ལམ་དར་སྐུད་འདྲ་བོ་འཐེན་ལ་ཤོག

          ལ་མགོའི་ཉི་མ་ནུབ་ལ་ཁད།།

         ནུབ་ལ་ཁད་ལ་དཔེ་ཞིག་འཇོག།

         ངའི་དྲིན་ཆེན་ཕ་མ་དེའི་རང་བཞིན།།

         འདི་ནུབ་ལ་དྲོད་ཁོལ་འཛོམས་ན་འདོད།།

           དབྱངས་རྟ་འདི་དང་ལྷན་དུ་ངའི་ཨ་མ་འཇིག་རྟེན་སྟེང་དུ་ཐོག་མར་སླེབས་ཤིང་།སླར་ཡང་བདེ་མོ་དང་གྱེས་ཚིག་ཅི་ཡང་མེད་པར་ང་ཚོ་དང་བར་ཐག་རིང་བའི་གནས་དེར་བཞུད་སོང་།འདམ་རྫབ་ཀྱིས་ཁེངས་པའི་མི་ཚེའི་བགྲོད་ལམ་སྟེང་དུ་ཁོ་མོའི་དགའ་སྐྱོ་ཆགས་སྡང་གི་མིག་ཆུ་ཅི་འདྲའི་མང་བོ་ཞིག་ཟགས་མྱོང་ལ། དེ་རིང་ཕོ་ལོ་ཉི་ཤུ་ལ་ཉེ་བའི་ངས་ཀྱང་མི་ཚེའི་དཀྱོགས་ཤིག་ནས་མགྲིན་པ་གཟེངས་སུ་བཏེགས་ཏེ་དམངས་གཞས་ཐུང་ངུ་འདི་ངག་ནས་ཤོར་དུས།རྒྱུན་རིང་བའི་དབུགས་རིང་ཞིག་གིསངའི་དོན་ལྔ་སྣོད་དྲག་གི་དཀྱིལ་སྙིང་བཟུང་ཚར་ཞིང་།སེམས་སྨྲེང་བའི་འདས་དོན་ཞིག་གིས་ངའི་ཡོད་ཚད་ལ་གསོན་ཉམས་རྒྱས་སུ་བཅུག།ཏག་ཏག་སྐབས་འདི་ལ་ངས་མཁའ་ཡི་རྒྱུ་སྐར་དང་ས་ཡི་མེ་ཏོགསྟོད་ཀྱི་གངས་རི།སྨད་ཀྱི་རྫ་ཆུ་སོགས་ལས་ཨ་མའི་ཞབས་རྗེས་འཚོལ་བཞིན་གྲོང་ཁྱེར་དང་བར་ཐག་ཉེ་བའི་ས་ཁང་ཞིག་ནས་སྐྱོ་གཞས་འདི་ངང་གིས་བླངས་ཤིང་ལྷུག་རྩོམ་གྱི་མཛའ་མོ་འདི་ལ་ཤར་མར་རང་ཁྱིམ་དུ་བག་མར་བསུས།

ཨ་མ།རྔམ་བརྗིད་ཀྱི་རི་བོ་དང་དྭངས་གསལ་གྱི་གཙང་བོ་བསྐྱུར་ནས་ཁྱེད་རང་གང་དུ་བཞུད་སོང་།ཚར་རྒྱུ་མེད་པའི་མི་ཡུལ་གྱི་ཞོགས་པ་རེ་རེར།རང་བྱུང་ཁམས་ཀྱི་སྣང་ཚུལ་སྣ་ཚོགས་ཀྱིས་ཁྱེར་ལ་རྗེས་དྲན་གྱི་མཆོད་མེ་སྒྲོན་བཞིན་མྱ་ངན་གྱི་ཞུ་ཚིག་གཏོར་གྱིན་འདུགཨ་མ།ཡིག་དྲུག་གི་འཁོར་ལོ་དང་དཀོན་མཆོག་གི་སྐུ་རྟེན་བསྐྱུར་ནས་ཁྱེད་རང་གང་དུ་བཞུད་སོང་།ཟད་རྒྱུ་མེད་པའི་མི་ཡུལ་གྱི་ས་སྲོད་རེ་རེར།གནམ་འོག་གི་སྲོག་ལྡན་གྲངས་མེད་ཀྱིས་ཁྱེད་ཀྱི་ཞི་འཇམ་གྱི་གཤིས་རྒྱུད་གླེང་བཞིན་བླ་མེད་ཀྱི་སྙིང་སྟོབས་འཆད་ཀྱིན་འདུག

