འཁོར་བ་རྩེ་བརྒྱད་ཀྱི་ཚན་པ །

རྨ་ཆུའི་བསམ་གཏན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-08-21

                             ༼རྩེ་མོ་དང་པོ།༽
       ང་ཚོ་གསོན་པའི་ས་ཡི་གོང་བུ་འདིའི་སྟེང་ན་སྲོག་ཆགས་སྣ་ཚོགས་ཁྲི་ཁྲི་འབུམ་འབུམ་དུ་འཚོ་བཞིན་རང་གི་འདུན་པའི་ཆེད་དུ་སང་ཉིན་གྱི་ཟ་མ་འཚོལ་གྱིན་ལས་ཀ་མི་ལེགས་པ་ཅི་ཡང་སྒྲུབ་མུས་སུ་གནས།
       ཆོས་ཉིད་བསུབ་མེད་གཅིག་སྟེ། ང་ལྟོགས་ན་ཁྱོད་འཆའ་བར་ཐེ་ཚོམ་མེད་ལ། གྲོས་ཁ་ཡང་སྡུར་མི་དགོས་པར་རང་ཉིད་གསོན་ཐབས་ལ་བསམ་བློ་གཏོང་རྒྱུ་རེད། དེ་ལ་ཚོད་འཛིན་ནམ། ཁྱོད་བདེ་ང་བྱོན་གྱི་འཆམ་མཐུན་ཡང་མཐུན་གྱི་གཞིས་ཁྲོམ་ཞིག་སྲོག་ཆགས་གང་ལའང་མེད་པའི་ཚད་དུ་སླེབས་འདུག་མོད།  དེ་ནི་འཇིག་རྟེན་སྣོད་བཅུད་ཀྱི་སྡུད་སྒྲིག་ཅིག་ཡིན་ཡང་སྲིད། དགོས་ངེས་ཀྱི་འགྲོ་བ་འཁོར་སྐྱོད་བྱེད་སྟངས་ཤིག་ཡིན་ཡང་ཆོག
        མི་ཚོས་དེ་ལས་ལྡོག་སྟེ་ཁོ་ཚོ་ནི་སྙིང་རྗེ་ཞེས་པའི་ཐ་སྙད་ལ་བརྩི་བཀུར་ཞུ་མཁན་སྔ་མ་ཡིན་ཞིང༌། ས་གནས་གཉིས་ཀྱི་ཁོར་ཡུག་ལ་རང་དབང་གི་དར་ཆ་ཕྱར་མཁན་གྱི་སྲོག་ཆགས་དགའ་རབས་ཤིག་ཡིན་ཟེར། ཁོ་ཚོས་རྟ་འདྲ་བའི་ལྕགས་ཞོན། བྱ་འདྲ་བའི་རྣོ་ལེབ་ཀྱི་གཤོག་པ་ཐོགས། རྒྱ་མཚོ་བཙགས་ནས་གཡས་བསྲེག ས་རྡོ་བཙུར་ནས་སྣུམ་བསྲེག  རི་རབ་འབྲུས་ཏེ་གསེར་བསྲེག སྤྲིན་པ་བཟུང་ནས་ཆར་བཞོས། དྲེད་འདྲ་བའི་ཁོ་ཚོས་ནམ་མཁའི་ཉི་ཟླ་གསར་བ་བཟོ་དགོས་ཟེར།གཏོར་བརླག་པ་ཁོ་ཚོ་ནི་ཡོད་ཚད་ཡིན་ཟེར། རང་བྱུང་ཁམས་ཀྱི་འབྱུང་བ་བཞི་ནི་རང་དབང་གི་ལས་སྣོད་བཟོ་གྲྭ་ལ་འཇུག་དགོས་ཟེར། མ་གཞི་མྱི་ཡི་ཕུང་ཁམས་གྲུབ་སྟངས་ཀྱི་མ་ལག་དང་ཉིང་ལག་ཚང་མ་ཆ་མ་ཚང་བ་ཞིག་ཏུ་ལྟ་བཞིན་འདུག འདྲེ་འདྲ་བའི་ཁོ་ཚོ་ལ་ཀླད་ཆེན་ཞིག་ཐོགས་པ་ནོར་འཁྲུལ་ཞིག་མ་ཡིན་ནམ།
