དྲ་རྒྱའི་ཐོག་ནས་བོད་ཀྱི་སྐད་ཡིག་ལ་རགས་ཙམ་ལྟ་བ།

    བོད་ཀྱི་དྲ་ཐོག་རིག་གནས་དར་ནས་ཡུན་རིང་མ་འགོར་བའི་མཚམས་ནས་བོད་ཡིག་ཟིན་བྲིས་དང་པོད་ཁུག་གཙོས་གང་མང་ཞིག་སྐྱེས་བུ་ཆུང་ངུའི་ཚོད་རྩིས་ལས་བརྒལ་ནས་ཐོན།རེབ་འདིར་དམིགས་བཀར་བྱས་ནས་སྨྲ་བའི་འདབ་ལྕེ་གཡོ་བ་ནི་པོད་ཁུག་དང་ཟིན་བྲིས་གཉིས་ཀྱི་སྐད་ཡིག་ཀྱི་ཟུར་ངོས་དག་ཡིན།དེང་སྐབས་པོད་ཁུག་དང་ཟིན་བྲིས་མཁན་པོ་ནི་མདོ་སྨད་དང་དབུས་ཕྱོགས་ཀྱི་ཁུལ་ནས་ལྟོས་བཅས་ཀྱིས་ཤས་ཆེ།འོན་ཏང་དེ་དག་གི་བསམ་བློ་དང་ཐ་ན་བརྡ་སྤྲོད་དང་སྐད་ཡིག་གི་ཐད་ནས་ཀྱང་ནར་སོན་མེད་པའི་བྱིས་པ་ཞིག་གི་ཡོན་ཚད་ལས་འགོངས་མི་འདུགཨ་མདོའི་ཁ་སྐད་དང་དབུས་སྐད་དག་ཡིག་སྐད་ནང་བཙན་ཚུགས་ཀྱིས་འཛངས་པ་ནི་བོད་ཀྱི་སྐད་ཡིག་ལ་ཤེས་བཞིན་དུ་སྣང་ཡན་ངང་གཏོར་བརླགས་བྱས་པ་མིན་ན།གཞན་འཐད་ལྡན་གྱི་སྒྲུབ་བྱེད་་བཀོད་རྒྱུ་མེད། 

   སྔོན་ཆད་རྩོམ་པ་པོ་བཀྲ་ཤིས་དཔལ་ལྡན་གྱི་བརྩམས་སྒྲུང་ཞིག་སྦྲང་ཆར་ཐོག་བཀོད་པས་་ཨ་མདོ་བ་ཚོས་མི་གོ་ཞིང་སྡུག་སྨྲེ་འདོན་པ་དང་དེང་སྐབས་ནག་ཚང་ཞི་ལུའི་སྐྱིད་སྡུག་ཅེས་པའི་དཔེ་ཆ་ལྷ་སར་བཀྲམ་པས་དབུས་པ་ཚོས་མི་གོ་བས་སྡུག་སྐད་ངག་འདར་འདར་བཏོན་པ་སོགས་ཀྱིས་མཚོན།ལུང་ཚན་གྱི་ཁ་སྐད་གོག་རོ་དག་སྒྱུ་རྩལ་རྩོམ་རིག་ནང་བཙན་པོས་འཛངས་པ་ནི་རྩོམ་མཁན་དག་གི་ནོར་འཁྲུལ་ས་ཆེན་དུ་མི་ཤོང་བ་ཞིག་རེད།  

   རྡོ་བྲག་དགེ་འདུན་ཆོས་འཕེལ་གྱིས་ཚུལ་འདིར་མཚང་བྱིན་བྱས་པ་འདིར་བསྐྱར་དུ་མི་གླེང༌།དེང་སྐབས་དྲ་ཐོག་ཏུ་དབུས་པ་ཅོལ་ཆུང་འགས་ཨམ་སྐད་ཡིག་ངོར་བྲིས་པ་དང་ཨ་མདོ་བ་གླང་གཉའ་ཅན་སྐོར་ཞིག་གིས་མི་ཤེས་བཞིན་དུ་དབུས་པའི་ཁ་སྐད་ཡམ་མེ་བ་རེ་འབྲི་བ་“ཁ་སྐད་བརྡ་སྤྲོད་དང་མི་མཐུན་པ་དག་ལ་བཤད།” ཀུན་ལ་ནམ་རྒྱུན་ཁོ་བོས་ཁོང་དགོད་རེ་བྱེད་བཞིན་ཡོད།ལར་འཇིག་རྟེན་གྱི་བྱ་བ་ཆེ་ཕྲ་ཀུན་དུས་འགྱུར་གྱི་འགྲོས་ལྷན་དུ་འཕོ་འགྱུར་འགྲོ་བ་ནི་ཆོས་ཉིད་ཅིག་ཡིན་མོད་ཀྱང༌།ཧ་ཅང་གི་གསར་གཏོད་ཅིག་ལ་རློམ་ནས་ཡོད་ཚད་ལ་གཏོར་བཤིགས་བྱེད་པ་ནི་བླུན་པོ་སྣ་ཐུང་བའི་གཤིས་ལུགས་སུ་འཁུམས།ལུང་ཚན་གྱི་ཁ་སྐད་ཕལ་ཞིག་ཚིག་མཛོད་ནང་རྙེད་མི་ཐུབ་པས་“འདིར་དེང་བསྒྲིགས་པའི་ལུང་ཚན་གྱི་ཁ་སྐད་སློབ་དེབ་དག་མི་ཚུད་”ཨུ་ཚུགས་ཅན་མང་པོས་རང་སྣང་གང་དྲན་གྱིས་ཐ་སྙད་རེ་བཀོལ་བ་དང༌།དེས་ན་ཚོད་དང་བསམ་བློ་མི་ལོན་པའི་བོད་གཞོན་དུ་མ་ཞིག་འགོལ་སར་འཁྲིད་བཞིན་འདུགསྙན་ངག་པའི་ལམ་འདེམས་ཟིན་པའི་གྲོགས་པོ་དག་ལ་ཞུ་རྒྱུ་ཞིག་ལ་“དེང་དྲ་ཐོག་ལ་བོད་ཀྱི་སྙན་ངག་ལ་རྩེད་ཆས་བྱེད་མཁན་དག་ལ་ཟེར་གྱི་མེད།”སྙན་ངག་ནི་ཐ་སྙད་སྒྱུ་རྩལ་གྱི་ཚད་མཐོ་ཤོས་ལ་ཐོན་ཟིན་རུང་“འུ་ཚོའི་སྙན་ངག་པའི་་མིང་གིས་སྣང་བ་བྱ་སྤུ་བཞིན་མཐོ་སར་འཁུར་འགྲོ་བའི་སྐྱེས་བུ་མང་དག་ཅིག་ལ་རྩོམ་འབྲིའི་རྨང་གཞི་སུམ་རྟགས་དག་གསུམ་གྱི་ཕྱོགས་ནས་ཀྱང་རྐང་པ་རྡོ་ལ་ཐོགས་བཞིན་འདུག”ཤེས་རབ་ཀྱི་བློ་སྦྱོང་དང་བྲལ་བས་རང་སྣང་གང་དྲན་གྱིས་ཐ་སྙད་གསར་པ་སྡེབ་སྦྱོར་མ་བྱས་ན་མཛེས།

                                                      མུ་འགོད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དྲ་རྒྱའི་ཐོག་ནས་བོད་ཀྱི་སྐད་ཡིག་ལ་རགས་ཙམ་ལྟ་བ།

2010-07-06 ཁ་བ་དཀར་པོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།