              ཨ་མ།བགྲེས་སོང་གི་ཨ་ཕ་དང་ལན་ཆགས་ཀྱི་བུ་ཕྲུག་ཚོ་བསྐྱུར་ནས་ཁྱེད་རང་གང་དུ་བཞུད་སོང་།ཉི་མ་སུམ་བརྒྱ་དྲུག་ཅུའི་ཁེར་རྐྱང་གི་བྲང་གཞུང་རེ་རེ་ནས། འཇིག་རྟེན་སྟེང་གི་རླབས་ཆེ་བའི་སྙན་ངག་པས་ཁྱོད་ཀྱི་བློ་ཡིད་ལས་འདས་པའི་སྤོབས་པ་གླེང་བཞིན་འདྲ་མིན་གྱི་རྟོགས་བརྗོད་རྩོམ་གྱིན་འདུག ཨ་མ།ཕྲན་དང་རིང་དུ་བྲལ་ཞིང་བདག་ལ་སྙིང་ནས་བརྩེ་བའི་དྲིན་ཆེན་ཨ་མ་ཡ།ང་ཚོ་དང་རྒྱང་ཐག་རིང་བའི་ཡུལ་གྲུ་དེ་ནས།བུ་ཆུང་གི་སེམས་ཁོང་རུས་པའི་གཏིང་ནས་བརྡོལ་བའི་ཨག་འབོད་འདི་གསན་ཨེ་བྱུང་།ཉིད་ཀྱིས་སྐབས་འདིའི་བུ་ཆུང་གི་དོན་ལྔ་སྣོད་དྲུག་ཚང་མ་དྲན་གདུང་གི་མིག་ཆུས་བརླན་ཡོད་པ་མཐོང་ཨེ་སྲིད།ད་དུང་མང་བོ་ཞིག་གི་ཕྱིར་དུ་རང་ཉིད་ཀྱི་གཅེས་ཕྲུག་གནམ་སྔོན་པོའི་འོག་རོལ་ན་རྐང་ཐང་གིས་ལམ་ལ་ཆས་གྱིན་པ་ཡང་གཟིགས་ཨེ་བྱུང་།

