མི་ཚེ་ལ་བསམ་བློ་གཏོང་བ།

མི་ཚང་མས་རང་གི་མི་ཚེ་ལ་བསམ་བློ་བཏང་ཡོད་ངེས་ལ།དེ་ནི་དགོས་ངེས་ཤིག་ཀྱང་རེད།ཡིན་ན་ཡང་མི་སོ་སོའི་རང་གི་མི་ཚེ་ལ་བསམ་གཞིགས་གནད་ཐོན་བྱས་ཡོད་མེད་ལ་ཁྱད་པར་ཆེན་པོ་ཡོད་དེ།མང་མང་གིས་ནི་གནས་སྐབས་ཙམ་ལ་དམིགས་པའི་བསམ་གཞིགས་དང་།ཡང་གཞན་དག་ཅིག་གིས་སྤྱི་འགྲོས་ཤིག་ནང་ལྟར་བསམ་གཞིགས་བྱེད་པ་རེད།དེ་དག་ཚང་མ་མཐར་ཐུག་དཀྱུས་མའི་མི་ཚེ་ཞིག་ལ་འགྱུར་བའི་ཤས་ཆེ།

ང་ཚོའི་ནམ་རྒྱུན་རང་གི་མི་ཚེ་ལ་དམིགས་ཡུལ་ཞིག་བཞགདེ་ནས་ཡང་དེ་མངོན་དུ་འགྱུར་བའི་ཐད་ལ་འབད་པ་ཞིག་བྱས།ཡིན་ན་ཡང་མང་མང་ཞིག་མངོན་འགྱུར་དཀའ་བའི་རྒྱུ་མཚན་གང་ལ་ཐུགམི་སོ་སོའི་དམིགས་སའི་ཡུལ་མི་འདྲ་བའི་དབང་གིས་མི་ཚེའི་འཚོལ་སྙེག་ཀྱང་ཁ་ཁར་སོང་བ་རེད།འདི་ལ་ཕྱོགས་ཆེན་པོ་གཉིས་སུ་བཀར་ཆོག་སྟེ།གཅིག་ནི་རང་གི་འཚོ་ཚིས་ཙམ་ལ་དམིགས་ནས་མི་ཚེ་དེ་འཚོ་བའི་རྒྱས་སྤྲོས་ཙམ་གཙོ་ཆེར་འཛིན་པ་དང་།གཞན་ཞིག་ནི་རང་གི་མི་ཚེའི་རིན་ཐང་འཚོལ་རྒྱུ་གཙོ་ཆེར་དམིགས་ཏེ་རང་ལས་གཞན་པའི་མི་གང་མང་ཞིག་ལ་ཕན་འདོགས་པའི་ཐད་ལ་སེམས་ཕྱོགས་པ་དང་།མི་ཡུལ་འདིར་རང་གི་བྱས་རྗེས་ཤིག་འཇོག་འདོད་པ་དེ་རེད།

དེས་ན་མི་ཕལ་མོ་ཆེར་དེང་ཐོག་ཆེན་པོ་ཞིག་བསྒྲུབ་འདོད་མཆིས་ཀྱང་།རིམ་གྱིས་བྱུང་བའི་གདོང་ཐུག་དང་།འཚོ་བའི་ཕྱོགས་ཀྱི་ལོངས་སྤྱོད་ཀྱིས་སེམས་བྲིད་པ་ལ་བརྟེན་མཐར་ཅི་ཡང་མི་འགྲུབ་པར་དཀྱུས་མའི་མི་ཚེ་ཞིག་ཁ་རོག་གེར་མི་ཡུལ་ནས་འབྲལ་དགོས་པར་ཟད།རེ་འགས་མཚན་དང་སྙན་གྲགས།ཐོབ་དང་དབང་ཆའི་ཆེད་དུ་ཧུར་ཐག་འབད་ཐག་བྱས་ཀྱང་།ཚེ་འདི་མ་གཏོགས་གཞན་དུ་ནི་སྣུམ་ཟད་ཀྱི་སྒྲོན་མེ་བཞིན་འགྱུར་རོ།།

