ཆས་བྱུང༌།

     ཆས་བྱུང༌།བདག་སེམས་བྲང་ཁོང་ནས་ལམ་ལ་ཆས་བྱུང༌།ཆགས་ས་ཞེན་ཡུལ་ཡོད་ཚད་བསྐྱུར་ནས་ཐག་རིང་གི་དམིགས་ས་དེར་ཆས་བྱུང༌།
     སྤྲིན་གྱི་དུམ་བུ་ཞིག་མཁའ་མཐའ་ནས་འཕགས་ཤིང་རྒྱ་མཚོའི་རྦ་རླབས་དགུང་ལ་འཕྱུར།ཕན་ཚུན་གཤོག་རྩེད་བྱེད་པའི་བྱ་རྒོད་ཟུང༌།ཕན་ཚུན་སྙེག་རེས་བྱེད་པའི་གསེར་མིག་ཆ།ཉ་ཕྱིས།མུ་ཏིགབྱུ་རུ།ཟེགས་མའི་མེ་ཏོག་གི་སྐྱེད་ཚལ་ཆེན་པོ།ཐག་རིང་ནས་མཐོང་བའི་གྲུ་ཡི་བ་དན།
    སྐྱ་རེངས་ཀྱི་བུ་མོས་བདག་ལ་རྒྱང་འབོད་བྱེད།ཉི་གཞོན་གྱི་དཔལ་གྱིས་བདག་ལ་ལག་གཡུག་བྱེད།ངའི་དམིགས་ཡུལ་ནི་ཐག་རིང་གི་གླིང་ཕྲན་ལྗང་ཁུ་དེ།རང་བྱུང་ཁམས་ཀྱི་ཁེ་དབང་གིས་ང་བོས་བྱུང༌།ང་རང་མི་སྡོད་མྱུར་དུ་བསྐྱོད་རྒྱུ།མིའི་རིགས་ཀྱི་འདྲ་མཉམ་ཆེན་པོས་ང་རང་འཐེན་བྱུང༌།ང་རང་མི་སྡོད་མྱུར་དུ་བསྐྱོད་རྒྱུ།ཞོགས་པའི་ཡུལ་ལྗོངས་མཛེས།ཞོགས་པའི་མཁའ་དབུགས་དྭངས།ཞོགས་པའི་དུས་ཚོད་བཟང༌།ཀྭ་ཡེ་གྲོགས་པོ།ཀྭ་ཡེ་ནེའུ་ལྡངས།ང་ཚོ་དཔུང་བ་མཉམ་གཤིབ་ཀྱིས་བསྐྱོད་ན་ཇི་འདྲའི་སྐྱིད།གྲུབ་འབྲས།འོད་གསལ།བདེ་སྐྱིད་ཀྱིས་ང་ཚོར་བསྒུག་ཡོད།སང་ཉིན་གྱི་འཇིག་རྟེན་ང་ཚོའི་ཡིན།ཞོགས་པའི་དུས་ལ་བརྟེན་ཏེ་ང་ཚོ་མཉམ་དུ་བསྐྱོད་ན་ཇི་འདྲའི་སྐྱིད།
                                     ༡༩༨༦.༡.༡༥

རྩོམ་ཁུངས། ལྗང་བུའི་ལྷུག་རྩོམ་དེབ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆས་བྱུང༌།

2010-08-07 ལྗང་བུ། ཀློག་གྲངས། མཆན ཡོད།

     ཆས་བྱུང༌།བདག་སེམས་བྲང་ཁོང་ནས་ལམ་ལ་ཆས་བྱུང༌།ཆགས་ས་ཞེན་ཡུལ་ཡོད་ཚད་བསྐྱུར་ནས་ཐག་རིང་གི་དམིགས་ས་དེར་ཆས་བྱུང༌།
     སྤྲིན་གྱི་དུམ་བུ་ཞིག་མཁའ་མཐའ་ནས་འཕགས་ཤིང་རྒྱ་མཚོའི་རྦ་རླབས་དགུང་ལ་འཕྱུར།ཕན་ཚུན་གཤོག་རྩེད་བྱེད་པའི་བྱ་རྒོད་ཟུང༌།ཕན་ཚུན་སྙེག་རེས་བྱེད་པའི་གསེར་མིག་ཆ།ཉ་ཕྱིས།མུ་ཏིགབྱུ་རུ།ཟེགས་མའི་མེ་ཏོག་གི་སྐྱེད་ཚལ་ཆེན་པོ།ཐག་རིང་ནས་མཐོང་བའི་གྲུ་ཡི་བ་དན།
    སྐྱ་རེངས་ཀྱི་བུ་མོས་བདག་ལ་རྒྱང་འབོད་བྱེད།ཉི་གཞོན་གྱི་དཔལ་གྱིས་བདག་ལ་ལག་གཡུག་བྱེད།ངའི་དམིགས་ཡུལ་ནི་ཐག་རིང་གི་གླིང་ཕྲན་ལྗང་ཁུ་དེ།རང་བྱུང་ཁམས་ཀྱི་ཁེ་དབང་གིས་ང་བོས་བྱུང༌།ང་རང་མི་སྡོད་མྱུར་དུ་བསྐྱོད་རྒྱུ།མིའི་རིགས་ཀྱི་འདྲ་མཉམ་ཆེན་པོས་ང་རང་འཐེན་བྱུང༌།ང་རང་མི་སྡོད་མྱུར་དུ་བསྐྱོད་རྒྱུ།ཞོགས་པའི་ཡུལ་ལྗོངས་མཛེས།ཞོགས་པའི་མཁའ་དབུགས་དྭངས།ཞོགས་པའི་དུས་ཚོད་བཟང༌།ཀྭ་ཡེ་གྲོགས་པོ།ཀྭ་ཡེ་ནེའུ་ལྡངས།ང་ཚོ་དཔུང་བ་མཉམ་གཤིབ་ཀྱིས་བསྐྱོད་ན་ཇི་འདྲའི་སྐྱིད།གྲུབ་འབྲས།འོད་གསལ།བདེ་སྐྱིད་ཀྱིས་ང་ཚོར་བསྒུག་ཡོད།སང་ཉིན་གྱི་འཇིག་རྟེན་ང་ཚོའི་ཡིན།ཞོགས་པའི་དུས་ལ་བརྟེན་ཏེ་ང་ཚོ་མཉམ་དུ་བསྐྱོད་ན་ཇི་འདྲའི་སྐྱིད།
                                     ༡༩༨༦.༡.༡༥

རྩོམ་ཁུངས། ལྗང་བུའི་ལྷུག་རྩོམ་དེབ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།