ཨ་མ།ཁྱེད་ཀྱིས་ཆུང་དུས་ང་ལ་རྗེ་བཙུན་མི་ལས་སྔོན་གྱི་སྡིག་སྒྲིབ་སེལ་ཕྱིར་དཀ་བ་ཅི་ཙམ་མྱངས་ཚུལ།ཡུལ་མྱང་ཚ་དཀར་རྒྱན་གྱིས་ཨ་ཁུ་དང་ཨ་ནེ་ལ་འཁོན་ལན་བསློག་ཕྱིར་བུ་ཕྲུག་མཐུ་བསླབ་ཏུ་བཏང་ཚུལ་གྱི་སྙིང་སྟོབས་སོགས་རེ་རེ་བཞིན་འཆད་མྱོང་བས་ང་ལ་ངར་ཤུགས་ཤིག་ངང་གིས་རྒྱས་ཤིང་།སོང་ས་བསྡད་ས་ཀུན་ཏུ་ཞབས་རྗེས་རེ་ཅིས་ཀྱང་འཇོག་དགོས་སྙམ་པའི་སྣང་བ་ཐེངས་དུ་མར་བྱུང་།ཆུང་དུས་ནས་རིག་པའི་དགའ་ཚལ་འགྲིམས་པའི་སྐལ་བ་དྲིན་ཆེན་མ་ལོ་ཁྱོད་ལ་མ་ལྡན་པས།དགེ་རྒན་དང་སློབ་གྲོགས་ཟེར་བ་ཞིག་ཀྱང་འཇིག་རྟེན་འདི་ན་ཕལ་ཆེར་ཁྱེད་ལ་མེད།འོན་ཀྱང་།ཁྱོད་ཀྱི་བོད་ཡིག་གི་ཆུ་ཚད་སྐབས་དེར་བློ་ཡིད་ལས་འགོངས་པ་ཞིག་ལགས་པས་ངའི་སློབ་འབྲིང་དགེ་རྒན་ཞིག་ངོ་མཚར་ཆེན་པོ་སྐྱེས་ཤིང་།དགེ་ཐོན་སློབ་གྲྭ་ནས་ར་ཕྱིན་པའི་སློབ་མ་རེ་ཟུང་ངོ་ཚའི་ཐང་ཆེན་དུ་གཡུགས་པའང་ཐེངས་གཅིག་མིན།རྒྱུ་མཚན་དེ་དག་གི་དབང་གིས་སུས་ཀྱང་དོ་སྣང་ཆེར་མི་བྱེད་པའི་རུ་སྡེ་ཆུང་ཆུང་འདི་ནས་ཁྱེད་ལ་ཡོན་ཏན་པའི་མཚན་སྙན་དང་ཆོ་ལོ་ངང་གིས་ཐོབ་ཅིང་།བྱ་བ་ཅི་ཞིག་བསྒྲུབ་རུང་ཀུན་གྱི་བློ་འདྲི་ཡུལ་དུའང་གྱུར་ཡོད་མོད། ལས་བསམས་སར་མི་འགྲོ་གསེག་སར་འགྲོ་བ་བཞིན་མ་རུང་བའི་འཆི་བདག་གི་ཞགས་པ་སྔ་མོ་ནས་ཁྱེད་ཀྱི་ལུས་སྟེང་དུ་ཐེབས་ཡོད་པར་ལུས་ཅན་སུ་ཞིག་གིས་སྔོན་དཔག་བྱེད་ཐུབ། གནམ་སྔོན་པོས་གང་དུ་བཞག་ན་དེ་ནས་འདུག་དགོས་མོད་ཀྱང་གྲང་ཤུར་ཤུར་དང་སྟོང་སང་སང་གི་རང་ཁྱིམ་མཐོང་ཐེངས་རེར།ཨ་མ་ལགས།ང་ངོ་མ་འདི་ལྟར་འདུག་མི་བཟོད།ཀྱེ་ཧུད།གནམ་རྒན་མ།ང་ལ་དབང་བའི་བསྟི་གནས་དྲོན་པོ་དེ་དོན་དམ་པར་གང་ན་ཡོད།ཁོ་བོའི་རྩོམ་ཐུང་ཞིག་དུས་དེབ་སྟེང་དུ་སྤེལ་བའི་འཕྲིན་བཟང་དེ་ཁྱོད་ཀྱིས་ཐོས་མ་ཐག་དགའ་དྲགས་ཏེ་མིག་ཆུ་ཤམ་ཤམ་དུ་བཞུར་བའི་ངང་ཚུལ་དེ་ད་ལྟ་ད་དུང་ཡིད་ལ་དྲན་གྱིན་ཨེ་འདུག སྙན་ངག་གྱེར་འདོན་འགྲན་སྡུར་ཞིག་གི་ཁྲོད་ནས་ཁོ་བོར་སྟེས་དབང་གིས་བྱ་དགའ་ཨང་དང་པོ་ཐོབ་པར་ཁྱེད་རང་དགའ་བ་འབུམ་གྱིས་མྱོས་ཏེ་ཞག་འགར་གཉིད་མ་ཁུག་པའི་ངང་ཚུལ་དེ་ད་ལྟ་ད་དུང་ཡིད་ལ་དྲན་གྱིན་ཨེ་འདུག ཨ་མ་ཡ་ཨ་མ། ངས་བླངས་པའི་གྲུབ་འབྲས་རེ་རེ་དང་ང་ལ་ཐོབ་པའི་ཆོ་ལོ་རེ་རེ།ད་དུང་ང་སོང་མྱོང་བའི་བགྲོད་ལམ་རེ་རེ་ལ་ཁྱོད་ཀྱི་དྭངས་གཙང་གི་རྔུལ་ཆུ་དང་རྣག་ཁྲག་ཅི་འདྲའི་མང་བོ་ཞིག་འཐིམ་ཡོད་ཨང་། ཨ་མ། ད་ལྟ་ཁྱོད་ཀྱི་བུ་ཆུང་ལག་ཆགས་ཟིན།ད་ལྟ་ཁྱེད་བཞུགས་སའི་གནས་དེ་ནས་བུ་ཆུང་གི་ཡོད་ཚད་གསལ་ལྷང་ངེར་མཐོང་ཐུབ་ན། ངའི་རྨི་ལམ་གྱི་ཡུལ་ལྗོངས་ཆེན་པོ་རུ་ངེས་པར་དུ་ཐེངས་གཅིག་ཙམ་ལ་ཕེབས་རོགས།་ཕེབས་ནས་ཀྱང་འཇམ་པའི་ངག་དང་བྱམས་པའི་འཛུམ་གྱིས་ཁོ་བོར་མཐའ་མཇུག་གི་ཞལ་ཆེམས་ཕྲན་བུ་ཞིག་ཅི་ནས་ཀྱང་།ཅི་ནས་ཀྱང་གནང་རོགས།གཡས་གཡོན་གྱི་མི་ཚང་མར་བག་ཆགས་བརྗེད་དཀའ་བ་རེ་བཞག་རྗེས་ཁྱེད་རང་གནས་གཞན་ཞིག་ཏུ་གཤེགསོང་།ཞོགས་པ་དེར་ཨ་ཕས་ཕ་ཡུལ་དང་རྒྱང་ཐག་རིང་བའི་གྲོང་ཁྱེར་ནས་རང་ཡུལ་དུ་ཁ་པར་བཏང་བྱུང་།