                             ༼རྩེ་མོ་གཉིས་པ།༽
       མི་སྣ་གཉིས་ཀྱི་ངོ་སྤྲོད་ལས། མངོན་སུམ་དུ་མི་དེས་རང་ཉིད་ལ་སྡང་སེམས་ཁོག་བཅངས་ཀྱིས་ཁ་བགད་དེ་གནོད་པ་ཅི་བྱོན་བྱེད་པ་ཤེས་ནའང༌། མི་ཁཀ་བ་ཉིད་ཀྱིས་དེ་ནི་རང་བཞིན་ཞིག་ཏུ་འཛིན་པ། མི་ཟེར་བ་དེའི་ངན་ལམ་གྱི་རང་མཚན་ཞིག་ཏུ་ལྟ་ཡང་སྲིད་མོད།གནས་ཚུལ་དེའི་མཇུག་འབྲས་ནི་གོམས་པའི་ལམ་ནས་སྐྱེན་པའི་ནད་ཡམས་ཤིག་ཡིན་པ་ན།དེང་ཐོག་གི་ཕན་ཚུན་ལག་འདྲིས་ཀྱི་གུ་ཡངས་ནི་ནོར་འཁྲུལ་ཞིག་ཏུ་འགྱུར་སོང་བ་རེད།མི་ག་བ་ན་རེ། དུག་ལ་དུག་ལན་དང༌། སྨན་ལ་སྨན་ལན། འཐབ་རྩོད་དང་རྒྱལ་ཕམ།  ཁྱོད་ཤི་ང་གསོན་གྱི་མི་ཡུལ་ཞིག་ན་སུ་ཞིག་སུ་ལ་ཟ་ཐུར་རྩེ་རྣོན་རེ་མི་འཛིན་པའི་དབང་ཆ་ཡོད།དེ་ནི་བུམ་པ་སྤྱི་བླུགས་ཀྱི་ཆབ་སྲིད་གོ་རྟོགས་ཟེར་བ་དེ་རེད།ང་ཚོས་དེ་ལ་མི་ག་བའམ་ནམ་ཡང་ཨང་རིམ་གཉིས་པ་ལ་འཇོག་པའི་མི་ནད་པ་ཞིག་སྡོད་ཅིག་ཏུ་ལྟ་དགོས།  རྩྭ་གཟན་གྱི་རི་དྭགས་དེ་ནི་སུ་ལའང་མ་གནོད་པར་འཚོ་བཞིན་སྤང་ཁུག་དེར་ཅུང་ཟད་གཉིད་དུ་ཡུར་ནའང༌། ཤ་གཟན་གྱི་མཆེ་བ་དེ་གར་ནས་འདེབས་པར་སུ་ཞིག་ལ་གསལ་ཆ་ཡོད། ཉིད་ལ་གྲིབ་མ་བཞིན་འགྲོགས་པའི་མི་དེ་ནི་མཆེ་བ་གཙུགས་པའི་ཤ་གཟན་དེ་མ་རེད་ཅེས་ན་བྱང་ཆུབ་སེམས་དཔའ་གང་ཞིག་ཁོང་འདར་བྱེད་སྲིད་ལ།  ད་ཅི་ལྟར་མི་སྐད་ཀྱི་ལམ་ནས་འགྲིག་མཐུན་དང༌།  ངོ་ཚ་དགོས་བ་སོགས་ཆེས་ཡང་བའི་ཐ་སྙད་སྐོར་ཞིག་བཤད་ཆོག  དེ་ནི་ཐབས་ཟད་པའི་མངོན་རྟགས་ཤིག་ཀྱང་མ་ཡིན་ནམ།
                                ༼རྩེ་མོ་གསུམ།༽
