མགྱོགས་བྲིས་ཁག་གཉིས།

བྱ་གཞུང་དབྱངས་བྷ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-09-03

                                                           ༼གྲོང་ཚོ་ཆུང་ཆུང༌།༽

            རི་རྩེ་ན་གོ་རིམ་མེད་པར་ཆགས་པའི་གྲོང་ཚོ་ཆུང་ཆུང་དེ། རྩེད་ར་ཆུང་ཆུང་ཞིག་དང་འདྲ།ཙོང་ཁའི་སྐྱེས་རི། མི་ལོ་ཁྲི་ཕྲག་ལ་ཉལ་སྟངས་གཅིག་གིས་གཉིས་པའི་འབྲོང་རྒོད་ཁེར་སྐྱེས། ཉམ་ཆུང་གི་ངུར་སྒྲའི་ཁྲོད་ན། རྩེད་ར་ཆུང་ཆུང་ཞིག་གི་ཆག་འཇིག་གསལ་ལེ། གསལ་ལེར།སྐབས་དང་སྐབས་སུ། བྱིས་པ་དེའི་ངུ་སྐད་གཉོམ་པོ་རྣ་ལམ་དུ་འཁོར་གྱིན་འདུག 
   རྐང་རྗེས་ཆུང་ཆུང་ཞིག་ཐེངས་གྲངས་མེད་ལ་ཕབ་མྱོང་བའི་རི་ལམ་གྱ་གྱུ་དེ་འདེད་དུས། ཕ་ཡུལ་ལ་ལོག་པ་དང་འདྲ།མཁར་རྙིང་མཐོན་པོའི་ནང་རོལ་གྱི་ཁང་མིག་གསར་བ་གྱན་འགའ། རྡོ་གཅལ་དང་མཐིལ་ཤིང༌། དབེན་འཇགས་ཁྲོད་ཁུ་སིམ་མེར་ཁྱབ་ཀྱིན་འདུག་པའི་སྤོས་དྲི། སྤོས་དྲིའི་ཁྲོད་ཁུ་སིམ་མེར་བྲི་བཞིན་པའི་མར་མེ། མར་མེ་འགྲམ་ན་ཁུ་སིམ་མེར་འགྲེང་བའི་ཚ་མོའི་གཉེར་རིས..............................                     

          ཁྱེད་ཀྱི་བུ་ཆུང་མཚོ་སྔོན་པོའི་འགྲམ་ནས་འོངས། མིག་ཟུང་གི་གཏིང་མཐའ་ན།སྐྱུར་སིལ་ལེར་འཁྱིལ་བའི་མཚོ་སྔོན་པོས། རྡོ་གཅལ་ངོས་ཀྱི་ཉམ་ཐག་པའི་རྐང་རྗེས་ཆུང་ཆུང་དེ་ཚོ་བཀྲུ་ཆོག་པར་ཞུ།
གྱ་གྱུའི་ངང་ལུང་མཐིལ་ལ་བཞུར་གྱིན་པའི་རི་ལམ་ཕྲ་མོ་དེ་འདེད་དུས། ཕ་ཡུལ་ལ་གྱེས་པ་དང་འདྲ།རི་རྩེ་ན་གོ་རིམ་མེད་པར་ཆགས་པའི་གྲོང་ཚོ་ཆུང་་ཆུང་དེ། ཆར་ཆུས་འཇིག་གིན་པའི་རྩེད་ར་ཆུང་ཆུང་ཞིག་ཡིན།
སྐབས་དང་སྐབས་སུ།  བྱིས་པ་དེའི་ངུ་སྐད་གཉོམ་པོ་རྣ་ལམ་དུ་འཁོར་གྱིན་འདུག
                                                                    ༢༠༠༢ལོའི་༢༩ཉིན།
                                                   ༼ དམར་གཙང་དགོན་དུ་ཕྱིན་པ།༽

             ཉི་མ་ལྷ་ས། ཐག་རིང་ཐག་རིང་གི་ཉི་མ་ལྷ་ས་ནས། མི་ཕོ་གསུམ་གྱིས་ཆོས་འདུལ་བ་དྲེལ་ལ་བཀལ་ནས་སླེབས་བྱུང༌།གཟན་དམར་གྱི་གོས་འདབས་ལྷབ་ལྷུབ། བྲེད་དངངས་ཀྱི་ཕྱི་མིག་ལང་ལོང༌། ཟླ་ལམ་ཉིན་གྱིས་གཞལ་ཏེ་སླེབས་བྱུང༌།
           དུས་དེར། མི་ནག་རྟ་ནག་བེར་ནག་ཅན། མི་དཀར་རྟ་དཀར་བེར་དཀར་ཅན་ཞིག་ཀྱང་སྡང་བའི་སོ་ཕྲེང་ཐག་གེར། བཅོས་མའི་འཛུམ་ཆུང་ལྷང་ངེར། ལྷ་ཇོ་བོའི་སྐུ་མདུན་ནས་ག་ལེར་མངོན།
         སྐད་ཅིག་སྐད་ཅིག་ལ། མདའ་མོ་དེ་མཐེབ་བར་ནས་ཤོར་སོང༌།སྐད་ཅིག་སྐད་ཅིག་ལ། མདེའུ་དེ་སྔོ་སིང་ངེར་ལོ་རྒྱུས་ཀྱི་སྙིང་རྩར་ཟུག་སྟེ་ལུས།
        དེ་ནས་བཟུང༌། ལྷ་སའི་རྡོ་རིང་གི་ཡི་གེ་དེ་ཀློག་འཕྲོར་ལུས་སོང༌། དེ་ནས་བཟུང༌།མི་ནག་རྟ་ནག་བེར་ནག་ཅན།མི་དཀར་རྟ་དཀར་བེར་དཀར་ཅན་དེ་བྲག་ལྕིབས་ལ་འུག་པ་བཞིན་བསྐུར་སོང༌།
       དེ་ནས་བཟུང༌།མི་ཕོ་གསུམ་པོས་ཞེ་ལྷོད་པོར་ཇ་སྐོལ་བཞིན་ཆོས་འདུལ་བས།གྲི་མདུང་མཚོན་ཆ་ལ་གོམས་ཤིང་གྲི་མདུང་མཚོན་ཆ་བཞིན་རྣོ་བའི་གཏུམ་དྲེགས་ཀྱི་སེམས་པ་གྱོང་བོ་དག་མཉེད་འགོ་བརྩམས།དེ་ནས་བཟུང༌།མགོ་བོ་སྒུར་དགོས་བྱུང་ཐེངས་རེར།་མི་ནག་རྟ་ནག་བེར་ནག་ཅན།མི་དཀར་རྟ་དཀར་བེར་དཀར་ཅན་དེ་དྲན་ལ།ཕམ་ཉེས་ཀྱི་ཕྲག་གདང་ལྷོད་ཐེངས་རེར།ཆོས་འདུལ་བ་དྲེལ་ལ་བཀའ་བའི་མི་ཚོ་ཡང་ཡང་དྲན།
                                     ༢༠༠༢ལོའི་ཟླ༧པའི་ཚེས༣༡ཉིན།

རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག་དེབ་གསུམ་པ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མགྱོགས་བྲིས་ཁག་གཉིས།

2010-09-03 བྱ་གཞུང་དབྱངས་བྷ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།