བདག་གི་སེམས་པ་དང་སྒྲོལ་མ། ད་དུང་མཚོ་སྔོན་པོ།

ཇོ་སྲས་ཚེ་རིང་བསམ་གྲུབ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-08-18

                                                                    ༼ ཀ༽
       ང་རང་མཚོ་འགྲམ་དེར་འགྲེངས་ནས་ཁ་རོག་གེར། ཁུ་སིམ་མེར། མིག་ཟུང་ཡུན་གྱིས་བཙུམས་ཏེ་འདས་ཟིན་པའི་ལོ་ཟླ་སྐྱུར་མོ་ཞིག་གི་བྲང་གཞུང་ལ་སེམས་པ་གླན་དུས།དྲག་ཏུ་འཕྱོ་བའི་རྦ་རླབས་རེ་རེ་ད་གཟོད་ངའི་སེམས་ངལ་དང་སྡུག་ཡུས་ལ་འཁང་ར་བྱེད་མཁན་གྱི་བདག་མོ་ཁོ་ན། ད་ལྟ།  ངས་གཡོ་ཅན་ཞིག་གི་བྲོ་གར་དང་བརྩེ་བ་དངོས་མ་ཞིག་གི་གཏམ་རྒྱུད་དྲན་ཞོར། བདེན་དོན་དང་གནས་ལུགས་མོད་པའི་ཁྲི་སྟེགས་སུ་མེ་དཔུང་བཞིན་འཕྱུར་ནས། ཡོད་ཚད་ལ་སྐྲན་ནད་བཞིན་གཤགས་བཅོས་ཐེངས་ཤིག་བྱེད་བསམ་དུས། དུང་བ་དེ་སེར་ཆེན་རི་བོས་འདེགས་མ་ནུས་ལ།ལྡོག་བཞུར་གཙང་བོའི་རླབས་ཀྱིས་ཀྱང་འཁྱེར་མ་ནུས།
                                                                    ༼ ཁ ༽
     ཐོབ་ཤོར་དང་སུན་སྣང་གིས་བཞེངས་པའི་མི་ལོ་ཉི་ཤུའི་འཚོ་སྟངས་དེ་བསམ་ན། ཁྲི་ཤོར་རྒྱལ་མོའི་རླབས་ངོགས་སུ་རྩེན་པའི་བདག་གི་འཆར་ཡན་གྱི་རྨི་ལམ་ཟླུམ་པོདང༌།ཆག་གྲུམ་ཤོར་བའི་ངའི་དྭངས་གཙང་གི་སེམས་པའི་མིག་ཆུ་ཁྱོར་གང༌། ཅི་ཞིག་སླད་དུ་རྨ་བྲུ་གཙང་བོའི་བཞུར་རྒྱུན་དང་བསྡོངས་ནས་ཞི་བདེ་རྒྱ་མཚོའི་མངའ་ཁོངས་སུ་བཞུར་མ་ཕོད། ངས་སྨྲ་བརྗོད་བྲལ་བའི་སེམས་འགྱུ་དེ་རུམ་ནས་ལྡོག་མེད་ཀྱི་ལས་དབང་ལ་མྱ་ངན་གྱི་ཞུ་ཚིག་འབུལ་བསམ་དུས། ཨ་ཐང་ཆད་པའི་བདག་སྒྲོལ་མའི་མིག་ཟུང་སྐྲ་ལོས་ངའི་འཕུར་སྟངས་དེར་འཇབ་རྒོལ་ཐེབས་ཤིང༌། བདམས་གསེས་དེར་ན་ཟུག་བྱིན་པས།  ངས་ཅིས་ཀྱང་ཡོད་ཚད་ལ་བཞི་ཤད་འགོད་མ་ནུས།
                                                                 ༼ ག ༽ 
       དེ་རིང༌། ང་དང་ངའི་སྒྲོལ་མ། གླེང་མི་ཚར་བའི་སེམས་གཏམ་དང་དམ་བཅའ་མོད་པའི་མཚོ་འགྲམ་དེར། རྒྱང་ཐག་རིང་བའི་མཚོ་ངོགས་ན་ཡོམ་ཡོམ་དུ་བསྐྱོད་པའི་གཡོར་གྲུ་དང༌། ས་སྲོད་ཀྱི་ཐུ་འོག་ན་གྱེས་བྲལ་གྱི་གཤོག་འགྱུར་ལ་འཁྲེང་བའི་བྱ་ཁྱུའི་འཕུར་སྟངས་ལ་ལྟ་བཞིན། ཆེས་ཐོག་མའི་ལྷན་འཛོམས་ཀྱི་སྤྲོ་སྣང་དང༌། ཆེས་མཐའ་མའི་སྐྱོ་གདུང་དེའི་ན་ཟུག་གླེང་དུས། ངས་འབྲི་བཞིན་པའི་སྙན་ངག་མིག་ཆུ་ཡིན་ལ།མོས་དྲན་བཞིན་པའི་རྒྱལ་སྲས་སྨྱོན་པ་ཡིན།
                                                              ༼ ང ༽
       བོད་ཟླ་བཞི་བའི་ཚེས་བཅུ་གསུམ་ཉིན།ཁྲི་ཤོར་རྒྱལ་མོའི་འགྲམ་དུ།ངས་ད་དུང་ཆུ་མོ་བཞིན་བཞུར་བའི་སྙིང་གཏམ་ཞིག་གླེང་འདོད་མོད། འོན་ཀྱང་ཆིལ་ཆིལ་དུ་གཡོ་བའི་རྦ་རླབས་ཀྱིས་ང་ལ་དྲན་གདུང་ན་ཟུག་བསྐྱལ་འོང་བས།ང་དང་ངའི་སྒྲོལ་མ། འགག་མི་སྲིད་པའི་ཟུངས་ཁྲག་ཅིག་གི་སླད་དུ།  ཉི་ཟླ་རི་བོའི་གཏམ་རྒྱུད་ལ་འཁྲེང་ཞོར། རྒྱ་བཟའ་ཀོང་ཇོའི་དུང་སེམས་ལ་སྨོན་པ་ཤོར་ཏེ་དབང་མེད་ཀྱི་གོམས་ཁའི་འདེགས་འཇོག་སེར་ཆེན་རི་བོའི་ཕྱོགས་སུ་མི་བསྒྱུར་ཀ་མེད་བྱུང༌།   

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བདག་གི་སེམས་པ་དང་སྒྲོལ་མ། ད་དུང་མཚོ་སྔོན་པོ།

2010-08-18 ཇོ་སྲས་ཚེ་རིང་བསམ་གྲུབ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།