       བགྲོད་ལམ་དེའི་འགྲམ་རྒྱུད་དུ་མེ་ཏོག་བཙོང་མཁན་གྱིམཛེས་མ་དེ་ནི་ཉིད་ཀྱི་དུས་ཚོད་ལ་བར་ཆད་གཏོང་མཁན་གྱི་དུག་རྩྭའི་ལོ་མ་ཟ་བའི་རྒྱ་བྱ་ཞིག་ཡིན་ན། མཛེས་པའི་མེ་ཏོག་དེ་ལ་ཡིད་ཅིག་མི་གཡོ་ཟེར་ན་རྫུན་དུ་འགྲོ་སྲིད་དེ། བསིལ་སྐྱིབས་དེ་རུ་གཡུ་ལོའི་ཇ་ཕོར་ཁམ་གང་མི་བཞེས་ཟེར་ན་དཔའ་དམ་འཛིན་མཁན་གྱི་སྐུ་སྲུང་བ་ཞིག་ལ་གང་དུ་བརྩི།  གནའ་མིའི་གཏམ་དཔེ་ཞིག་ཏུ་འཁོར་གསུམ་ཐོགས་པའི་དཔའ་བོ་དེས་ཀྱང༌། དགྲ་མགོ་རྩྭ་བཞིན་འབྲེག་པར་ནུས་ནའང༌།ལྟོགས་སྐོམ་ཉིད་ནི་བཟོད་པའི་མཐའ་མི་ཡལ་ཞེས་པ་བཞིན།  ཆེས་མཛེས་པའི་མི་གཤིས་ཀྱི་དག་སྣང་ལ་ཕྱོགས་ནས་འཚོ་གཞིས་གླེང་ནའང༌། མི་ནི་གཤིས་ཀ་ཙམ་གྱི་སྤྱི་བླུགས་སུ་བཙོན་ལ་བཅུག་ཡོད་པ་ཅི་རེད།ལྷན་སྐྱེས་ཟེར་ན་ཕ་མ་ནོར་སོང་བ་ཡིན་དུ་ཆུགས། ཕྱི་ནང་རྐུན་མའི་ལས་ལ་གང་ཡང་འགོག་ཐབས་མི་འདུག མི་སྙིགས་དེ་ཚོ་ནི་ང་ཚོའི་རྩེད་ཆས་ཙམ་དུ་འཇོག་དགོས།གནའ་བོའི་ཇ་ལམ་གྱི་ནོམ་པ་ནི་གང་ལྟར་མཁན་གྱི་ཕྱི་ལ་སྐྱེལ་དགོས་བ་རེད་དེ།དེ་ནི་གོང་མ་ལ་སྐྱེལ་དགོས་བའི་འབུལ་སྡུད་ཀྱི་གསེར་དངུལ་མ་ཡིན་ནམ།ཉི་ནུབ་རྫི་གླུ་དེ་ནི་བྱང་ཁུལ་གྱི་བུ་མོ་དེས་བཏང་བའི་འབྲོག་གཞས་སྙན་ཤས་དེ་ཡིན་ནའང༌། ཉིད་ལ་ཡིད་ཀྱི་རྟ་ཁ་བསྐོར་བའི་དབང་ཆ་ཞིག་གང་ན་ཡོད། ཤེས་ན་རྣ་བའི་བདུད་རྩི་རེད། མ་ཤེས་གླུ་བའི་ཁ་མཚར་རེད། འགྲོ་རན་དུས་སུ་ལའང་དབང་ཆ་ཏིལ་ཙམ་ཡང་མེད། རྒྱུ་མཚན་ནི་དབང་ཆ་འཛིན་མཁན་གྱི་རྒྱལ་བོ་དེ་ཡང་འགྲོ་དགོས་པས་སོ།།
                             ༼རྩེ་མོ་བཞི་བ།༽
       མི་དེ་སྲང་བར་ནས་ཁ་མཁས་ཤིག་ཏུ་འགྱུར་ནས་གང་ཡིན་ལ། གང་ཡིན་དུ་སྐད་ཆ་གང་བྱུང་དུ་བཤད་རྒྱུ་བྱས།མི་གཞན་དེ་ན་རེ།མི་དེ་ནི་ཁོམ་སོང་བ་རེད་ཟེར།ཡིན་ནའང་མི་དེ་ནི་ཁྱིམ་བདག་ཅིག་ཡིན་ཞིང༌། རང་གི་བཟའ་ཚང་དང་བུ་ཕྲུག་ཡོད་ལ། དེ་དང་འབྲེལ་བའི་སེམས་ཁུར་ཡང་མི་ཆུང་བ་ཞིག་ཡོད། དངུལ་བུན་ལེན་མཁན་ཞིག་ཏུ་བརྫི་དགོས་པའི་རྒྱུ་མཚན་ཡང་དེ་རེད། བར་འདུག་གམ་མི་དེའི་ཚབ་བྱེད་ཀྱི་མི་ཞིག་གཏན་ནས་མ་རྙེད་ལ།  