                ངའི་ཚོར་སྣང་ལ་ནོར་འཁྲུལ་བྱུང་བ་མིན་ན་སྐབས་དེར་ཕྲན་གྱི་ཁོར་ཡུག་གི་ཡོད་ཚད་སྲོག་མེད་ཀྱི་བེམ་རོ་དང་གཉིས་སུ་མ་མཆིས་ཤིང་།ཐ་ན་འུ་ཚང་གི་སྙིང་ཉེ་བའི་བྱི་ལ་དེ་ཡང་དེ་འདྲའི་མཐོང་འདོད་མེད་པ་ཞིག ངོ་མ་ཐེངས་དེར་ཨ་ཕས་ང་ལ་ཅི་ཞིག་བཤད་སོང་བ་ད་ལྟ་བདག་ལ་གསལ་བོ་ཞིག་འཆད་རྒྱུ་མི་འདུག སྐབས་དེར་ང་ལ་རབ་རིབ་དང་མག་མོག་གི་སྣང་བ་སྟུག་པོ་ཞིག་གིས་ཡང་ཡང་གཙེས་ཤིང་མནར་བར་མ་ཟད། སྐྱོ་གདུང་དང་སྡུག་བསྔལ་ཟེར་བའི་ཐ་སྙད་ཀྱི་གོ་དོན་ངོ་མ་རྟོགས་བྱུང་།ད་དུང་ཤམ་ཤམ་དུ་བཞུར་བའི་མིག་ཆུ་མང་བོ་ཞིག་གིས་ཅི་ཞིག་གི་ཚབ་བྱེད་ཐུབ་པ་ཤེས་ཤིང་དེས་ད་དུང་བརྗོད་མི་ཚར་བ་ཞིག་སེམས་ཁོང་ནས་ཕྱིར་མངོན་དུ་འཇུག་ཐུབ་པའི་གནས་ལུགས་ཀྱང་ཐོག་མར་རྙེད། ངོ་མ་འཇིག་རྟེན་སྟེང་གི་སྣང་ཚུལ་རེ་ཟུང་ལ་ནམ་ཡང་ཡིད་རྟོན་བྲལ་ཞིང་ཡིད་ཆེས་བྱེད་རྒྱུ་ནི་དེ་བས་ཀྱང་ཁག ཉིན་དུ་མའི་སྔ་རོལ་ཏུ་་ཁྱེད་ཀྱི་བྱམས་བརྩེ་དང་འཛུམ་མདངས་ཀྱིས་ཁེངས་པའི་བཞིན་རས་བདག་གིས་དངོས་སུ་མཐོང་ཞིང་།ད་དུང་འཇམ་པའི་ངག་གིས་ཕྲན་ལ་བསླབ་བྱ་གནང་བའི་བཟོ་ལྟ་དེ་དེ་འདྲའི་སྙིང་ཉེ་ཞིང་ཡིད་དུ་འོང་བ་ལ།ངོ་མ། འཇིག་རྟེན་སྟེང་གི་ཡོད་ཚད་མི་རྟག་པའི་རྨི་ལམ་ཞིག་ལས་མ་འདས་པས་ངས་ནམ་ཡང་དང་ལེན་བྱེད་ཐབས་བྲལ།ཨ་མ།ཁྱེད་ཀྱིས་མིག་སྔར་བྱུང་བའི་སྐྱོ་སྡུག་གི་སྣང་ཚུལ་མ་ལུས་མཐིང་མདོག་གི་རྨི་ལམ་དུ་བསྒྱུར་རོགས།ཁྱེད་ཉིད་ནམ་ཡང་ངའི་རླབས་ཆེ་བའི་ཡུམ་ཆེན་ལགས་པས་ང་རང་དུས་གཏན་དུ་འཛུམ་མདངས་དང་འོད་སྣང་གི་ཁྲོད་ན་འཚོ།ཁྱོད་རང་ནམ་ཡང་མ་ཎི་ཡིག་དྲུག་གི་བདག་མོ་ཡིན་པས།ཕྲན་ཆུང་ནམ་ཡང་བགེགས་དང་བར་ཆད་མེད་པར་འཚར་ལོངས་འབྱུང་བཞིན་ཡོད།ཨ་མ།ངས་ངོ་མ་འདི་ཐམས་ཅད་མདང་ནུབ་རྨིས་པའི་རྨི་ལམ་ཞིག་ཡིན་འདོད།མཆོག་གསུམ་གྱི་བྱིན་རླབས་དང་མཐུ་རྩལ་གྱིས་ང་རང་རྨི་ལམ་འདི་ལས་བདེ་ལེགས་ངང་སད་པའི་སྨོན་ལམ།བདེ་ལེགས་ངང་སད་པའི་སྨོན་ལམ།

