མེ་ལྕེ་འདི།

                                                                                                                  <<དུས་གསུམ་གྱི་མེ་ལྕེ>>ཚགས་པར་ལ།
                                                     ༡
    མེ་ལྕེ་འདི།གཉིད་དུ་ཡུར་བའི་ཕ་བོང་ལ་ཆུ་ལྡུག་པ་ལྟ་བུའི་གོ་མེད་ཚོར་མེད་ངང་རྒས་འགྲོ་བའི་སྒམ་པོ་དག་མིན་ལ།རླུང་གིས་བསྐྱོད་པའི་དུ་བ་ལ་སྲོག་ཤིང་བཙུགས་པ་ལྟ་བུའི་ཁ་གཅིག་ལྕེ་གཉིས་ཅན་དེ་དག་ཀྱང་མིན།ད་དུང་འདུ་འཛིས་བྲན་དུ་བཀོལ་ཞིང་འདུ་ཤེས་ལ་ནག་དྲེག་ཆགས་པའི་ཚོ་ཁག་ཡང་མིན་པས།མེ་ལྕེ་འདི་དམའ་ས་ནས་མཐོ་སར་འབར་བའི་རང་ཚུགས་ཀྱི་མེ་ལྕེ་ཞིག་ཡིན།
                                                  ༢
   མེ་ལྕེ་འདི་ང་ཁོ་ནའི་ཞབས་བྲོ་དང་གླུ་དབྱངས་ལེན་སའི་སྟེགས་བུ་མིན་ལ།ཁྱོད་ཁོ་ནའི་འོ་དོད་དང་སྨྲེ་སྔགས་འདོན་སའི་མཚན་མོ་ཡང་མིན་པས།མེ་ལྕེ་འདི་འུ་ཅག་ཐུན་མོང་ལ་དབང་བའི་འུ་ཚང་གི་མེ་ལྕེ་ཡིན།
                                                 ༣
   མེ་ལྕེ་འདི།གཞན་གྱི་མེ་ཆ་ལ་བརྟེན་ནས་རང་ལ་དྲོད་ཁོལ་སྦྱིན་མཁན་གྱི་ཚོན་པོ་དག་མིན་ལ། རང་གི་རྣ་བར་བརྟེན་ནས་རང་གི་མགོ་བོ་གཡོགས་མཁན་གྱི་རིགས་ཡང་མིན་པས།མེ་ལྕེ་འདི་འུ་ཚང་གཤགས་བཅོས་བྱེད་པའི་རལ་གྲི་རྣོན་པོ་ཞིག་གི་མེ་ལྕེ་ཡིན།
                                                 ༤
   མེ་ལྕེ་འདི།ཨག་གསར་གྱིས་བསླངས་བའི་ཤོག་བུའི་རྡོ་རིང་མིན་ལ།འོལ་ཚོད་ཀྱིས་བསྒྲིགས་པའི་བྱིས་པ་ཚོའི་རྩེད་ར་ཡང་མིན་པས།མེ་ལྕེ་འདི་ཁ་སང་གི་ཡིན།དེ་རིང་གི་ཡིན།སང་ཉིན་གྱི་ཡིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མེ་ལྕེ་འདི།

2010-07-01 དཔལ་འབར། ཀློག་གྲངས། མཆན ཡོད།

                                                                                                                  <<དུས་གསུམ་གྱི་མེ་ལྕེ>>ཚགས་པར་ལ།
                                                     ༡
    མེ་ལྕེ་འདི།གཉིད་དུ་ཡུར་བའི་ཕ་བོང་ལ་ཆུ་ལྡུག་པ་ལྟ་བུའི་གོ་མེད་ཚོར་མེད་ངང་རྒས་འགྲོ་བའི་སྒམ་པོ་དག་མིན་ལ།རླུང་གིས་བསྐྱོད་པའི་དུ་བ་ལ་སྲོག་ཤིང་བཙུགས་པ་ལྟ་བུའི་ཁ་གཅིག་ལྕེ་གཉིས་ཅན་དེ་དག་ཀྱང་མིན།ད་དུང་འདུ་འཛིས་བྲན་དུ་བཀོལ་ཞིང་འདུ་ཤེས་ལ་ནག་དྲེག་ཆགས་པའི་ཚོ་ཁག་ཡང་མིན་པས།མེ་ལྕེ་འདི་དམའ་ས་ནས་མཐོ་སར་འབར་བའི་རང་ཚུགས་ཀྱི་མེ་ལྕེ་ཞིག་ཡིན།
                                                  ༢
   མེ་ལྕེ་འདི་ང་ཁོ་ནའི་ཞབས་བྲོ་དང་གླུ་དབྱངས་ལེན་སའི་སྟེགས་བུ་མིན་ལ།ཁྱོད་ཁོ་ནའི་འོ་དོད་དང་སྨྲེ་སྔགས་འདོན་སའི་མཚན་མོ་ཡང་མིན་པས།མེ་ལྕེ་འདི་འུ་ཅག་ཐུན་མོང་ལ་དབང་བའི་འུ་ཚང་གི་མེ་ལྕེ་ཡིན།
                                                 ༣
   མེ་ལྕེ་འདི།གཞན་གྱི་མེ་ཆ་ལ་བརྟེན་ནས་རང་ལ་དྲོད་ཁོལ་སྦྱིན་མཁན་གྱི་ཚོན་པོ་དག་མིན་ལ། རང་གི་རྣ་བར་བརྟེན་ནས་རང་གི་མགོ་བོ་གཡོགས་མཁན་གྱི་རིགས་ཡང་མིན་པས།མེ་ལྕེ་འདི་འུ་ཚང་གཤགས་བཅོས་བྱེད་པའི་རལ་གྲི་རྣོན་པོ་ཞིག་གི་མེ་ལྕེ་ཡིན།
                                                 ༤
   མེ་ལྕེ་འདི།ཨག་གསར་གྱིས་བསླངས་བའི་ཤོག་བུའི་རྡོ་རིང་མིན་ལ།འོལ་ཚོད་ཀྱིས་བསྒྲིགས་པའི་བྱིས་པ་ཚོའི་རྩེད་ར་ཡང་མིན་པས།མེ་ལྕེ་འདི་ཁ་སང་གི་ཡིན།དེ་རིང་གི་ཡིན།སང་ཉིན་གྱི་ཡིན།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།