མི་དེ་ལ་རང་དང་བློ་སེམས་མཐུན་པའི་གྲོགས་པོ་རྡོ་འདྲ་མ་གཅིག་ཀྱང་མེད་སོང་བས་མི་གྲངས་གོང་འཕེལ་བྱུང་བའི་ས་ཁུལ་དེ་རུ་མི་དེ་ལ་རང་ཉིད་ཁེར་རྐྱང་ཡིན་པའི་སྣང་བ་ཞིག་སྐྱེས། སྐབས་རེ་རེ་བཞིན་ཅི་བྱ་གཏོལ་མེད་དུ་འགྱུར། ཁ་གསོ་བ་དང་རྒྱབ་འགེབ་པ།  བག་མ་དང་མག་པའི་ངོ་སོ་འཛིན་དགོས་པ། གང་ལྟར་རྐང་བ་གཉིས་ལ་བརྟེན་ནས་མི་བཞིན་སྲང་བར་དུ་ཞུགས་དགོས་པ་ཡིན་པ། དམིགས་ཡུལ་གང་ཡིན་པ། དེ་ཡང་སྔ་དྲོའི་ཉི་ཤར་ལ་གཉིད་དུ་མ་ཡུར་བར་རང་གི་ཁྱིམ་ཚང་གི་བྱ་བ་སེམས་ལ་བཟུང་ནས་སྲང་བར་དུ་ཐོན་ཞིང༌། རིག་རིག་ཐུག་ཐུག་ལ་རང་གི་འོས་བབ་དང་མཐུན་པའི་ཁ་ཡག་ཁ་དར་རེ་ཐེན་ནས་དུས་ཚོད་བགྲོད་དགོས་པ། བཤད་བཤད་ཀྱི་རྔ་མར་ཉིད་ལ་གང་འདྲ་ཞིག་ལག་ཏུ་འཐོབ་སོང༌། བཤད་དཀའ་མོ་རེད། ཉེ་གམ་ན་སྙིང་ཉེ་བའི་དཔྱད་བརྗོད་པ་ཞིག་ཡོད་ན་ཅི་མ་རུང༌། དཔྱད་བརྗོད་པ་དེས་རང་ཉིད་ཤི་ལམ་ནས་སྐྱོབ་ཡང་ངེས། མི་དེ་ལ་ད་དུང་དུས་ཚོད་མང་ཙམ་ལྷག་ལས་ཆེ། གང་ལྟར་ཁོ་རང་ལྷོད་དུ་བབས་འདུག ངས་དེ་ལྟར་རང་གི་སྣང་བ་ལ་ཞུགས་པའི་ཡི་གེ་འབྲི་བཞིན་ཡོད། ཤི་འགྲོ་མི་རྣམས་ཀྱིས་ད་དུང་ཧབ་དགོད་རྒྱག་གིན་འདུག སྣང་ཚུལ་དེས་ང་ལ་ན་ཟུག་ཅིག་དབང་མེད་བྱིན་བྱུང༌། དེར་བསྟེན་ལས་ཀ་གཞན་ཞིག་གི་རྒྱབ་གཟུགས་མངོན་མི་ཡོང་ངམ། དངུལ་ཁང་བདག་པོ་ཞིག་ཏུ་འགྱུར་བའི་གོ་རིམ་ལ་ཞུགས་ནས་བཟོ་སྐྲུན་དང༌། གཞི་ཁྱིམ།བཟའ་ཚང༌། གསང་གྲོགས། གླ་རོགས།  