ཨ་མ།ཁྱེད་རང་སྙན་ངག་གྱེར་བར་མོས་པ་མ་ཡིན་ནམ།དེ་རིང་ཕྲན་ཆུང་གིས་ཁྱེད་ཀྱི་ཚབ་བྱས་ཏེ་གྲང་ཤུར་ཤུར་གྱི་མི་ཡུལ་ན་སྐྱོ་ལྷང་ལྷང་གི་སྙན་ངག་གྱེར་བཞིན་ཡོད་ལ། སྙན་ངག་གྱེར་བའི་གདངས་དབྱངས་མཚོ་སྔོན་པོའི་རླབས་སྒྲའི་ཁྲོད་ན་བར་མེད་དུ་མཁའ་རུ་སྐྱོམ་གྱིན་མཆིས།སྣང་ཚུལ་དེ་ལས་ངས་ཡང་བསྐྱར་ཁྱེད་ཉིད་གཟབ་ནན་གྱིས་རང་ཁྱིམ་གྱི་ཕྱོགས་སུ་ཡོང་གིན་ཡོད་པ་སླར་ཡང་མཐོང་།

ཨ་མ། ཁྱེད་རང་སྒྲུང་དཔེ་བཀླགས་པར་དགའ་བ་མ་ཡིན་ནམ།དེ་རིང་བུ་ཆུང་ངས་སྒྲུང་དཔེ་སྣ་ཚོགས་མདུན་དུ་སྤུངས་ཏེ་གླིང་དཀར་པོའི་དཔའ་བརྟུལ་རེ་རེའི་སྙིང་སྟོབས་དང་སྤོབས་པར་ཡི་རང་བྱེད་ཀྱིན་ཡོད། སྣང་ཚུལ་སྐད་ཅིག་མ་དེ་ལས་ཁྱེད་ཀྱི་ཡོད་ཚད་སླར་ཡང་གསལ་ལྷང་ངེར་ངའི་དྲན་པའི་མེ་ལོང་ངོས་སུ་འཁོར་བྱུང་།འཁོར་བྱུང་བས། ངས་ཚོད་ཚོད་ལ་སྙན་ངག་རེ་བྲིས་ན་འདོད་ཅིང་། སྐབས་སྐབས་སུ་ཀི་སྒྲ་ཞིག་གིས་རང་ལ་དབང་ཆོག་པ་ཐམས་ཅད་ཕ་རོལ་པའི་ལག་ནས་བསླང་ན་འདོད། ང་ལ་ཅི་ཞིག་ཡོད། ཅི་ཡང་མེད། ཡུམ་ཆེན་མའི་བྱམས་བརྩེ་དང་རིང་དུ་བྲལ་ཞིང་ཡུམ་ཆེན་མའི་བཀའ་དྲིན་ཡིད་ལ་དྲན་ཐེངས་རེར། འོ་སྐོལ་མགོ་ནག་མི་ཡི་གྲས་ན་ཁྱི་ལས་ངན་པ་དང་ཐ་ཤལ་བའི་བུ་ཞིག་གང་ན་ཡོད། ཇ་མངར་མོ་དཀར་ཡོལ་གང་ཡང་ཁྱོད་ཀྱི་ཕྱག་ཏུ་བཞག་མ་མྱོང་ཞིང་།ཐ་ན་སློབ་གསོ་རེ་གནང་དུས་ཀྱང་ཞིབ་ཏུ་གསན་མ་མྱོང་བར་མ་ཟད། ཅི་ཞིག་ཡིན་མདོག་ཁོ་བོས་ཁ་ལོག་ཚིག་ལོག་བརྒྱབ་པའང་གྲངས་སུ་མེད།དེ་ལྟ་ནའང་“ངའི་བུ་ཆུང”ཞེས་སྙན་མོའི་ངག་གིས་དགའ་རུ་འཇུག་ཅི་ཐུབ་བྱས་ཤིང་།ཟས་ཞིམ་པོ་ཁམ་གང་ཡོད་ན་བདག་ལ་སྟེར་བའི་སྣང་ཚུལ་དེ་དག་ཡིད་ལ་དྲན་ན་མི་ཡུལ་གྱི་རྗེ་བཙུན་སྒྲོལ་མ་དངོས་ཏེ་ཡུམ་ཆེན་མ་ཁྱེད་ལ་ཕྱག་གསུམ་འཚལ་ཆོག་པར་ཞུ། ཕྱག་གསུམ་པོ་འདིས་ཁྱེད་ཀྱི་རྒྱ་མཚོ་ལས་གཏིང་ཟབ་ཅིང་ས་གཞི་ལས་ཡངས་པའི་བཀའ་དྲིན་གྱི་ཆ་ཤས་ཙམ་ཕྱོགས་པའི་སྨོན་ལམ། ཕྱག་གསུམ་པོ་འདིས་ངེད་མ་བུ་ནམ་ཞིག་ལ་ལྷན་འཛོམས་འབྱུང་བར་བསྔོ་ཐིགས་པ་ཙམ་ཞིག་ཐོགས་པའི་སྨོན་ལམ།