རླབས་ཆེན་གྱི་སྐྱེ་བོ་དག་ལ་མཚན་དང་སྙན་གྲགས་རྒྱས་པ་སོགས་ནི་དམིགས་ཀྱིས་བཟུང་བ་མིན་པར།གཞན་ཕན་ལྷག་བསམ་གྱིས་བསྐུལ་ཏེ་དཀའ་སྤྱད་ལྷོད་མེད་ཀྱིས་འཇིག་རྟེན་བྱ་བཞག་གང་ཞིག་ལ་འབད་པ་དང་།ཀུན་སློང་ནི་རྣམ་པར་དག་པའོ།།དེ་བཞིན་དུ་ཁོང་རྣམ་གྱིས་མང་མང་ལས་ཆེས་སྡུག་བསྔལ་བའི་བརྩོན་པ་བྱས་ཡོད་པ་ནི་སྨོས་མ་དགོས་པའོ།།ལས་སླ་བོས་འགྲུབ་པར་འགྱུར་བ་ཞིག་ལ་དོན་གྱི་སྙིང་བོ་ཡང་དེ་ཙམ་ཞིག་དང་མི་ཚེའི་རིན་ཐང་ཡང་དེ་ཙམ་དུ་ཟད་དོ།།

གཞན་ཡང་དེང་གི་མི་ཚེའི་རིན་ཐང་ལྟ་ཚུལ་ཐད་ལ་ཤར་ནུབ་གཉིས་ཀྱི་བར་ན་ཁྱད་ཆེན་པོ་ཡོད་ལ།རྒྱ་བོད་གཉིས་ལའང་ཁྱད་ཆེ་བ་སྨོས་མེད་རེད།བོད་ཀྱི་མིས་མི་ཚེའི་རིན་ཐང་འཚོལ་བ་ནི་ཕྱོགས་ཆེན་པོ་གཉིས་སུ་འདུས་ཏེ།གཅིག་ནི་ནང་བའི་ཆོས་ལ་སྦྱངས་ནས་ཚེ་འདི་དང་གཞན་པ་དག་ཏུ་ཆོས་ཀྱི་གོ་འཕང་ཞིག་འཐོབ་རྒྱུའམ་སྐྱེ་བ་གཞུག་མ་དག་ལའང་མི་ལུས་ཐོབ་ནས་བདེ་བར་རོལ་བ་དང་།ཡང་ན་སྐྱེ་བ་ཕྱི་མ་ལ་ངན་སོང་དུ་མི་སྐྱེ་བ་དང་བདེ་འགྲོ་འཐོབ་རྒྱུ་དེ་རེད།གཅིག་ནི་འཚོ་བའི་ཐོག་གི་དབང་གྲགས་ཁེ་གསུམ་གཙིགས་སུ་བཟུང་ནས་གཙོ་བོ་མི་ཚེ་འདི་ལ་འཚོ་བ་སྐྱིད་པོ་ཞིག་རོལ་བ་དེ་རེད།

དེང་སང་ཆོས་ཞེས་ཁ་ནས་འཆད་པ་ཙམ་ལས་དོན་དུ་བོད་མི་མང་ཆེ་བ་རང་གི་འཚོ་ཚིས་ཙམ་ལ་སེམས་འཁོར་ཡོད།དེ་ལ་རྒྱུ་མཚན་མེད་པ་མིན་སྟེ།བོད་དམངས་ནས་ཆོས་ཕྱོགས་ཀྱི་མི་ཚེའི་རིན་ཐང་ལྟ་བ་ཞིག་གཉེར་བའི་ཚ་རླབས་འཕྱུར་བའི་སྒང་ལ་འཇིག་རྟེན་འཁོར་བའི་བྱ་བཞག་ལ་འཐུས་ཤོར་བྱུང་སྟེ།རིམ་གྱིས་དབུལ་ཕོངས་དང་རྗེས་ལུས་ཆགས་ཡོད་པ་རེད།དེ་ཡང་བཙན་པོའི་སྐབས་སྟོབས་འབྱོར་རྒྱས་པ་གཞི་བྱས་ནང་བསམ་བློའི་ཐོག་གི་འཚོལ་སྙེག་ཅིག་དར་ཁྱབ་བྱུང་བ་དང་།དེ་ནས་དབུལ་ཕོངས་རྗེས་ལུས་ཆགས་རྗེས་ད་ལྟ་ཡང་བསྐྱར་འཚོ་བ་དངོས་ལ་འབད་མཁན་མང་དུ་སོང་།ཡང་གཅིག་གི་བཤད་ན་དེ་ནི་ཕྱིའི་རིག་གནས་ཀྱི་གདོང་ཐུག་དང་དེང་གི་སྤྱི་ཚོགས་དར་བའི་རྐྱེན་ལའང་ཐུག་པས།ད་སྐབས་མང་མང་གིས་ཆོས་ཞེས་པ་ཁ་རུ་འཁྱེར་བ་ཙམ་ལས་དོན་དུ་བསྒྲུབ་པ་ཉུང་ཉུང་རེད།ཡིན་ན་ཡང་ཆོས་ཀྱི་འདུ་ཤེས་དང་བག་ཆགས་ཟབ་རྐྱེན་ད་དུང་རང་སེམས་གསོ་བ་ལྟ་བུའི་ཆོས་ཀྱི་ཆོ་གའི་རིགས་ཁྱིམ་པ་དག་ནས་ཀྱང་ལོ་རེ་བཞིན་སྒྲུབ་བཞིན་པ་རེད།དགོན་སྡེའི་ནང་ལ་མཚོན་ན་ཡང་སྔོན་ཆད་ལྟ་བུའི་ཆོས་ཀྱི་ཆེད་དུ་ཚེ་གཅིག་ལུས་གཅིག་འབུལ་མཁན་ཇེ་ཉུང་ཡིན་པ་དང་།མི་ཚེ་ཐོས་པས་བསྐྱལ་ཏེ་གསུང་འབུམ་པོད་མང་རྩོམ་མཁན་ཡང་ཇེ་ཉུང་ཡིན་པ་དངོས་སྣང་རེད།དེ་ནི་རིན་ཐང་ལྟ་ཚུལ་ཐོག་གི་འགྱུར་བ་རེད།འགྱུར་བ་དེ་དངོས་ཡོད་འཚོ་བས་ཐག་བཅད་པ་ཞིག་རེད།