གབ་མཐུན། ཡར་འཐེན་པ་སོགས་ལ་དུས་ཚོད་དམ་འཛིན་བྱས་ན་ཞིག་མ་ཡིན་ནམ། མི་དེ་ཡིས་ཆུང་དུས་ནས་བརྩོན་པ་བྱས་པའམ་ཡང་ན་སློབ་གྲྭ་འདོན་པའི་གོ་སྐབས་མ་བྱུང་བ་ཡིན། གང་ལྟར་ཀ་ངོ་ཡིག་ངོ་མི་ཆོད་པས་དཀའ་ཁག་རིམ་པ་ཞིག་ལ་ཕྲད། དེ་ནི་སྒྱུ་རྩལ་མ་སད་པའི་བར་དོ་ཞིག་གི་བརྡུང་ལེན་པ་རྣམས་དང་འདྲ་བར་གང་ལའང་འགན་མི་འཁུར་བར་དགའ་གླུ་དང༌། སྐྱོ་གླུ། ཆགས་གླུ། འཁེང་གླུ། ངར་གླུ། མངར་གླུ་སོགས་ཁ་འདོན་བཞིན་ག་སར་གད་སྙིགས་བཞིན་དུ་ཕོད་པ་ཨེ་མ་ཇི་ལྟར་འགྲེལ་བཤད་རྒྱག ད་དུང་མི་རེ་འགས་ཁོ་བོ་ཚོ་ལ་མི་རིགས་ཀྱི་མགྲོན་ཚབ་པ་ཟེར། དེ་ནི་སྐྲ་ལོ་རིང་བ་ཙམ་མིན་པར་བོད་ལ་བོད་ཆས་གྱོན་ནས་ཡིན་ཆོག་ཆོག་གི་འགྱིང་སྟབས་བྱེད་པ་སོགས་ཁྱད་ཆོས་རེ་འགའ་ཡོད་པས་མ་ཡིན་ནམ།ངས་ཁོ་ཚོའི་ནང་དོན་ལ་ཞུགས་ནས་རིག་གནས་ཆུ་ཚད་ཀྱི་སྐམ་ས་ན་ཉ་མོ་དང་སྦལ་བ་སོགས་སྐོར་བྲོ་ལྡང་མཁན་འགའ་ཡོད་པའང་ཤེས། ཏུང་ཧོང་མྱ་ངམ་ཐང་གི་མཚེའུ་ཟླ་གམ་མ་ལ་བལྟས་ནས་གཅེར་བུ་གང་མང་ཞིག་ཀྱང་མིག་ལམ་དུ་བརྒྱབ་བྱུང༌།
                             ༼རྩེ་མོ་ལྔ་པ།༽
        གླུ་བ་དེ་ནི་རང་བཞིན་གྱི་མི་སྣ་སྤྱིར་བཏང་བ་ཞིག་སྟེ་ཡར་དཀོན་མཆོག་ལ་མཆོད་པ་དང་མར་དབུལ་འཕུང་ལ་བྱིན་པ་ཟེར་ན་འབྱོར་བ་མེད་པས་བཤད་དཀའ་ནའང༌།  རང་གི་སེམས་པ་གངས་རི་ལས་ཀྱང་དཀར་ཞེས་པའི་གླུ་དེ་ནི་མི་ཁོ་ལ་ཆེད་དུ་བླངས་པ་འདྲ།གླུ་བ་དེ་ལ་དགུན་གྱི་ཁུ་བྱུག་ཅེས་བྱ་མིང་ཞིག་བཏགས་པ་ནས་བཟུང་མི་དེས་ཀྱང་རང་ཉིད་ལ་གཤོག་སྒྲོ་མེད་པ་མ་གཏོགས་འདབ་ཆགས་བྱ་དང་ལྟོས་འཇོག་གི་འབྲེལ་བ་ཞིག་ཡོད་པར་བག་ཆགས་སད།རང་ཉིདགར་ནས་མི་གཞན་ལས་ཁྱད་པར་ཅན་ཞིག་ཏུ་བཀར་བ་མ་ཤེས་ཀྱང༌།རང་ཉིད་ལ་ཉིད་གཅིག་པུར་སྡོད་དུས་སུ་རང་གི་ཡུལ་ལྗོངས་ཤིག་ཡོད་པར་འཁྲུལ་སྣང་སྐྱེས།སྣང་བད་དེ་ནི་སྦྲིད་སྨད་ནས་ལས་ཀ་འདྲ་མ་ཞིག་ལས་དགོས་པ་མི་ཁོམ་པའི་གཞི་རེད།མ་ཁོམ་ན་རང་གསོན་ཡོད་པའི་བདེན་དཔང་ཡིན་ཟེར།མི་དེ་དག་གིས་འཇིག་རྟེན་འགྲུབ་སོང་ཟེར་ཡང་སྲིད། 
                                ༼རྩེ་མོ་དྲུག་པ།༽