ཨ་མ། ད་ལྟ་འཇིག་རྟེན་ཁམས་ན་བདེ་སྐྱིད་ཟེར་བ་ཞིག་ངོ་མ་མི་འདུག དུས་རྒྱུན་རིག་པའི་དགའ་ཚལ་ནས་སྦྱང་འབྲས་འོས་མཚམ་ཞིག་བླངས་ཏེ་རང་ཁྱིམ་དུ་འབྱོར་ཐེངས་རེར། སྔོན་ཆད་ཀྱི་དགོད་སྒྲ་དང་དྲོད་ཁོལ་གྱིས་ཁེངས་པའི་ཁྱིམ་ཚང་ཆུང་ངུ་དེ་ད་ལྟ་མིང་གི་ལྷག་མར་གྱུར་པར་མ་ཟད།གཞན་དག་ཀྱང་ལོ་ཟླའི་རླུང་འཚུབ་ཀྱིས་འཇིག་ལ་ཉེ་ཞིང་དུས་ཀྱི་ཕོ་ཉ་ཡིས་ཁྱུར་མིད་དུ་གཏོང་བར་བྲེལ།སྐབས་འདིར་ང་ལ་མཁོ་བ་ནི་རྒྱུ་འབྱོར་བ་དང་ནོར་ལོངས་སྤྱོད་ཅི་ཡང་མིན། མཚན་སྙན་གྲགས་དང་ཐོབ་གོ་ས་དེ་བས་ཀྱང་དགོས་དོན་མེད།ང་ལ་མྱུར་བ་མྱུར་དུ་ཡུམ་ཆེན་མ་ཁྱེད་ཀྱི་བྱམས་བརྩེ་དང་ཞལ་ཏ་མཁོ། ཕྲན་གྱིས་རིངས་པ་རིངས་པར་ཡུམ་ཆེན་མ་ཁྱེད་ཀྱི་ཞལ་མཛུམ་མཐོང་ན་འདོད།རེད་ཡ།འདི་དག་མ་ལུས་མདོར་ན་མངོན་དཀའ་བའི་རྨི་ལམ་ཞིག་ལས་མ་འདས་མོད།སྐབས་འདིར་ང་ལ་མཚོན་ན་རྨི་ལམ་གྱིས་ཀྱང་རེ་བ་དང་འོད་སྣང་སྣོན་ཐུབ་པར་མ་ཟད།རྒྱལ་ཁའི་ཕྱོགས་སུ་མུ་མཐུད་དུ་བསྐྱོད་པར་སྐུལ་སློང་བླ་མེད་ཅིག་བྱེད་ཐུབ།འདི་ནི་ངོ་མ་ཡིན། དཀོན་མཆོག་གིས་བདག་ལ་ཤ་ཁྲག་གདོས་བཅས་ཀྱི་ཕུང་བོ་ཞིག་བསྩལ་བར་ནམ་ཡང་བཀའ་དྲིན་ཞུ་འོས་མོད། འོན་ཀྱང་འདིས་ང་ལ་བདེ་སྐྱིད་ཕྲན་ཙམ་ཡང་བསྐྲུན་མ་ནུས།ཐ་ན་སྒྱུ་མའི་ལུས་ཕུང་འདིས་ཁྱེད་ལ་དྲིན་ལན་ཏོག་ཙམ་ཡང་གཞལ་མ་ནུས་པ་ཕར་ཞོག་ད་དུང་དགོས་མེད་ཀྱི་སེམས་ཁུར་དང་གྱོད་ཁ་ཇི་འདྲའི་མང་བོ་ཞིག་བསླངས་མྱོང་ཨང་།

