འཚང་འདྲི་བ་དང་མཚུངས།

གཟའ་འཁོར་རེའི་གཟའ་མཇུག་ཏུ་ཐོན་མ་ཐག་ཕྱི་རུ་འཆམ་འཆམ་དུ་འགྲོ་བ་ནི་ནམ་རྒྱུན་འཚོ་བའི་སྟེང་མེད་དུ་མི་རུང་བའི་གོ་རིམ་གལ་ཆེན་ཞིག་ལ་བརྩི་བཞིན་ཡོད།  གོ་རིམ་དེ་བདག་ལ་མཚོན་ན་རང་བྱུང་ཁམས་ཆེན་མོའི་མ་བཅོས་ལྷུན་གྲུབ་ཀྱི་མཛེས་སྡུག་མྱོང་རོལ་བྱེད་པའི་གོ་སྐབས་ཆེས་བཟང་ཤོས་ཤིག་ཡིན་ལ།  ནམ་རྒྱུན་དཔེ་དེབ་ཁྲོད་ནས་ཐག་ཆོད་དཀའ་བའི་གནད་དོན་དང་འཚོ་བའི་ཟང་ཟིང་ཁྲོད་ནས་ལན་རྙེད་དཀའ་བའི་འདྲི་གཞི་དག་ལྷིང་འཇགས་ཀྱི་ས་སྲོད་འདི་དང་འགྲོགས་ནས་དྲི་ལན་རྙེད་ནས་སེམས་ཀྱི་འཆར་སྒོ་ཡངས་པོར་ཕྱེ་བའི་སྐབས་ཀྱང་ཡོད།  བསིལ་འཇམ་གྱི་རླུང་བུ་དལ་གྱིས་ལྡང་ཞིང་གློག་སྒྲོན་གྱི་འོད་མདངས་སྣ་ཚོགས་ཆེམ་ཆེམ་འཕྲོ་བའི་མཐོ་སྒང་གི་མཚར་སྡུག་ལྡན་པའི་གྲོང་ཁྱེར་འདིས་ལྗོངས་རྒྱུ་བ་མང་བོ་ཞིག་གི་བློ་སེམས་དབང་མེད་དུ་འགུག་མྱོང་ལ། ལྗང་མདོག་གི་ནམ་མཁའ་དང་དྭངས་གཙང་གི་མཁའ་དབུགས་ཁྲོད་འཚོ་བཞིན་པའི་བོད་མི་དག་ཀྱང་སྤྲོ་འཛུམ་ལྷུག་ལྷུག་ངང་རང་བྱུང་ལྷུན་གྲུབ་ཀྱི་མཛེས་སྡུག་དྭངས་མ་འདིར་ལོངས་སུ་སྤྱོད་ཀྱིན་མཆིས།          

དེ་དང་བསྟུན་ནས་ཡིག་ནོར་དང་ཚིག་སྐྱོན་གྱིས་ཕྱུགས་པའི་མདོག་ཡལ་བའི་སྒོ་བྱང་རེ་རེས་སུ་ཞིག་ལ་ངོ་འཚང་འདྲི་བ་ལྟར་ཉམ་ཐག་པའི་རང་མདོག་ཕྱི་རུ་བསྟན་འདུག་ལ།  ནམ་ཡང་བག་ལྷོད་ངང་ཉི་མ་གཏོང་བའི་ས་འདིའི་མི་རྣམས་ཀྱིས་རང་ཉིད་ཀྱི་ཕ་སྐད་གཙང་མ་དག་ཀྱང་མི་རིང་བར་འདོར་སྲིད་སྙམ་པའི་སྣང་བ་ཞིག་སྟེར་ཤིང་།  ན་གཞོན་རང་རློམ་པ་འགས་ང་རྒྱལ་གྱི་མགོ་བོ་གྱེན་དུ་བཏེགས་ཏེ་ཡབ་མེས་ཚོའི་བླ་མེད་མཛད་རྗེས་ལ་བློ་ཡིད་ཚིམས་བཞིན་ཇ་ཆང་གི་ཀློང་ནས་དུས་ཚོད་མང་བོ་འཕངས་མེད་ངང་འཕྲོག་བརླག་ཏུ་གཏོང་ཚུལ་རྣམས་མཐོང་འོང་དུས་། མ་འོང་བ་ན་དབྱངས་གསལ་གྱི་ཕ་ཁྱིམ་འདི་རུ་ཤེས་རིག་གི་ཉི་གཞོན་ཞིག་ཅིས་ཀྱང་འཆར་ཐབས་དབེན་སོང་སྙམ་པའི་འགྱོད་གདུང་ཞིག་ཀྱང་སྐྱེས་འོང་། ལོ་རེའི་དཔྱིད་གསུམ་གྱི་དཔལ་ཡོན་མངོན་པར་མཚེས་དུས་དབེན་ཐང་གི་གྲོང་བརྡལ་འདི་ཉིད་གཉིད་ལས་སད་པའི་བྱིས་པ་ཇི་བཞིན་འདུ་འཛི་དང་འུར་ཟིང་གིས་ཁེངས་ངེས་ཤིང་། དབྱར་རྩྭ་བསྡུ་མཁན་དང་མར་ཉོ། པགས་པ་ཉོ་མཁན་དང་ཤ་མོ་བསྡུ་མཁན། ད་དུང་བལ་ཉོ་དང་གནའ་རྫས་བསྡུ་མཁན་སོགས་ཀྱིས་སྐད་འཛེར་འཛེར་ངང་ཚོང་བཤད་སྣ་ཚོགས་བརྒྱབ་ནས་ཡུལ་འདིའི་ལྷིང་འཇགས་དཀྲོགས་ནའང་།  དཔྱིད་ཟླ་གསུམ་གྱི་དུས་ཡུན་དེ་ཆུ་རྒྱུན་གྱི་འགྲོས་ལྟར་གནས་གང་ཞིག་ལ་བཞུར་ཚར་དུས།  ཡུལ་འདིའི་མི་རྣམས་ཀྱིས་ཡང་བསྐྱར་ཅི་ཞིག་གོ་སོང་བ་ལྟར་ལྷིང་འཇགས་སེ་བུད་འགྲོ།   བོད་ཀྱི་གནས་རི་འགངས་ཆེན་དང་བཙན་པོའི་མཚན་མིང་། རྣམ་ཐར་ཟློས་གར་སོགས་ཀྱི་མིང་སྙན་པོ་དག་ཇ་ཁང་དང་ནང་མ་ཁང་སོགས་ཀྱི་སྒོ་བྱང་གི་མིང་དུ་བཏགས་ནས་ཚོང་བྲིན་ཐབས་བྱེད་པའི་སྦྱིན་བདག་དེ་ཚོས་སྣང་བ་ཡང་མོ་རླུང་ལ་བསྐུར་བའི་གསར་བུ་ཚོར་བག་མེད་སྒྱིད་ལུག་གི་འཚོ་བར་གོམས་པའི་ས་ཁོངས་ཡངས་མོ་ཞིག་འདོན་སྤྲོད་བྱས་འདུག་ལ།  ཉིན་གཅིག་གི་ཉི་མའི་འཆར་ནུབ་འང་མི་ཚོར་བའི་མི་བུ་འདི་དག་གི་སོས་དལ་གྱི་ཁ་བརྡ་ལྷོད་མོ་ལས་མི་རིགས་ཤིག་གམ་ཡང་ན་སྤྱི་ཚོགས་ཤིག་ལ་འགན་འཁུརབའི་འདུ་ཤེས་ཤིག་རྩ་བ་ཉིད་ནས་མེད་པ་རྟོགས་ཐུབ།  ང་རང་འདི་ལྟར་རྨི་ལམ་ལྟ་བུའི་འདང་རྒྱག་གི་མཚོ་མོའི་ཀློང་ནས་ཕྱིར་སད་པ་ན། ཁོར་ཡུག་ཐམས་ཅད་ལྷིང་འཇགས་སེ་གྱུར་ཡོད་ལ།  དུས་ཚོད་ཀྱི་ཐག་སྒྲ་རེ་རེར་སྒྲ་འཛིན་ལམ་དུ་གསལ་ལེར་ཐོས་པ་དེས་ད་གཟོད་ང་ལ་ཁེར་རྐྱང་གི་འཚོ་བའི་ཀློང་ནས་སུན་སྣང་བཟོད་དཀའ་བ་ཞིག་སྐྱེས་སུ་བཅུག།   

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བསམ་གཞིགས།

2009-10-08 ཨ་པཎ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།