        ཡིད་སེམས་ཤོར་བའི་མི་དེའི་ཕྱོགས་ལ་མི་སྐད་འགའ་རེ་ལབ་དགོས་བྱུང་སོང༌། མི་ལོ་འགའ་འདས་ནའང་དེ་ལ་ལོ་རྒྱུས་ཀྱི་རིན་ཐང་འདྲ་གཏན་ནས་མེད་དེ།དོན་དག་ཡོད་ཚོད་ནི་རང་གི་སྣང་བ་ཙམ་ལ་བཏགས་ནས་བྱུང་བ་རེད་ཟེར།ཁོ་མོ་ཡང་དེ་བཞིན་འཚོ་བའི་འདམ་རྫབ་ཏུ་ལྷུང་ནས་ནག་རལ་དུ་བཏང་འདུག རང་ཉིད་དང་ཐོག་ཅི་འདྲ་ཞིག་ཡིན་པ་རང་གིས་ཀྱང་བརྗེད་འདུག་པའི་ཚད་དུ་ལྷུང་ཡོད་ལ་ཉེ།ཉེ་འཁོར་གྱི་མི་སྣ་ཤ་ཚ་ཟེར་བའི་ཉེ་དུ་ཚོས་དོན་དག་དེ་ལ་ཁ་ཡ་གཏན་ནས་མི་བྱེད་པར། ངོ་ཚ་བ་ལ་ཟེར།  
       རང་གིས་ཀྱང་སྐབས་རེ་རེར་དེ་འདྲའི་དོན་དག་ཆུང་ཆུང་ཞིག་ད་དུང་སེམས་ནས་མ་བརྗེད་པ་ནི་ངོ་ཚ་ཞིག་ཏུ་ཤར།ངོ་ཚ་དེ་ནི་དོན་ལ་མི་ཆོས་བླ་མའི་རྫུན་ཆོས་ཤིག་དང་འདྲ་བར་རང་གིས་རང་ལ་མགོ་བསྐོར་གཏོང་བྱེད་དུ་འགྱུར། གང་ལྟར་ཚད་ལྡན་ནམ་སེམས་ཤེས་ཚེས་སྐད་ཆ་སྙན་མོ་གང་མང་ཞིག་ལབ་ནའང༌།མི་དེ་སེམས་པའི་གཞོང་ནས་ཡལ་ཐབས་བྲལ།དེ་ནི་གནད་དོན་ཞིག་ཏུ་བཤད་ཀྱིན་འདུག འཇིག་རྟེན་གྱི་མི་རྣམས་གཡོ་སྒྱུ་ནས་མགོ་གཡོག་མགོ་བསྐོར་གྱི་དོན་དུ་མི་ཚེ་སྐྱེལ་མཁན་འབའ་ཞིག་བསམ་ན་མུ་མཐུད་དུ་མི་ཡུལ་འདི་རུ་འཚོ་དགོས་པའི་དོན་སྙིང་མི་འདུག་ཅེས་རང་ཉིད་ཕ་རོལ་ལ་འགྲོ་བའི་སེམས་ཐག་ཀྱང་བཤད་མྱོངས།འཚོ་བ་ཟེར་བའི་ཟོག་རྭ་དེ་ན་འདོགས་ཐག་གི་དྲ་བ་དྲ་བྱེད་ཕྱོགས་ག་སར་འཐེན་ཡོད་པས་བརྩེ་དུང་རང་ཡིན་པ་ཞིག་གི་མེ་ཏོག་གང་ནས་གསོ་ཐུབ།  ཡིད་ཀྱིས་གསོས་ཤིང་བཞེངས་པའི་མེ་ཏོག་གི་སྐྱེད་ཚལ་དེ་དག་རེ་རེ་མིག་ལམ་དུ་མངོན་ཐེངས་རེར་ལྷག་ཏུ་མི་དེའི་བསམ་པ་རྣམ་དག་གི་སྐོར་ལ་ཡིད་རེ་མི་འཁོར་ཐབས་མེད་བྱུང༌། སྣང་བ་དེའི་རྩ་བ་དང་རྩེ་མོ་གང་ལ་ཕྱོགས་ནས་འཇིག་རྟེན་ན་ཡོད་མེད་གང་གི་རིན་ཐང་ཞིག་ངེས་པར་རྙེད་ཐབས་བྱ་དགོས་བ་ཞེ་ན། གཞིས་ཀའི་ཕར་རྒྱབ་ཀྱི་མི་རྣམས་དེ་ལ་འཐད་པ་མིན་ཁོ་ཐག་རེད།མི་མང་ཆེ་བས་རྒྱུན་ལྡན་ནམ་རང་བཞིན་གྱི་འཚོ་བ་ཞིག་རོལ་ཐབས་ལ་བསམ་གཞིགས་བཏང་ནས་བསྡད་ཡོད།མི་དེ་ནི་འཁོར་བ་སྐྱོང་ཐབས་ཀྱི་གསབ་སྦྱོང་འཛིན་གྲྭ་ནས་མཐར་ཕྱིན་འོང་བ་འདྲ།ཁོས་ནི་རྒྱུ་ནོར་དང་རིགས་རྒྱུད་ཀྱི་རྒྱ་ཁྱོན་ལ་འདི་དང་དེ་ཞེས་བགྲོ་གླེང་བྱེད་ཀྱིན་འདུག མི་དེ་ནི་ཆེས་དྲང་གཏམ་བཤད་མཁན་ཞིག་ཡིན་པས་འཇོན་ཐང་གི་བསླུ་བྲིད་ལ་མི་འཁོད་པའི་མི་ཉེན་ཁ་ཅན་ཞིག་མ་ཡིན་ནམ།  ངས་དེ་བཞིན་ཁོ་དང་ཁོ་མོ་ཡིན་པའི་མི་སྣ་ཡོད་ཚད་ལ་འཁྲུལ་སྣང་གི་ཡུལ་ལ་འཁྲིད་པའི་ཆུང་འདྲིས་རྣམས་ལ་དོགས་ཟོན་མཛོད་ཅེས་མི་བཤད་ཐབས་མེད་བྱུང༌།
                                 ༼རྩེ་མོ་བདུན་པ།༽
      མི་དེ་རུས་པ་རྡོ་རྗེ་བྲག་གི་རྒྱུད་ལས་ཆད་པ་ན་གོང་གི་ལྷ་བར་གྱི་བཙན།འོག་གི་ཀླུ་དང་འབྲེལ་བ་ཡོད་པས་ཁོ་ནི་རི་ལུང་བ་ཞིག་གི་རྒྱལ་བོའམ་འགོ་དཔོན་གྱི་སྡུ་འཕྲོ་ཞིག་ཡིན།སོང་ས་བསྡད་ས་ནས་སྣང་བ་ནི་འདི་དང་ཕྱི་མ་བར་དོ་གསུམ་ན་རང་གི་ཚོད་ཀྱིས་འབར་གས་བྱེད་ཀྱིན་གདའ།འབར་གས་དེ་ནི་ཨ་མ་ལགས་ཀྱིས་ན་སོན་ཟངས་བསྲེག་བྱས་པ་དང་འདྲ་སྟེ། ཚག་ཚག་ཟེར།ཁོ་རང་གི་སྡུག་ཡུས་དེ་ནི་གནས་ལུགས་ཤིག་གི་རྩིས་ཐང་ཡིན་ནམ། ཆགས་ཞེན་གྱི་སྡུ་འཕྲོ་རེད།ཞིབ་ཏུ་བསམ་ན་སྙིང་རེ་རྗེ།ངོ་མ་ཉིང་བ་ཤོར་འདུག    མི་དེ་ལའང་རང་ཉིད་ཀྱི་རྒྱ་འབྲས་ལྟ་བ་ཡོད་འདུག གཙོ་བོ་རང་གི་ལས་ནི་བོད་ཅེས་པའི་ཆོས་ལྡན་གྱི་ཡུལ་དུ་སྐྱེས་བ་བླངས་པས་ང་རྒྱལ་དང༌།རང་ཉིད་སྨྲ་ཤེས་ཤིང་དོན་གོ་བའི་མཚན་ཉིད་ལ་ཁེ་དཔང་འཐོབ་པའི་གང་ཟག་ཅིག་ཡིན་པའི་ང་རྒྱལ།རང་ཉིད་དུད་ཁ་བརྒྱ་རུ་ལོན་པའི་སྡེ་དཔོན་ཆུང་ཆུང་ཞིག་ཡིན་པའི་སྡུག་ཡུས།ད་ནི་རྒྱལ་ཁབ་ཅེས་པའི་བཙན་འཛུལ་མགོ་ཤོར་བས་མ་ཡིན་ནམ།གཅེས་ཤིང་ཞེན་པའི་རང་གི་མངའ་སྡེ་དེ་ལ་རྒྱབ་ཁབ་ཅེས་པའི་མིང་ཞིག་སྔ་མོ་ནས་ཅི་ལ་མ་བཏགས་པར་འགྱོད་པ་རྟས་མི་ཟིན་པ་ཞིག་སྐྱེས། དོན་ལ་ཚེ་ལོ་ལྔ་བཅུ་བའི་དུས་སུ་རྨི་ལམ་ནར་ནར་རིང་མོ་ཞིག་མེད་པ་ཤེས་བཞིན་དུ་གནས་ལུགས་ལ་བརྩི་ཐང་མེད་པའི་ལྟ་བ་ཞིག་བཤད། ཕྱི་མ་ན་ངན་སོང་མེད་པའི་དགོད་གཏམ་ཞིག་བཤད།བླ་མ་སྙིང་རྗེ་ནས་ལྷུང་བའི་མཚན་ཉིད་ཅིག་བཤད།ཁོ་ཚོའི་མེ་འཇོག་ཐལ་ཕོད་དུ་གྱུར་བའི་ཡས་མས་ཀྱི་འབྲོག་པ་དེ་ཚོའང་རེ་རེ་བཞིན་ནེམ་ནུར་དུ་གྱུར་ནས་གང་ལའང་རེ་བ་མེད་པའི་བློ་སྟོངས་ཤིང༌།གང་ཞིག་ན་རང་དོན་ལས་ལྷག་པའི་གཏོར་བརླག་ཅིག་འཇོག་འདོད་པ་ཤ་རོན་ཟ་བ་ལས་ཀྱང་རྔམ།
                        ༼རྩེ་མོ་བརྒྱད་པ།༽
        འཇིག་རྟེན་ན་ཁེར་རྐྱང་བ་གང་མང་ཡོད།ཁོ་ཚོའི་སྣང་ཚུལ་ལ་ཞུགས་ནས་ས་ཡི་གོང་བུ་དང་ཁ་བྲལ་ནས་ཡུན་རིང་ཕྱིན་སོང༌།མི་ཡི་སྲང་བར་ན་རང་དང་མི་འཚམ་པའི་ཞེ་སྡང་གི་བྱ་ཁྲལ་ཞིག་དང༌།འདོད་སྲེད་ཀྱི་ལས་བགོས་ཤིག་ཡོད་པས་ཁོ་ཚོ་ཁེར་རྐྱང་དུ་འགྱུར་བ་རེད། ཁེར་རྐྱང་བ་རེ་རེའི་སེམས་ན་ས་གཞི་དང་ཁ་ཐག་གྱེས་པའི་དགུ་ཚིགས་ལ་བཏབ་པའི་ཁང་ཕྲུག་རེ་ཡོད་ཅིང༌།ཁང་ཕྲུག་དེའི་སྒོ་ར་ན་གསོ་བྱ་དང༌། བྲོ་ཞིང༌།ཉི་སྐྱིབས། ཆུང་མ་དང་བུ་ཕྲུག་སོགས་ཡོད་ལ། གྲོ་ཕྱེ་མ་འཐག་པའི་བུ་མོ་དེ་ནི་དྲི་མེད་ཀུན་བཟང་མ་རེད། ནམ་ཡང་འཛུམ་པ་མཛད་ཅིང་ཁེར་རྐྱང་བའི་ཡིད་གཞོང་ལ་མེ་ཏོག་གི་ཆར་བ་གཏོར་མཁན་གྱི་ཡི་གེའི་ཆུང་འདྲིས་རེད།

རྩོམ་ཁུངས། ༢༠༡༠ལོའི་གཞུང་ལམ་འདོན་ཐེངས་དང་པོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཁོར་བ་རྩེ་བརྒྱད་ཀྱི་ཚན་པ །

2010-08-21 རྨ་ཆུའི་བསམ་གཏན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།