ཨ་མ། དེ་ནི་ང་ཧ་ཅང་ཆུང་དུས་ཀྱི་གཏམ་རྒྱུད་ཅིག དྲན་ཐོག་ཏུ་ཨ་ཕ་དུས་རྒྱུན་ལྟོ་གོས་ཀྱི་སླད་དུ་ཕྱི་རོལ་ཏུ་སོང་སྟེ་ཡུན་རིང་བོར་ཕྱིར་འབྱོར་མི་ཐུབ་ཅིང་།ཕུ་བོ་གཉིས་པོའང་སློབ་ཆུང་ཞིག་ཏུ་བསྐྱལ་ཡོད།དེ་དུས་ང་ཧ་ཅང་ཆུང་།སྐབས་དེར་སྡེ་བ་ཆུང་ངུ་དེའི་ནང་ན་ཁྱིམ་གཅིག་གི་ཕོ་ལས་མོ་ལས་ཚང་མ་རང་གི་ཕྲག་ཏུ་ལེན་མཁན་གྱི་མཛངས་མ་ཁྱེད་ལས་སུ།ལས་ཀ་སྣ་ཚོགས་ཀྱིས་ཁྱེལ་ཁོམ་ལོང་ཏོག་ཙམ་ཡང་མ་བྱིན་རུང་ཕུ་བོ་གཉིས་སློབ་གྲྭ་ནས་ཕྱིར་འཐེན་བྱེད་པའི་དྲན་སྣང་འདྲ་ཁྱེད་ལ་གཏན་ནས་ཡོད་མ་མྱོང་།མི་མང་བོ་ཞིག་གིས་སྐབས་དེར་ཁྱེད་ལ་ཕུ་བོ་གཉིས་ཀྱི་གཅིག་ལས་རོགས་སུ་འགུགས་པར་ཡང་ཡང་གདམས་མོད། ཁྱོད་ཀྱིས་སྔར་བཞིན་དཀའ་བ་སྟོང་ཕྲག་རང་གི་ཕྲག་ཏུ་བླངས་ཏེ་དག་ལ་ཁ་ཡ་ཙམ་ཡང་མ་བྱས། ལས་ཀ་སྣ་ཚོགས་ཀྱི་ཞོར་དུ་ཁྱེད་ཀྱིས་ད་དུང་ལོ་ན་བདུན་ཅུ་ལ་སོན་པའི་རྨོ་མོ་ལགས་སྙོར་སྐྱོང་བྱེད་ཀྱིན་མཆིས། དེ་ལྟར་ཁྱོད་ཀྱི་ལང་ཚོ་ལྕི་འདམ་དང་ལུ་གུའི་འབའ་སྒྲའི་ཁྲོད་ནས་ཡལ་ཞིང་།ད་དུང་རང་ལ་གཏོགས་པ་མང་བོ་ཞིག་ཤེས་མེད་ཚོར་མེད་ངང་མཁའ་ཡི་སྤྲིན་པ་བཞིན་གར་སོང་ཆ་མེད་དུ་གྱུར། དེའི་ཕྱིར་སྐབས་འདིར་ངེད་མིང་སྲིང་ལྔ་བོ་རི་གསུམ་གྱི་རྩེ་ནས་འགྲེང་སྟེ་ཁྱེད་ཀྱི་མཚན་ནས་ལན་གསུམ་མི་འབོད་པའི་རང་དབང་ཅི། དུས་འདིར་ངེད་མིང་སྲིང་ལྔ་བོ་ལུང་གསུམ་གྱི་མདོ་ནས་སྒུར་ཏེ་ཁྱེད་ཀྱིས་བཞག་པའི་ཞབས་རྗེས་སྤྱི་བོར་མི་མཆོད་པའི་གནས་ལུགས་གང་།ལོ་ན་ཆུང་ཆུང་གི་ཡུམ་ཆེན་མ།ལོ་ངོ་དུ་མའི་རིང་ལ་ང་སློར་གྲྭ་དུ་མར་འགྲིམས་ཤིང་།གནས་ལུགས་ཀྱང་དུ་མ་རྟོགས་མོད།ཁྱེད་མེད་པའི་ཉིན་མོར།ང་ནམ་ཡང་མིག་ལོང་བཞིན་མདུན་ལམ་ལ་རྒྱང་ལྟ་བྱེད་ཐབས་བྲལ།ཨ་མ།སྐབས་འདིར།ང་ལ་ཁྱེད་ཀྱི་མཛུབ་ཁྲིད་ཇི་འདྲའི་མཁོ་ཨང་། བྱིན་རླབས་ཀྱིས་ཁེངས་ཤིང་ལྷག་བསམ་གྱིས་ཕྱུགས་པའི་ཁྱེད་ཀྱི་མཛུབ་ཁྲིད་དེ་ངོ་མ་ཇི་འདྲའི་རིན་ཐང་ལྡན་ཞིང་།སྨྲེ་སྔགས་ཅི་ཙམ་བཏོན་ཀྱང་འདས་ཟིན་པ་ཐམས་ཅད་སྣང་དུ་འཇུག་མི་ཐུབ་ལ།མིག་ཆུ་ནི་ཅི་ཙམ་བཞུར་ཡང་ཤོར་སོང་བ་མ་ལུས་ཕྱིར་ལེན་ཐབས་བྲལ་བས།ངས་འདི་ལྟར་མེད་མེད་མུག་མུག་གི་ཁྲོད་ནས་སྐྱོ་གཞས་དབྱངས་སུ་འགུགས་པ་སྟག་ཤར་ཞིག་གི་ལས་སྲོལ་ག་ལ་ཡིན། དེ་ལྟ་ན།ཨ་མ་ལགས། ཁྱེད་ཀྱི་བུ་ཆུང་གིས་གནམ་འོག་གི་དཀའ་བ་མ་ལུས་ཁུར་བླངས་ཏེ་ཅི་ནས་ཀྱང་གཞན་གྱི་རྗེས་སུ་མི་ལུས་པ་བྱེད་ངེས།མི་རབས་ནས་མི་རབས་དང་ལོ་རབས་ནས་ལོ་རབས་བར་ནོར་འཛིན་མར་བསྔགས་པའི་ས་ཡི་གོ་ལ་འདི་ཡང་འཇིག་སྲིད་ལ།དུས་རབས་ནས་དུས་རབས་དང་ཉིན་མཚན་ཁོར་