འཚོ་བ་ཅུང་ཟད་ཡར་རྒྱས་ཡོང་བ་ན་མི་མང་པོ་ཞིག་གི་འཚོ་བའི་ཐོག་གི་རྒྱས་སྤྲོས་ཀྱི་ཧམ་སེམས་ཇེ་ཆེར་སོང་བ་དང་།རང་ཕན་གཞན་གནོད་ཀྱི་སྦྱོར་བ་དངོས་ཤུགས་ཅི་རིགས་ནས་བརྩམས་ཏེ་རང་བདེ་བ་དང་སྐྱིད་པ་ཁོ་ན་མི་ཚེའི་འཚོལ་སྙེག་ཆེ་ཤོས་སུ་གྱུར་སྟབས།ལེགས་ཕྱོགས་ཀྱི་རིན་ཐང་ལྟ་བ་དེ་དག་ཀུན་གྱིས་དོར་ཏེ་སྒེར་སེམས་སྣ་གཅིག་གི་རིག་གནས་ཤིག་གི་བག་ཆགས་ཇེ་མཐུག་ཏུ་སོང་སྟབས་བྱམས་དང་སྙིང་རྗེ།གཞན་ཕན་གྱི་བསམ་པ། ཤེས་རབ་ཀྱི་འཚོལ་དཔྱོད་སོགས་ཉམས་བཞིན་པ་ལྟར་སྣང་།

ཕྱི་དངོས་པོའི་ལོངས་སྤྱོད་སོགས་ཀྱི་ཤུགས་རྐྱེན་ཕུད།ནང་བསམ་པའི་ཐོག་གི་བློ་སྦྱོང་ནི་གལ་ཆེན་པོ་ཡིན་པ་སྨོས་ཅི་དགོས།རིག་གནས་ཤེས་བྱའི་ཕྱོགས་ལ་རྨོངས་འཐོམས་སུ་གྱུར་བ་ཚོར་མཚོན་ན་དགེ་མཚན་ལྡན་པའི་རིན་ཐང་ལྟ་བ་ཞིག་ཆགས་རྒྱུ་ཁག་པོ་རེད་ལ།ལས་ཆེན་པོ་ཞིག་འགྲུབ་པའི་ཆ་རྐྱེན་ཡང་ཚང་དཀའ་བར་འདོད།གཞན་གྱི་ཤན་སོགས་ལ་བརྟེན་ནས་རེ་ཞིག་ལ་དོན་ཆེན་པོ་རེ་བསྒྲུབས་ཀྱང་མཐའ་འཁྱོངས་བ་དཀའ་འོ།།དེས་ན་རླབས་ཆེན་གྱི་སྐྱེས་བུ་ནི་སྔར་བཞིན་རིག་གནས་ཡོན་ཏན་ལ་སྦྱངས་པ་དག་གི་ཁྲོད་ནས་འབྱུང་བ་ཤས་ཆེ་ཞིང་།མི་ཚེ་ལ་ཚད་མཐོན་པོའི་རིན་ཐང་ལྟ་བ་འཆང་མཁན་དང་རིག་པའི་གནས་ལ་སྦྱངས་བ་ཧུར་བྱེད་པ།བསམ་བློའི་ངོས་འཛིན་དང་བློ་སྦྱོང་ཚད་མཐོན་པོར་ཕྱིན་པ།གང་བསྒྲུབ་བྱའི་ལས་ལ་བྱང་ཆ་ཡོད་པའི་མི་དག་རྨང་གཞིར་གྱུར་ཡོད་དོ།།

