སུན་རྒྱུ་མེད་པའི་བོད་ཀྱི་རྩོམ་པ་པོ་རྣམ་པ།

     གངས་རི།རྫ་རི།ཕ་ཡུལ།བུད་མེད།བརྩེ་དུང༌།མཐར་དེད་ན་བོད་ཀྱི་རྩོམ་པ་པོ་རྣམས་ཀྱི་མ་བཅོས་སེམས་ཁུངས་ལས་བརྡོལ་བའི་དྲངས་བསིལ་གྱི་སྨྱུག་ཁ་ནི་འདི་དག་ལས་འདས་མེད་པས། དེ་དག་ལ་སྤྲིན་དཀར་དང་ཁ་ཆར། བུ་ཡུག་གི་ལྷག་རླུང་ཙམ་གྱིས་ཟུར་རྒྱན་ཚེ།  བོད་ཀྱི་རྩོམ་རིག་ཅིག་འགྲུབ་པ་མ་ཡིན་ནམ
   དངོས་ཡོད་ལ་དགག་སྒྲུབ་བྱེད་པའི་རྩོམ་སྟངས་དེའང་ཐོག་མར་སྐུ་ཞབས་གཅིག་གིས་ནང་འདྲེན་བྱས་ཤིང༌།དེ་ནས་བཟུངབོད་མི་གཅམ་བུདགེ་ཆོས་ཀྱི་ཚིགདག་གིས་ད་བར་བསྐྱར་བཟློས་བྱས་པ་གསང་ཐབས་ཅི་ལྟར་ཡོདདེ་འདྲ་ཞིག་མ་རེད་ཟེར་ན།འཛམ་གླིང་རྩོམ་སྤྱིའི་རྩོམ་རིག་སྐྱེད་ཚལ་ལས་བཏུས་པའི་འཇིག་རྟེན་ལྟ་སྟངས་དང༌། འདུ་ཤེས་འཛིན་སྟངས། རིན་ཐང་གི་ངོས་འཛིན་ལས་ལྡོག་ཅིང༌།  རང་གི་རང་ཚུགས་ཀྱིས་གསར་གཏོད་བྱས་པའི་འདུ་ཤེས་གསར་བ་དང༌།ལྟ་ཚུལ་གསར་བ།  བསམ་བློ་གསར་བ་ཞིག་སུ་ཞིག་གིས་བཏོན་མྱོང
   དེ་ན་རང་གི་ཕ་དང་མའི་སྐད་ཀྱི་དྲི་རོ་རེག་བྱ་ཡལ་ཞིང༌།ར་མིན་ལུག་མིན་གྱི་རྩོམ་རིག་གི་སྐད་ཆ་བཤད་སྟངས་དེ་ནི།ང་ཚོས་རང་དབང་གིས་རྙེད་པའི་ཐོབ་བྱ་ཞིག་ལ་འཇོག་དགོས་པ་ཨེ་རེད་ལགས
  དུས་རབས་སྔ་མའི་བོད་ཀྱི་རྩོམ་པ་པོ་རྣམས་ཀྱིས།ཕ་ཡུལ་བཅོས་བསྒྱུར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་ལྟ་ཚུལ་བཟུང༌།འོན་ཀྱང༌།ཁོ་བ་ཚོ་སྐུབ་སྟེགས་གཅིག་ནས་གཏན་དུ་མི་འགུལ་བས།འོ་ན་སྤྱི་ཚོགས་དེ་བཙོག་ནས་བཅོས་བསྒྱུར་བྱ་དགོས་ཡིན་ནམ་ཅི
  དུས་རབས་གསར་བའི་ནང་དུ།ང་ཚོར་གོ་རྒྱུ་མེད་པའི་སྙན་ངག་གི་གསར་བའི་རྩོམ་སྟངས་དར་ནས།ར་མིན་ལུག་མིན་གྱི་རྩོམ་ཉོག་ཁྲི་ཕྲག་མང་བོས་རྩོམ་རིག་གསར་བའི་གར་སྟེགས་ལྕིད་ཀྱིས་མནན་ཞིང་ཧྲིལ་གྱིས་ཁེངས་ཏེ།སྒྲོབ་ཉམས་ཤིག་སྟོན་པ་འདི་འུ་ཅག་གི་ང་རྒྱལ་ཞིག་ལ་བརྩི་དགོས་སམ
 ཞིབ་ཏུ་བལྟས་ན།ང་ཚོས་རྩོམ་རིག་གིས་འཛམ་གླིང་རྩོམ་རིག་གི་སྐྱུགས་ལྡད་དང་བསྐྱར་བཟློས་ཤིག་ངོམས་སོ་བྱེད་པ་ལས།རང་གི་རྟོག་པའི་འགྱུ་བ་ཕྲ་མོར་བརྟེན་ནས་རང་ཚུགས་ཤིག་རྙེད་མྱོང་མེད།ཞིབ་ཏུ་བརྟག་ན།ང་ཚོའི་རྩོམ་རིག་ནི་ཆབ་སྲིད་ཀྱི་བཀག་རྒྱ་ལས་ཐར་མྱོང་མེད་པའི་འདུ་ཤེས་རིགས་ཤིག་ལས།རང་གི་རང་རྐྱ་ལ་བརྟེན་ནས་རང་ཚུགས་ཤིག་སྟོན་མྱོང་མེད།འདི་ནས་ཡར་ལ་རྩིས་ན།མི་ལོ་སྟོང་ཕྲག་གཅིག་གི་ཡས་མས་སུ་ང་ཚོས་རང་གི་འདུ་ཤེས་དང་རིན་ཐང་གི་འཚོལ་སྙེག་རྩ་ནས་དོར་ཏེ། <<མེ་ལོང་མའི>>     རྗེས་སུ་ཞུགས་ཏེ།རྩོམ་སྟངས་དེ་འདྲ་ཞིག་ཨེ་འཁྱོངས་ཤི་འཐབ་རོ་འཐབ་བྱས་ལ།  ལོ་རབས་བརྒྱད་ཅུ་ནས་དབུ་བརྩམས་ཏེ།རྒྱལ་ནང་གཙོས་ནུབ་གླིང་གི་རྩོམ་སྟངས་སྐོར་ཞིག་ཨེ་ཐོན་ལུས་སེམས་ཟད་དུ་བཅུག་པས།འདི་ནི་ང་ཚོའི་རྩོམ་རིག་གི་ལོ་རྒྱུས་བསྡུས་གཟུགས་ཤིག་མ་རེད་དམ
ལོ་རབས་བརྒྱད་ཅུའི་དུས་མགོར་བོད་ཀྱི་རྩོམ་རིག་གསར་བའི་དབུ་བརྙེས་པ་ནས་ད་ལ་ཐུག་གི་བར་ཏུ། མཐར་དེད་ན་འདི་དག་ལས་ཅི་ཞིག་མཐོང་རྒྱུ་འོང་བྱུངསྤུན་ཟླ་ལགས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སུན་རྒྱུ་མེད་པའི་བོད་ཀྱི་རྩོམ་པ་པོ་རྣམ་པ།

2010-06-26 དུད་སྒྲེང༌། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།