ཡུག་ཏུ་འཁོར་བསྐྱོད་ལ་བྲེལ་བའི་ཉི་ཟླ་གཉིས་ཀྱང་སྒྲ་གཅན་གྱིས་བཟུང་མྱོང་བས།ལོ་ན་བཞི་བཅུ་བརྒལ་མེད་པའི་ངའི་སེམས་ཁོང་གི་ཨ་མ་ལགས།ཉིད་ཀྱིས་ཡིད་ཆེས་གནོངས་དང་།ཁྱེད་ཀྱི་བུ་ཆུང་གི་སྙིང་སྟོབས་དང་སྤོབས་པ་ལ་ནམ་ཡང་ཞུམ་པ་བྲལ།ཁྱེད་ཀྱི་བུ་ཆུང་གི་མདུན་ལམ་དང་ཕུགས་བསམ་ལ་ནམ་ཡང་འོད་སྟོང་ལྡན། རྒྱུ་མཚན་ནི་ཁྱེད་ཀྱིས་བདག་ལ་ཐོག་མར་བསླབ་པ་ནི་སྙིང་རུས་དང་ལ་རྒྱའི་རང་མདངས་ཡིན་པས་སོ།།

     ཁྱེད་རྫ་རིར་མ་ཆགས་ཡུལ་ལ་ཤོག།

     ཁྱེད་སྤང་རིར་མ་ཆགས་ཡུལ་ལ་ཤོག།

     ཆུ་ཆེན་པོར་མ་ཆགས་ཡུལ་ལ་ཤོག།

     ལམ་དར་སྐུད་འདྲ་བོ་འཐེན་ལ་ཤོག།

      དབྱངས་རྟ་འདི་ཐོག་མར་སྲིང་ཆུང་མ་ཞབས་བྲོ་འཁྲབ་པའི་ཉམས་ཀྱི་འགྱུར་བ་རེ་རེ་ནས་བརྡོལ་འོང་ཞིང་། རིམ་གྱིས་ཕུ་བོས་བྲིས་པའི་ལྷུག་རྩོམ་ཚན་པ་རེ་རེའི་གླེང་གཞི་དང་ཆིག་ཤད་རེ་རེ་ལས་འཕྱུར་འོང་། མཐར་ཨ་ཕའི་དབུགས་རིང་དང་ངའི་ཀི་སྒྲ་རེ་རེ་ལས་ཀྱང་དབྱངས་རྟ་འདི་བསྟུན་མར་གྲགས་བྱུང་ལ། རྒྱུ་མཚན་དེའི་དབང་གིས་སེམས་འགྱུ་འདི་ནམ་ཞིག་ལ་ང་ཚོའི་ཐུན་མོང་གི་བགོ་སྐལ་དུ་སྨིན་ངེས་ཤིང་། དེ་དུས་ཨ་མ་ལགས་ཀྱི་ཕྱག་སོར་བསྐྱོན་དགོས་པ་ནི་ང་ལ་དབང་བའི་སྣུམ་ཤིག་ཤིག་གི་སྟོན་ཁ་དེ་ཡིན་པར་སུས་ཀྱང་ཡིད་ཆེས་གནང་ཆོག།

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལམ་དར་སྐུད་འདྲ་བོ་འཐེན་ལ་ཤོག

2009-10-08 སྐྱ་བྷ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།