ང་ཚོ་ལ་སྐྱེས་བུ་དམ་པའམ་ཤེས་ཡོན་ཅན་མང་པོ་ཞིག་འབྱུང་མི་ཐུབ་པའི་རྐྱེན་མཐར་ཐུག་པའང་སོ་སོའི་འཚོ་བ་དང་ཁོར་ཡུག་གི་ཁྲོད་ནས་རང་ཚུགས་བརྟན་པོ་ཞིག་འཆང་མ་ཐུབ་པར་མང་མང་གི་རྗེས་སུ་འབྲངས་པ་དང་།རིག་གནས་ཤེས་བྱར་སྦྱངས་བ་མཐར་ཕྱིན་བྱས་ནས་དེའི་ཁྲོད་ནས་རང་ལ་ཕྱིར་མི་ལྡོག་པའི་དམ་བཅའ་བརྟན་པོ་ཞིག་འཛུགས་མ་ཐུབ་པ།མི་ཚེའི་རིན་ཐང་ལ་ངོས་ཟིན་གང་ལེགས་བྱུང་སྟེ་དེ་འཚོལ་སྙེག་བྱེད་པའི་བློ་སྤོབས་ཆེན་པོ་བརྟས་མ་ཐུབ་པའོ།།

རེད་དེ།རླབས་ཆེན་གྱི་སྐྱེ་བོ་ནི་མི་ལུས་རིན་པོ་ཆེ་བཞིན་ཤིན་ཏུ་དཀའ་བར་ཡོད་པ་དང་།དེ་ཡང་རྨང་གཞི་རྡོག་གཅིག་མེད་པར་ཤར་གྱིས་ཐོན་པ་ག་ལ་འོང་།ཐོག་མར་མི་མང་པོ་ཞིག་གོ་རྟོགས་སད།བློ་གྲོས་རྒྱས།དེ་ནས་དེའི་ཁྲོད་ནས་ཀྱང་འབུར་དུ་ཐོན།དེ་ནས་དེའི་ཁྲོད་ནས་ཀྱང་ཕུལ་དུ་བྱུང་བ་ལྟ་བུའི་གོ་རིམ་ཞིག་དགོས་པས།ཐོག་མར་དེ་ལྟ་བུའི་རླུང་ཁམས་ཤིག་འཛུགས་གཉེར་བྱེད་རྒྱུ་གལ་ཆེན་པོ་རེད།དེང་གི་ཆར་མི་ཆོས་རིག་གནས་ཀྱི་ཕྱོགས་ལ་བློ་ལྡན་གང་མང་ཞིག་ཕྱོགས་བཞིན་པ་དང་།འབད་བཞིན་པ།མི་ཚེའི་ལྟ་ཚུལ་དང་རིན་ཐང་ལྟ་བ་གཙོ་བྱས་མིའི་བསམ་བློའི་ཐོག་གི་ངོས་ཟིན་གང་མང་ཞིག་ལ་བསྐྱར་དུ་འཛུགས་བཞིན་པའི་སྒང་ལ།ཤེས་ལྡན་སྐྱེ་བོ་ཀུན་ཧུར་བརྩོན་གྱིས་འཇུག་པ་དང་།མཉམ་དུ་བརྩོན་པ།རང་སོ་སོའི་བློ་གྲོས་དང་རྣམ་དཔྱོད་ཆུད་མི་ཟ་བ་དང་།དམིགས་སྔའི་དགོས་མཁོ་གཅིག་པུ་གཙོ་བོར་མི་འཛིན་པ་དང་།ཁེ་འདོད་གྲགས་འདོད་སྙན་འདོད་ཀྱི་བསམ་པ་སྔོན་དུ་མི་འགྲོ་བ།སེམས་བསམ་པས་རང་ལ་བློ་སྦྱོང་དང་གཞན་ལ་གོ་བསྐོན་ཕན་འདོགས་ཀྱི་འདུ་ཤེས་འཛིན་པ་དང་།ཅི་ཐུབ་ཀྱིས་བསམ་བློ་དང་སྐད་ཆ།ཀུན་སྤྱོད་བཅས་ལ་བསྲེགས་བཅད་བརྡར་གསུམ་བྱས་ནས།མཐར་ཐུག་ཀུན་གྱི་དོན་བྱ་ལེགས་པར་འཁྱོངས་བར་རང་སོ་སོའི་ནུས་ཤུགས་འབུལ་དགོས་སོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་ཚེ་ལ་བསམ་བློ་གཏོང་བ།

2010-07-06 འབྲོག་མི། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།